ཟླ7པའི་ཚེས8ཉིན། སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་ཡུལ་སྐོར་འཕེལ་རྒྱས་ཚོགས་ཆེན་དང་ཞིང་ཆེན་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚང་འཛོམས་གྲོས་ཚོགས་མཚོ་བྱང་དུ་བསྡུས། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཡུལ་སྐོར་འཕེལ་རྒྱས་སྐོར་གྱི་རྣམ་བཤད་གལ་ཆེན་དང་མཚོ་སྔོན་གྱི་བྱ་བའི་བླང་བྱ་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། རྒྱལ་ཡོངས་ཀྱི་ཡུལ་སྐོར་འཕེལ་རྒྱས་ཚོགས་ཆེན་གྱི་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱེད་པ་དང་། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་བསྐྲུན་པའི་ལོ་ལྔའི་ལག་ལེན་དང་ཉམས་མྱོང་ཕྱོགས་སྡོམ་བྱས་ནས། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”སྐབས་ཀྱི་གཙོ་གནད་ལས་འགན་བཀོད་སྒྲིག་བྱས་ཏེ། བསམ་བློ་གཅིག་གྱུར་དང་བབ་བསྟུན་འཕྲལ་སྒྲུབ། དངོས་སྒྲུབ་སྔོན་བརྩོན་བཅས་བྱས་ནས། མཚོ་སྔོན་གྱི་རིག་གནས་ཡུལ་སྐོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་དགོས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་ཞའོ་ཅུན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་འགོ་འཛིན་བྱས། ཞིང་ཆེན་གྱི་འགོ་ཁྲིད་ལིའུ་ཆི་ཧྥན་ཚོགས་འདུར་ཞུགས།
ཝུའུ་ཞའོ་ཅུན་གྱིས་འདས་ཟིན་པའི་ལོ་ལྔའི་རིང་། ང་ཚོས་ཡུལ་སྐོར་ལས་རིགས་དེ་འཐབ་ཇུས་རང་བཞིན་གྱི་གཞི་རྟེན་ཐོན་ལས་དང་། དམངས་འཚོའི་ཐོན་ལས། བདེ་སྐྱིད་ཐོན་ལས་བཅས་སུ་བརྩི་རྒྱུ་རྒྱུན་འཁྱོངས་བྱས་ནས། སྐྱེ་ཁམས་སྲུང་སྐྱོབ་དང་རིག་གནས་ཡུལ་སྐོར་འཕེལ་རྒྱས་གཏོང་བར་གཅིག་གྱུར་འཆར་འགོད་བྱེད་པ་དང་། འཆར་འགོད་སྔོན་ལ་ལག་བསྟར་དང་བཀོད་པ་ཇེ་ལེགས་སུ་གཏོང་བ། སྐྱེ་ཁམས་སྔོན་ལ་འཇོག་པ། ཁྱད་ཆོས་འབུར་དུ་དོད་པ། ཞིང་འབྲེལ་ཞིང་ཕྱུག་བཅས་རྒྱུན་འཁྱོངས་བྱས་ནས། “ལྟེ་གཅིག་གདུབ་གཅིག་ཁུལ་བཞི་རྒྱུད་མང”བཅས་ཀྱི་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་རྣམ་པ་གསར་པ་མགྱོགས་མྱུར་སྒོས་འཛུགས་པ་དང་། “ཞིང་ལས་དང་ལུས་རྩལ། རིག་གནས། ཡུལ་སྐོར། ཚོང་ལས། གསོ་སྤེལ”བཅས་མཉམ་འདྲེས་གཏིང་ཟབ་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོབ་དང་ཡུལ་སྐོར་འཕེལ་རྒྱས་ཕན་ཚུན་སྐུལ་འདེད་ཡག་པོ་བཏང་ནས། ལྗང་མདོག་འཕེལ་རྒྱས་ཀྱི་གཏིང་ཤུགས་སྔར་ལས་མངོན་པར་གསལ་བ་དང་། “ལས་རིགས་གཅིག་དར་ན་ལས་རིགས་བརྒྱ་དར”བའི་སྐུལ་ཁྲིད་ནུས་པ་ཐོན་པར་བྱས་ནས། སྐྱེ་ཁམས་ཡུལ་སྐོར་དེ་ཞིང་ཆེན་ཡོངས་ཀྱི་གཞི་རྟེན་ཐོན་ལས་སུ་མགྱོགས་མྱུར་སྒོས་འགྱུར་བཞིན་ཡོད་པ་དང་། “རི་ཆུའི་འགོ་ཁུངས། རབ་མཛེས་མཚོ་སྔོན”གྱི་སྐད་གྲགས་ཆོད་ཚད་དང་ཤུགས་རྐྱེན་ཐེབས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས་འཛུགས་སྐྲུན་ལ་མཚོན་རྟགས་རང་བཞིན་དང་ཚད་བརྒལ་རང་བཞིན་གྱི་གྲུབ་འབྲས་ལེན་དགོས་ཞེས་བསྟན།
ཝུའུ་ཞའོ་ཅུན་གྱིས་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་གཏོང་རྒྱུ་ནི་མཚོ་སྔོན་གྱིས“རྒྱལ་དོན་གྱི་ཆེ་ཕྱོགས”ལག་ལེན་བསྟར་བའི་བྱེད་ཐབས་གལ་ཆེན་ཞིག་དང་། དེང་རབས་ཅན་གྱི་ཁྱད་ལྡན་ཐོན་ལས་མ་ལག་འཛུགས་པའི་བྱེད་ཐབས་གལ་ཆེན་ཡིན་ལ། ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་བ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་ཐབས་ལམ་གལ་ཆེན་ཞིག་རེད། མིག་སྔར། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཡུལ་སྐོར་དེ་སྐྱེ་ཁམས་མཐིལ་རྟོགས་དང་། བཀོད་པ་ལེགས་བསྒྱུར། ལས་རྣམ་ཕུན་སུམ་ཚོགས་པ། ཟོང་རྟགས་མངོན་གསལ་དོད་པ་བཅས་ཀྱི་སྤུས་ཚད་མཐོ་རུ་གཏོང་བའི་དུས་རིམ་གསར་པར་སྐྱོད་བཞིན་ཡོད། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཀྱི་ལས་འགན་སྒྲུབ་སེམས་དང་འགན་འཁྲི་འཁུར་སེམས་རྒྱུན་མཐུད་ངང་ཆེ་རུ་གཏོང་བ་དང་། རྩེ་རིམ་ཇུས་འགོད་རྒྱུན་མཐུད་ངང་འཐུས་ཚང་དུ་གཏོང་བ། མཚོ་སྔོན་པོའི་དཔེ་སྟོན་ཁུལ་དང་། “དྭངས་གཙང་རྨ་ཆུའི”ཡུལ་སྐོར་ཁུལ། མཚོ་སྔོན་ལྷོ་རྒྱུད་ཀྱི་ཚོད་ལྟ་ཁུལ། ཚྭ་འདམ་གཞོང་སའི་ཡུལ་སྐོར་སྐོར་ལམ་བཅས་ཀྱི་སྤུས་ཚད་དང་རིམ་སྤར་ཇེ་མགྱོགས་སུ་གཏོང་བ་བཅས་བྱས་ཏེ། གཅིག་གྱུར་འཆར་འགོད་བྱས་ནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཆགས་པར་བྱ་དགོས། “རིག་གནས་ཡུལ་སྐོར”དང་ལས་རྣམ་མཉམ་འདྲེས་གཏིང་ཟབ་ཏུ་གཏོང་བ་དང་། རིག་གནས་ཡུལ་སྐོར་དང་ཞིང་ཕྱུགས་ལས། ལུས་རྩལ་འགུལ་སྐྱོད། ཚོང་དོན་འཛད་སྤྱོད། ཁམས་གསོ་སྤྲོ་གསེང་། ཁྱད་ཆོས་ལྡན་པའི་བཟོ་ལས་སོགས་མཉམ་འདྲེས་ཡོང་བར་སྐུལ་འདེད་བཏང་སྟེ། ནུས་ཤུགས་གཅིག་བསྡུས་ཀྱིས་རྣམ་གྲངས་གསར་པ་དང་ལས་རྣམ་གསར་པ་སྔར་ལས་མང་བ་བསྐྲུན་དགོས། མུ་ཕྲེང་ཡོངས་ཀྱི་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ་དང་། སྒྲིག་ཆས་ཆ་ཚང་དང་ཁྲོམ་རའི་ལྟ་སྐུལ་དོ་དམ། བདེ་འཇགས་སྔོན་འགོག་ཚོད་འཛིན། སྒོ་འབྱེད་དོ་དམ་བཅས་གཅིག་གྱུར་གྱིས་འཆར་འགོད་བྱས་ཏེ། ཕྱོགས་ཡོངས་ནས་མུ་ཕྲེང་ཧྲིལ་པོའི་ཞབས་ཞུའི་འགན་སྲུང་དྲ་བ་ཚགས་དམ་པོ་བཟོ་བ་དང་། སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་ཀྱི་འདེགས་སྐྱོར་སྲ་བརྟན་དུ་གཏོང་བ་བཅས་བྱ་དགོས། རྒྱུད་རིམ་ལྡན་པའི་སྒོ་ནས་མཚོ་སྔོན་གྱི་རིག་གནས་ཡུལ་སྐོར་གྱི་ཟོང་རྟགས་བསྐྲུན་ནས། རིམ་པ་གསལ་བའི་རིག་གནས་ཡུལ་སྐོར་གྱི་ཟོང་རྟགས་མ་ལག་བསྐྲུན་པ་དང་། མཚོ་སྔོན་གྱི་རིག་གནས་ཡུལ་སྐོར་གྱི་སྐད་གྲགས་ཆོད་ཚད་དང་ཡིད་དབང་འཕྲོག་ཤུགས་ཕྱོགས་ཡོངས་ནས་ཆེ་རུ་གཏོང་དགོས། ས་གནས་སོ་སོ་དང་སྡེ་ཁག་སོ་སོས“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཕེལ་རྒྱས་ཀྱི་དམིགས་ཚད་གཏན་འཁེལ་བྱས་ཏེ། རིག་གནས་ཡུལ་སྐོར་བྱ་བའི“གཙོ་འགན་འཁུར་མཁན”གྱི་བཟོ་སྐྲུན་དམ་འཛིན་ཡག་པོ་བྱེད་པ་དང་། སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱས་ནས། བཅོས་སྒྱུར་ལ་བརྟེན་ནས་འཕེལ་རྒྱས་ཀྱི་སྒུལ་ནུས་འཕེལ་བར་བྱེད་པ་དང་། གཙོ་གནད་ལས་འགན་ལ་དམིགས་ནས་འགག་སྒྲོལ་བྱེད་པར་དམིགས་ཏེ། མཚོ་སྔོན་གྱི་རིག་གནས་ཡུལ་སྐོར་ལས་དོན་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་རྩོམ་དགོས་པ་ནན་གྱིས་བསྟན།
ལུའོ་ཏུང་ཁྲོན་གྱིས་ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ཐེངས་འདིའི་ཚོགས་འདུའི་བྱ་བའི་བཀོད་སྒྲིག་གི་བླང་བྱ་ལག་བསྟར་དོན་འཁྱོལ་ནན་མོ་བྱས་ཏེ། སྐྱེ་ཁམས་ཀྱི་རང་མདངས་གཏིང་ཟབ་ཏུ་གཏོང་བ་དང་། སྤུས་ཚད་དང་ཟོང་རྟགས་ཇེ་ལེགས་སུ་གཏོང་བ། མཉམ་འདྲེས་གསར་གཏོད་གཏིང་ཟབ་ཏུ་གཏོང་བ། མཉམ་སྐྲུན་མཉམ་སྤྱོད་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་ཤུགས་རྒྱག་པ་དང་། སྐྱེ་ཁམས་ཐེག་ནུས་ཀྱི་སྔོན་ཚུད་ཉེན་བརྡའི་ལྟ་ཞིབ་ཚད་ལེན་རྐྱེན་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། རྒྱལ་སྤྱི་ཅན་གྱི་ཚད་ལྡན་མཛེས་ལྗོངས་ཁུལ་འཛུགས་སྐྲུན་བཟོ་སྐྲུན་དང“རྨང་བརྟན་གསར་གཏོད”ཀྱི་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱས་ཏེ། དབྱངས་དབུགས་འདང་བའི་འགན་སྲུང་ཞབས་ཞུའི་མ་ལག་མགྱོགས་མྱུར་སྒོས་བཙུགས་ནས། “ཞིང་ལས་དང་ལུས་རྩལ། རིག་གནས། ཡུལ་སྐོར། ཚོང་ལས། གསོ་སྤེལ”བཅས་ཀྱི་ཐོན་ལས་མཉམ་འདྲེས་གཏིང་ཟབ་ཏུ་གཏོང་བ་དང་། “རི་ཆུའི་འབྱུང་ཁུངས། རབ་མཛེས་མཚོ་སྔོན”གྱི་ཟོང་རྟགས་ཕན་འབྲས་མུ་མཐུད་ཆེ་རུ་བཏང་སྟེ། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས་དེ་སྤུས་ལེགས་ཅན་དང་ཟོང་རྟགས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་དང་། ཞིང་ཆེན་ཡོངས་ཀྱི“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”སྐྱེ་ཁམས་ཡུལ་སྐོར་ཐོན་ལས་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་གཏོང་བར་འགོ་ཡག་པོ་འཛུགས་པ་དང་གོམ་པ་ཡག་པོ་སྤོ་བར་སྐུལ་འདེད་གཏོང་བ་བཅས་བྱ་དགོས་ཞེས་བསྟན།
ཞིང་ཆེན་གྱི་འགོ་ཁྲིད་དབྱང་ཧྥེང་ཁྲུན་དང་། ཝང་ཏ་ནན། ཀྲུའུ་ཞང་ཧྥེང་། ཁྲེང་ཅི་ཝེ། ལིའུ་ཏ་ཡེ་བཅས་ཚོགས་འདུར་ཞུགས། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་། མཚོ་བྱང་ཁུལ། ཞིང་ཆེན་ནགས་རྩྭ་ཅུས། ཀྲུང་གོ་ཡུལ་སྐོར་སྡེ་ཚོགས། ནུབ་རྒྱུད་གཏེར་ལས་སྡེ་ཚོགས། ཞེ་ཁྲེང་སྡེ་ཚོགས་བཅས་ཀྱི་འབྲེལ་ཡོད་བློ་མཐུན་དང་། མདོ་ལ་རི་བོའི་གངས་དཀར་མཐོ་སྒང་ཕྱི་རོལ་ལུས་རྩལ་བྱ་ཡུལ་གྱི་གཟུགས་བརྙན་མགྲིན་ཚབ་པ་ཧོ་ཅིང་གིས་བརྗེ་རེས་གཏམ་བཤད་པ་དང་། གྲོང་ཁྱེར(ཁུལ)གཞན་དག་གིས་ཡིག་ཐོག་ནས་གཏམ་བཤད། ཚོགས་འདུ་མ་འཚོག་སྔོན། ཚོགས་ཞུགས་འབྲེལ་ཡོད་བློ་མཐུན་གྱིས་མོན་ཡོན་ཡུལ་སྐོར་འཕེལ་རྒྱས་ཀྱི་ལག་ལེན་ཡུལ་དངོས་སུ་ལྟ་སྦྱོང་བྱས་པ་དང་། 2026ལོའི་རྒྱལ་ཡོངས་ཀྱི་དབྱར་གསེང་རིག་གནས་ཡུལ་སྐོར་འཛད་སྤྱོད་དུས་ཚིགས་ཀྱི་ཚོགས་ར་གཙོ་བོའི་བྱེད་སྒོ་སྤེལ་འགོ་ཚུགས་པའི་མཛད་སྒོར་ཞུགས།