ཞིང་ཆེན་སྲིད་གྲོས་ཀྱིས་ཏང་ཙུའུ་གྲོས་ཚོགས་དང་ཀྲུའུ་ཞིའི་གྲོས་ཚོགས་བསྡུས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ7པའི་ཚེས7ཉིན། ཞིང་ཆེན་སྲིད་གྲོས་ཀྱིས་ཏང་ཙུའུ་གྲོས་ཚོགས་དང་ཀྲུའུ་ཞིའི་གྲོས་ཚོགས་བསྡུས། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཀྱི་འགོ་འཛིན་བྱས་པ་མ་ཟད་གཏམ་བཤད།

གྲོས་ཚོགས་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས། མགོན་པོ་བཀྲ་ཤིས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ105འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་དེ་གཟིགས་རྒྱང་རིང་བ་དང་དགོངས་པ་གཏིང་ཟབ་པ་དང་། ཀྲུང་གོ་གུང་ཁྲན་ཏང་གིས་ལོ་བརྒྱའི་འབད་འཐབ་བྱས་པའི་ཕུལ་བྱུང་ཁྱད་ཆོས་དང་གྲུབ་འབྲས་བཟང་བོར་འགྲེལ་བཤད་གཏིང་ཟབ་གནང་ནས། ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་ལོ་རྒྱུས་ཀྱི་རང་རྟོན་ཇེ་བརྟན་དུ་གཏོང་བ་དང་། ལོ་རྒྱུས་ཀྱི་རང་འགུལ་ཁོང་དུ་ཆུད་རྒྱུར་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། ཡིད་ཆེས་བརྟན་གཏོང་དང་མུ་མཐུད་འབད་འཐབ་བྱེད་པའི“ངེས་པར་ལྔའི”བླང་བྱ་ཁོང་དུ་ཆུད་པར་བྱས་ཏེ། སྲིད་གྲོས་ཁོངས་གཏོགས་ཀྱི་ཏང་འཛུགས་སྐྱོང་ལ་རྒྱུན་མཐུད་སྒོས་ཤུགས་སྣོན་པ་དང་། ཆུ་ཚད་མཐོ་བའི་ཏང་འཛུགས་སྐྱོང་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འགན་འཁྲི་སྒྲུབ་རྒྱུར་སྣེ་ཁྲིད་བྱེད་པ། མཐུན་སྒྲིལ་འབད་འཐབ་ཀྱི་ཐུན་མོང་གི་བསམ་བློ་ཆབ་སྲིད་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་ཇེ་བརྟན་དུ་གཏོང་བ། རིགས་སོ་སོ་དང་ལས་རིགས་སོ་སོའི་མི་སྣར་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་བློ་སེམས་གཅིག་མཐུན་དང་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱེད་པ་དང་། ཧུར་ཐག་གིས་ལྟེ་མཐུན་སྒོར་དབྱིབས་ཡག་པོ་འབྲི་གང་ཐུབ་བྱས་ཏེ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་བརྗིད་རྔམ་ལྡན་པའི་སྟོབས་ཤུགས་རྒྱ་ཁྱབ་ངང་གཅིག་སྡུད་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲན་ཏུང་ཏེ་ཀྲོའུ་རུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། འབྲུ་རིགས་བདེ་འཇགས་དང་གྲོང་གསེབ་དར་སྤེལ། དམངས་འཚོ་འགན་སྲུང་བཅས་ཀྱི་གཙོ་གནད་ལས་འགན་ལ་དམིགས་ཏེ། ཨུ་ཡོན་རྩ་འཛུགས་བྱས་ནས་ལས་ཡུལ་དང་པོར་བརྟག་དཔྱད་ཞིབ་འཇུག་དང་གྲོས་མོལ་བྱེད་པར་བསྐྱོད་པ། ཐབས་འདོན་ཇུས་འབུལ་གནད་ལ་འཁེལ་བ་བཅས་བྱས་ཏེ་སློབ་སྦྱོང་གི་ཕན་འབྲས་དེ་འགན་འཁྲི་སྒྲུབ་པའི་བྱ་སྤྱོད་དུ་བསྒྱུར་བ་དང་། དངོས་སྒྲུབ་གྲོས་མོལ་གྱིས་ཞིང་ཆེན་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་དགོས། སྲིད་འབྲས་ལྟ་བ་ཡང་དག་པའི་ལྟེ་བའི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། སློབ་སྦྱོང་དང་ཞིབ་བཤེར། བཅོས་སྒྱུར་བཅས་གཞི་གཅིག་ཏུ་འགྱུར་བར་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བྱས་ཏེ། དམངས་དོན་དུ་འགན་འཁྲི་སྒྲུབ་པའི་བསམ་བློའི་རྨང་གཞི་རྒྱུན་མཐུད་ངང་སྲ་བརྟན་དུ་གཏོང་བ་དང་། ཁྱོན་ཡོངས་ཀྱི་འདུ་ཤེས་དང་། དམངས་དོན་དུ་བརྩེ་སེམས་བཅངས་བ། དངོས་དོན་སྒྲུབ་པའི་ཁྲིད་ཕྱོགས་བཅས་སྲིད་གྲོས་ཀྱི་འགན་འཁྲི་སྒྲུབ་པའི་བརྒྱུད་རིམ་ཧྲིལ་པོའི་ཕྱོགས་སོ་སོར་ཁྱབ་པར་བྱེད་པ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་ལ་རྩེ་གཅིག་ཏུ་དམིགས་པ། གྲོས་མོལ་སྲིད་གླེང་གཏིང་ཟབ་བྱེད་པ་དང་ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་ངང་གཅིག་སྡུད་བྱས་ཏེ། སྲིད་གྲོས་ཀྱི་སློབ་སྦྱོང་སློབ་གསོ་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་བ་དང་ཕན་འབྲས་ཐོན་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས་ཞེས་བསྟན།

གྲོས་ཚོགས་ལས《རྒྱལ་ཡོངས་སྲིད་གྲོས་ཀྱིས་སྲིད་གྲོས་ཨུ་ཡོན་གྱི་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། བློ་མཐུན3གྱིས་བརྗེ་རེས་གཏམ་བཤད། མགོན་པོ་བཀྲ་ཤིས་ཀྱིས《བསམ་འཆར》ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་ཀྱི་བྱ་བར་ཤུགས་སྣོན་པ་དང་ཇེ་ལེགས་སུ་གཏོང་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པའི་ལམ་ལུགས་ཀྱི་གྲུབ་འབྲས་གལ་ཆེན་ཞིག་དང་། དུས་རབས་གསར་པའི་ཨུ་ཡོན་ཚོས་རང་འགན་གཙང་སྒྲུབ་བྱེད་པའི་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཞིག་རེད། བསམ་བློའི་ངོས་འཛིན་རྒྱུན་མཐུད་གཏིང་ཟབ་ཏུ་གཏོང་བ་དང་། འགན་འཁྲི་སྒྲུབ་པའི་ཁ་ཕྱོགས་གཏན་འཁེལ་བྱེད་པ། ཞིང་ཆེན་ཡོངས་ཀྱི་བཅོས་སྒྱུར་དང་འཕེལ་རྒྱས་ཀྱི་གཙོ་གནད་ལས་འགན་ལ་རྩེ་གཅིག་ཏུ་དམིགས་པ། འགན་འཁྲི་འཁུར་ཤུགས་སྔར་ལས་ཆེ་རུ་གཏོང་བ། རང་འགུལ་གྱིས་བྱས་རྗེས་འཇོག་པ། སྙིང་སྟོབས་ཆེར་སྐྱེད་བཅས་བྱས་ཏེ་སྤུས་ཚད་མཐོ་བའི་འགན་འཁྲི་སྒྲུབ་པའི་ཕན་འབྲས་ལ་བརྟེན་ནས་སྲིད་གྲོས་ཀྱི་བྱ་བ་རིམ་སྤར་གསར་པ་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་དགོས་ཞེས་བསྟན།

གྲོས་ཚོགས་ལས་འབྲེལ་ཡོད་གནས་ཚུལ་གྱི་སྙན་ཞུར་ཉན་པ་དང་། 《སྲིད་གྲོས་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱིས་རིགས་ཁོངས་ཁག་གི་མང་ཚོགས་དང་འབྲེལ་བ་བྱེད་པའི་ལམ་ལུགས་དང་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བའི་སྐོར་གྱི་ལག་བསྟར་བསམ་འཆར(ཚོད་ལྟའི་ལག་བསྟར)》གྱི་བཟོ་བཅོས་མ་ཟིན་དང་། ཉེ་དུས་སློབ་སྦྱོང་དང་རྟོག་ཞིབ་བྱས་ཚུལ་གྱི་སྙན་ཞུར་གྲོས་ཞིབ་བྱས་པ་མ་ཟད་འབྲེལ་ཡོད་མི་དོན་དོན་ཚན་ལ་གྲོས་ཞིབ་བྱས།

རིན་ཆེན་རྣམ་རྒྱལ་དང་། ཁོང་ཡུང་། ཝང་ཞོན། ཝང་ཀྲེན་ཁྲང་། ཐེན་ཁུའེ། ལིའུ་ཏ་ཡེ། གསེར་ཁྲི·ཆོས་ཀྱི་བློ་གྲོས་རྒྱ་མཚོ། མ་ཡོའུ་ཞང་། ཅིན་ཧྲེང་ཧྲོའུ། ཀྲུའུ་ཞང་ཏུང་བཅས་ཚོགས་འདུར་ཞུགས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།