ཟླ7པའི་ཚེས9ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་ནས་ཤེས་རྟོགས་བྱུང་བ་ལྟར་ན། 2026ལོར་མཚོ་སྔོན་ཞིང་ཆེན་གྱིས་བསྡོམས་པས་ཀྲུང་དབྱང་གི་གུན་གསབ་ལས་སྤྲོད་ཀྱི་ཆེད་སྤྱོད་མ་དངུལ་སྒོར་དུང་ཕྱུར་དྲུག་དང་བྱེ་བ་དགུ་ས་ཡ་གཅིག་ལག་བསྟར་བཀོལ་སྤྱོད་བྱས་ཤིང་། ལོ་སྔོན་མ་དང་བསྡུར་ན་སྒོར་བྱེ་བ་བརྒྱད་དང་ས་ཡ་དགུ་འབུམ་བརྒྱད་ཀྱིས་འཕར་སྣོན་བྱུང་ལ། ན་ནིང་གི་དུས་མཉམ་དང་བསྡུར་ན་བརྒྱ་ཆའི་བཅུ་བཞི་གྲངས་ཆུང་དགུ་གསུམ་འཕར་སྣོན་བྱུང་སྟེ། ཟིན་ཐོ་གསར་བ་བསྐྲུན། མིག་སྔར། དངུལ་འཇོག་འཆར་གཞི་དེ་ཞིང་ཆེན་ཡོངས་ཀྱི་རྫོང་ཉེར་བདུན་ལ་སླེབས་སུ་བཅུག་ཡོད་ཅིང་། ཞིང་སྡེ་ཞིང་ལས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྣམ་གྲངས151ལ་རྒྱབ་སྐྱོར་བྱས་ཡོད་ལ། སྔོན་དཔག་བྱས་ན་ལས་ཞུགས་ལས་གནས་ཁྲི་གཅིག་དང་སྟོང་བདུན་གསར་སྐྲུན་བྱེད་ངེས་པ་དང་། ལས་གཉེར་མང་ཚོགས་ལ་ངལ་ལས་གླ་ཕོགས་སྒོར་དུང་ཕྱུར་གཉིས་དང་བྱེ་བ་བརྒྱད་ལས་མི་དམའ་ཞིང་། ཕལ་ཆེར་ཞོར་ལས་མང་ཚོགས་ལ་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་གཅིག་དང་སྟོང་དྲུག་ལྔ་བརྒྱ་ཙམ་འཕར་སྣོན་འབྱུང་དུ་འཇུག་རྒྱུ་རེད། སྔོན་རྩིས་གསབ་སྦྱོང་མི་ཁྲི་གཅིག་ལས་བརྒལ་ཞིང་། སྤྱི་ཕན་རང་བཞིན་གྱི་ལས་གནས་བཀོད་སྒྲིག170ལ་བརྒལ་རྒྱུ་རེད།
ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་ཧུར་ཐག་གིས་སྲིད་ཇུས་ཀྱི་གཟིགས་སྐྱོང་དང་རྒྱབ་སྐྱོར་བརྩོན་ལེན་བྱས་ཏེ། གུན་གསལ་ལས་སྤྲོད་ཀྱི་ཆེད་སྤྱོད་རྣམ་གྲངས་ལ་རྒྱབ་སྐྱོར་བྱེད་པའི་གཙོ་གནད་དང་མ་དངུལ་གཏོང་སར་དམ་པོར་དམིགས་ནས། གཅིག་བསྡུས་ཀྱིས་ཡུག་ཁུལ་སྦྲེལ་ཞིང་། གཅིག་བསྡུས་ཀྱིས་ལག་བསྟར་བྱེད་པའི་བླང་བྱ་ལྟར། གྲོང་ཁྱེར་དང་ཁུལ་སོ་སོ་དང་མཉམ་དུ་ལེགས་སྒྲིག་བྱས་ནས་ཞིང་ཆེན་ཡོངས་ཀྱི་གུན་གསབ་ལས་སྤྲོད་རྣམ་གྲངས་ཀྱི་གསོག་འཇོག་ཁང་འགྲུབ་པར་བྱེད་ཅིང་། འགུལ་རྣམ་ལེགས་བཅོས་དང་། འཁོར་སྐྱོད་གསོག་འཇོག་ལག་བསྟར་བྱས། དུས་མཉམ་དུ་གུན་གསབ་ལས་སྤྲོད་གཙོ་གནད་རྫོང11(གཙོ་གནད་གསོག་འཇོག་རྫོང)ཞིབ་འཇུག་ཐག་གཅོད་བྱས་པ་དང་། ཞིང་ལས་ཞིང་སྡེ་དང་མཁར་གྲོང་མཉམ་འདྲེས་འཕེལ་རྒྱས་ལས་འབྲིང་བ་དང་ཆུང་བའི་རིགས་ཀྱི་རྨང་གཞིའི་སྒྲིག་བཀོད་དང་དམིགས་གཏད་བྱས་ཏེ། གནོད་འཚེའི་རྗེས་ཀྱི་སླར་གསོ་བྱེད་པའི་བསྐྱར་འཛུགས་ཀྱི་རྨང་གཞིའི་སྒྲིག་བཀོད་སོགས་ལ་དམིགས་གཏད་བྱས་ཏེ། གཙོ་གནད་འཛུགས་སྐྲུན་ཁྱབ་ཁོངས་སུ་གནད་འཁེལ་ཇུས་འགོད་བཀོད་སྒྲིག་བྱས།
ཞིང་ལས་ཞིང་སྡེ་དང་། ཆུ་བེད། སྡོད་ཁང་འཛུགས་སྐྲུན། ནགས་རྩྭ། འགྲིམ་འགྲུལ་སྐྱེལ་འདྲེན་ལས་ཁུངས་སོགས་ཀྱི་གུན་གསབ་ལས་སྤྲོད་ཀྱི་ཐིང་སོ་སོས་མཉམ་འབྲེལ་རྐྱེན་སྲོལ་འཐུས་ཚང་བཙུགས་ཏེ། ཁྱོན་ཡོངས་ནས་གཙོ་གནད་ཚོགས་སྤྱིའི་ཁྱབ་ཁོངས་དང་། འབྲེལ་ཡོད་རྨང་གཞིའི་སྒྲིག་བཀོད་དགོས་མཁོ། དེ་བཞིན་དངུལ་འཇོག་ཐབས་ལམ་གྲལ་བཤེར་བྱས་ཤིང་། དུས་མཉམ་དུ་ཨུ་ཡོན་ལྷན་ཁང་ནང་ཁུལ་གྱི་ལས་སྒོ་ཁང་སྦྲེལ་མཐུད་བྱས་ནས། གུན་གསབ་ལས་སྤྲོད་རྣམ་གྲངས་ཀྱི་སྒེར་ཚུགས་རང་བཞིན་དང་གནད་འཁེལ་རང་བཞིན་སྔར་བས་མངོན་གསལ་དུ་བཏང་། གཟབ་ནན་གྱིས་ཞིང་ཆེན་གྱིས་སྤྱི་འགན་འཁུར་བའི་བྱ་བའི་བླང་བྱ་དོན་འཁྱོལ་བྱས་ནས། གུན་གསབ་ལས་སྤྲོད་རྣམ་གྲངས་ཀྱི་ཞིབ་བཤེར་དཔྱད་འཇོག་རེའུ་མིག་ཞིབ་འཇུག་གཏན་འབེབས་བྱས་ཤིང་། ལས་སྒོ་ཁང་དང་ཕྱོགས་གསུམ་པའི་ལས་ཁུངས་ཀྱི་ཆེད་ལས་མི་སྣས་གྲུབ་པའི་ཞིང་ཆེན་རིམ་པའི་རྣམ་གྲངས་ཞིབ་བཤེར་ཚན་ཆུང་བཙུགས་ནས། རྣམ་གྲངས་ཀྱི་དུས་འགོའི་ཆ་ཚང་རང་བཞིན་དང་། འཛུགས་སྐྲུན་ནང་དོན་གྱི་སྲོལ་མཐུན་རང་བཞིན། འཛུགས་སྐྲུན་ཚད་གཞིའི་ཚད་ལྡན་རང་བཞིན། རྣམ་གྲངས་ཀྱི་བཟོ་སྐྲུན་མ་དངུལ་དང་ངལ་ལས་གླ་ཕོགས་ཀྱི་ལུགས་མཐུན་རང་བཞིན་སོགས་ཀྱི་ཕྱོགས་ནས་གཅིག་བསྡུས་ཞིབ་བཤེར་བྱས་ཏེ། རྣམ་གྲངས་བདེ་བླག་ངང་དོན་འཁྱོལ་ཡོང་བར་རྨང་གཞི་བརྟན་པོ་བཏིང་།
དོན་རྐྱེན་སྔོན་དུ་ལྟ་ཞིབ་ཚད་ལེན་བྱེད་པ་དང་། དོན་རྐྱེན་སྐབས་སུ་འགུལ་རྣམ་ལྟ་ཞིབ་ཚད་ལེན་བྱེད་པ། དོན་རྐྱེན་རྗེས་སུ་རྗེས་འདེད་ལྟ་ཞིབ་ཚད་ལེན་བྱེད་པའི་གོ་རིམ་ཡོངས་ཀྱི་དོ་དམ་རྐྱེན་སྲོལ་རྒྱུན་འཁྱོངས་བྱས་ནས། མི་སྒྲུབ་པ་བཞི་དང་ཐད་ཀར་གཉིས་དང་གནད་འཁེལ་ནུས་འདོན་མཉམ་འབྲེལ་བྱེད་པའི་རྣམ་པ་སྤྱད་དེ། 2026ལོར་ལས་འགོ་བརྩམས་ཟིན་པའི་གུན་གསབ་ལས་སྤྲོད་ཀྱི་སྡེ་མི་རང་གིས་འཛུགས་སྐྲུན་བྱེད་པའི་རྣམ་གྲངས་ལ་བརྒྱུད་རིམ་ཧྲིལ་པོར་ལྟ་ཞིབ་ཚད་ལེན་དང་དཔྱད་དཔོག་དང་དངོས་སྡོད་རྟོག་ཞིབ་བྱས། དུས་མཉམ་དུ། སྲིད་ཇུས་དྲིལ་སྒྲོག་དང་གསབ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་ནས། ལས་སྒོའི་རྐང་འཛིན་པ་རྩ་འཛུགས་བྱས་ཏེ་ཨར་ལས་ཀྱི་ཡུལ་དངོས་དང་པོར་ཟབ་ཞུགས་བྱེད་དུ་བཅུག་སྟེ། རྣམ་གྲངས་ཀྱི་ཇུས་འགོད་དང་། སྙན་ཞུའི་བརྒྱུད་རིམ། རང་སྐྲུན་ཚད་ལྡན། ལས་མི་རྩ་འཛུགས། གླ་ཕོགས་སྟེར་བ། མ་དངུལ་ལྟ་སྡོམ། བདེ་འཇགས་ཨར་ལས་སོགས་གནད་འགག་ཚན་པ་གཙོ་བོར་དམིགས་ནས་སྒྲོག་འགྲེལ་བྱས། དེ་ལས་གཞན། གུན་གསབ་ལས་སྤྲོད་རྣམ་གྲངས་ཀྱི་ངལ་ལས་གླ་ཕོགས་སྟེར་བ་དེ།《མཚོ་སྔོན་ཞིང་ཆེན་དམངས་ཕན་ཞིང་ཕན་ནོར་སྲིད་ཁ་གསབ་སྲིད་ཇུས་ཀྱི་རྣམ་གྲངས་གསལ་ཐོ》རུ་ཁྱོན་ཡོངས་སུ་བཅུག་ནས། རྗེས་མཐུད་ཀྱི་གཞི་གྲངས་ཁུངས་འདེད་དང་བྱས་འབྲས་ལྟ་སྡོམ་ལ་འདེགས་སྐྱོར་བརྟན་པོ་འདོན་སྤྲོད་བྱ་རྒྱུ་རེད།