ཟླ7པའི་ཚེས9ཉིན་གྱི་སྔ་དྲོར། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་རྫོང་ཏང་ཨུའི་ཧྲུའུ་ཅིའི་བཞུགས་མོལ་ཚོགས་འདུ་བསྡུས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་ཞའོ་ཅུན་བཞུགས་མོལ་ཚོགས་འདུར་ཞུགས་པ་མ་ཟད། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་རྫོང་ཏང་ཨུའི་ཧྲུའུ་ཅིར་ཏང་གི་སློབ་ཁྲིད་བྱས་ཏེ་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་སྟོན་བྱས་ཏེ། ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་སློབ་སྦྱོང་ཞིབ་མོ་དང་བེད་སྤྱོད་ཏན་ཏིག་བྱེད་པ། ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ105འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་རྒྱུན་མཐུད་སློབ་སྦྱོང་དང་ལག་བསྟར་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་བྱ་བར་གནང་བའི་བླང་བྱ་གལ་ཆེན་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ། འགན་ཤེས་ཁུར་ལེན་དང་། འགག་སྒྲོལ་དཀའ་སེལ། དངོས་སྒྲུབ་ཁག་ཁུར་བཅས་ཀྱི་སྒོ་ནས། གང་དུ་དཔོན་གནས་འཁུར་ན་དེ་གར་ཕན་བདེ་སྐྲུན་རྒྱུར་བརྩོན་པ་དངོས་འབྲེལ་ཡོང་བ་བྱེད་དགོས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་འགོ་འཛིན་བྱས། ཞིང་ཆེན་གྱི་འགོ་ཁྲིད་ལིའུ་ཆི་ཧྥན་བཞུགས་མོལ་ཚོགས་འདུར་ཞུགས།
བཞུགས་མོལ་ཚོགས་འདུའི་སྟེང་།《ཞི་ཅིན་ཕིང་གི་གཞི་རིམ་ལས་ཀ་སྒྲུབ་སྟངས་སྐོར་གྱི་རྒྱས་བཤད་བཤུས་སྒྲིག》དང《ཅའོ་ཡུས་ལོ་ལྟ་བུའི་རྫོང་ཏང་ཨུའི་ཧྲུའུ་ཅི་བྱེད》པ་ཅེས་པར་ ཡིག་ཐོག་ནས་སློབ་སྦྱོང་བྱས། ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་ཆུས་དང་ཧུའུ་ཀྲུའུ་རྫོང་། ཐེམ་ཆེན་རྫོང་། གུང་ཧོ་རྫོང་། རྐང་ཚ་རྫོང་། ནང་ཆེན་རྫོང་། དར་ལག་རྫོང་། རྩེ་ཁོག་རྫོང་སོགས་རྫོང་དང་ཆུས8ཀྱི་ཏང་ཨུའི་ཧྲུའུ་ཅིས་སོ་སོར་གཏམ་བཤད།
ཝུའུ་ཞའོ་ཅུན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྫོང་ཏང་ཨུའི་ཧྲུའུ་ཅིའི་དཔུང་ཁག་ལ་ཐུགས་རེ་ཆེན་པོ་བཅངས་ཡོད། རྫོང་ཏང་ཨུའི་ཧྲུའུ་ཅི་ལེགས་པོ་ཞིག་ཇི་ལྟར་བྱེད་དགོས་པའི་ཐད་ནས་བླང་བྱ་གསལ་བོ་བཏོན། ཚང་མས་རྫོང་ཁོངས་བཅོས་སྐྱོང་དང་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས། རྫོང་ཏང་ཨུའི་ཧྲུའུ་ཅིའི་དཔུང་ཁག་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱས་བཤད་གལ་ཆེན་རབ་དང་རིམ་པས་མཛུབ་ཁྲིད་བྱས་ཏེ། ཐོག་མཐའ་བར་གསུམ་དུ་སེམས་སུ་ཏང་ཡོད་པ་དང་དམངས་ཡོད་པ། འགན་འཁྲི་ཡོད་པ། གཅུན་འདོམས་ཡོད་པ་བཅས་བྱས་ནས། གང་དུ་དཔོན་གནས་འཁུར་ན་དེ་གར་ཕན་བདེ་སྐྲུན་རྒྱུར་བརྩོན་པ་དེ་འདུན་པ་དང་ཕུགས་བསམ་དུ་བརྩི་བ། ཕན་བདེ་སྐྲུན་རྒྱུར་བརྩོན་པ་དེ་སེམས་སུ་བཟུང་ནས་བྱ་སྤྱོད་ཐོག་དོན་འཁྱོལ་བྱས་ཏེ། ཆབ་སྲིད་ཀྱི་དོན་རྟོགས་པ་དང་འཕེལ་རྒྱས་ཁྲོད་ཀྱི་ལམ་འབྱེད་པ། མང་ཚོགས་ཀྱི་ཉེ་བཅར་པ། འགོ་ཁྲིད་ཀྱི་སྣེ་ཁྲིད་པ་བཅས་བྱས་ནས། རྒྱུགས་ཞུགས་རྣམ་འགྱུར་ཐོག་ནས་ཐོག་མའི་བསམ་འདུན་དང་འགན་འཁྲི་བརྟན་པོར་འཁུར་དགོས།
ཝུའུ་ཞའོ་ཅུན་གྱིས་ནན་གྱིས་བསྟན་དོན། ད་ལོ་ནི་ལོ་ལྔའི་འཆར་འགོད་བཅོ་ལྔ་པ་འགོ་རྩོམ་པའི་ལོ་ཡིན། འགོ་རྩོམ་ནི་ཁྱོན་ཡོངས་ལ་འབྲེལ་བ་ཡོད། འགོ་རྩོམ་དེས་ལས་རིམ་ཐག་གཅོད་བྱེད། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་རྫོང་ཏང་ཨུའི་ཧྲུའུ་ཅིས་ས་ཁོངས་གཅིག་ལ་དོན་གཉེར་དང་ཁྱོན་ཡོངས་ལ་དོན་གཉེར་གྱི་འབྲེལ་བ་སྟངས་འཛིན་ལེགས་པོ་བྱེད་དགོས་པ་དང་། རང་རྟོགས་ཀྱིས་རང་ས་ཁུལ་གྱི་ལས་ཀ་དེ་ཞིང་ཆེན་ཡོངས་དང་རྒྱལ་ཡོངས་ཀྱི་ཁྱོན་ཆེན་པོའི་ཁྲོད་བཞག་ནས་ཞིབ་ལྟ་དང་གནས་ཐིག་གཏན་འཁེལ་བྱས་ཏེ། འཕེལ་རྒྱས་ཀྱི་སྒྲིལ་ཤུགས་གྲུབ་པར་སྐུལ་འདེད་གཏོང་དགོས། ཁ་ཕྱོགས་འཛིན་པ་དང་དོན་འཁྱོལ་འཛིན་པའི་འབྲེལ་བ་སྟངས་འཛིན་ལེགས་པོ་བྱེད་དགོས་པ་དང་། བསམ་བློ་དང་སྦྱོར་བ་གཉིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་ཡོང་བར་བྱེད་པ། གཟེར་འདེབས་སྙིང་སྟོབས་ལ་བརྟེན་ནས་ལས་འགན་སོ་སོ་དོན་འཁྱོལ་ཕན་འབྲས་ལོན་པར་སྐུལ་འདེད་གཏོང་དགོས། འཕེལ་རྒྱས་དམ་འཛིན་དང་བདེ་འཇགས་འགན་སྲུང་གི་འབྲེལ་བ་སྟངས་འཛིན་ལེགས་པོ་བྱེད་དགོས་པ་དང་། བདེ་འཇགས་འཕེལ་རྒྱས་དེ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱབ་ཁོངས་སོ་སོ་དང་བརྒྱུད་རིམ་ཡོངས་ལ་ཁྱབ་པར་བྱས་ཏེ། མངའ་ཁོངས་སྲུང་བའི་འགན་འཁྲི་ཡོད་པ་དང་འགན་ཁུར་པ། འགན་འཁྲི་གཙང་སྒྲུབ་བཅས་བྱས་ནས། ཆུ་ཚད་མཐོ་བའི་བདེ་འཇགས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགན་སྲུང་བྱེད་དགོས། དེང་སྐབས་དོན་གཉེར་དང་ཕུགས་ཡུན་དོན་གཉེར་གྱི་འབྲེལ་བ་སྟངས་འཛིན་ལེགས་པོ་བྱེད་དགོས་པ་དང་། སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱས་ཏེ། མི་དམངས་ལ་སྲིད་འབྲས་བརྩོན་པ་དང་། དངོས་སྒྲུབ་ལ་བརྟེན་ནས་སྲིད་འབྲས་བརྩོན་པ་རྒྱུན་འཁྱོངས་བྱེད་དགོས། ལས་ཀ་དམ་འཛིན་དང་དཔུང་ཁག་སྣེ་ཁྲིད་ཀྱི་འབྲེལ་བ་སྟངས་འཛིན་ལེགས་པོ་བྱེད་དགོས་པ་དང་། ལས་ཀར་བརྟེན་ནས་དཔུང་ཁག་སྦྱོང་བརྡར་དང་། དཔུང་ཁག་ལ་བརྟེན་ནས་ལས་ཀར་འགན་སྲུང་བྱས་ཏེ། སྤྱོད་གཙང་དྲང་གཞག་དང་ལས་སྒྲུབ་ལས་གཏོད་ཀྱི་ཆབ་སྲིད་ཁོར་ཡུག་ལེགས་པོ་གྲུབ་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་ལེའུ་འབད་པས་འབྲི་བའི་ཁྲོད་ཁག་ཁུར་དེ་བས་ཆེ་བ་མངོན་པ་དང་བྱས་རྗེས་དེ་བས་ཆེ་བ་འཇོག་དགོས།
ཚོགས་འདུ་ལས་ད་རུང་ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོ་ཏན་ཏིག་སྤེལ་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་བདེ་འཇགས་བརྟན་བརླིང་། སྐབས་བརྗེ་འདེམས་བསྐོའི་ལས་ཀ་ཁག་སོགས་ལ་ནུས་པ་འདོན་པར་དམིགས་ནས་བཀོད་སྒྲིག་བྱས།
ཞིང་ཆེན་གྱི་འགོ་ཁྲིད་ལིའུ་མེ་ཕིན། ཝང་ཝེ་ཏུང་། ཝུའུ་ལ་ཙི་པུའེ་ཁི་རེ་སུའུ་ལི་ཧན། ཀྲུའུ་ཞང་ཧྥེང་། ཚའོ་ཅོན་བཅས་བཞུགས་མོལ་ཚོགས་འདུར་ཞུགས།