ཟླ7པའི་ཚེས3ཉིན། མཚོ་སྔོན་ཞིང་ཆེན་ཏང་འཛུགས་ཞིབ་འཇུག་ཚོགས་པས་ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པར་སློབ་སྦྱོང་དང་ལག་བསྟར་བྱེད་པའི་གཞུང་ལུགས་ཞིབ་འཇུག་བགྲོ་གླེང་ཚོགས་འདུ་དང་སྐབས་ལྔ་པའི་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་གསུམ་པ་ཟི་ལིང་དུ་བསྡུས། གྲོས་ཚོགས་ལས་རྒྱལ་ཡོངས་ཏང་འཛུགས་བྱ་བའི་བཞུགས་མོལ་ཚོགས་འདུ་དང་རྒྱལ་ཡོངས་ཏང་འཛུགས་ཞིབ་འཇུག་ཚོགས་པའི་སྐབས་བདུན་པའི་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པར་སྤེལ་རེས་དང་བགྲོ་གླེང་བྱེད་པར་དམིགས་ནས་ཞིང་ཆེན་ཡོངས་ཀྱི་ཏང་འཛུགས་ཞིབ་འཇུག་བྱ་བར་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། རྩ་འཛུགས་པུའུ་ཡི་པུའུ་ཀྲང་། ཞིང་ཆེན་ཏང་འཛུགས་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་ཚའོ་ཅུན་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད།
གྲོས་ཚོགས་ལས་ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་ནི་ཏང་གི་འཛུགས་སྐྲུན་ཁྱབ་ཁོངས་སུ་ཟུང་འབྲེལ་གཉིས་རྒྱུན་འཁྱོངས་བྱས་ཏེ་གཞུང་ལུགས་གསར་གཏོད་ལ་སྐུལ་འདེད་གཏོང་བའི་གྲུབ་འབྲས་གལ་ཆེན་ཡིན་པས། ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་དེ་ཞིང་ཆེན་ཡོངས་ཀྱི་ཏང་འཛུགས་ཞིབ་འཇུག་བྱ་བའི་སྤྱིའི་བསྲུང་བྱ་དང་རྩ་བའི་གཞི་འཛིན་ས། སྤྱིའི་མཛུབ་སྟོན་བཅས་སུ་བྱེད་པ་དང་། དགོངས་པ་གལ་ཆེན་དེའི་དོན་སྙིང་གཙོ་བོ་དང་ལག་ལེན་གྱི་བླང་བྱར་དམིགས་ཏེ། མ་ལག་ཅན་དང་རིགས་ལམ་ཅན། རང་ཡུལ་ཅན་བཅས་ཀྱི་ཞིབ་འཇུག་འགྲེལ་བཤད་གཏིང་ཟབ་ཏུ་སྤེལ་ནས་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་སྤུས་ཚད་མཐོ་བའི་ཞིབ་འཇུག་གྲུབ་འབྲས་སྐོར་ཞིག་ལེན་དགོས་ཞེས་བསྟན།
གྲོས་ཚོགས་ལས་ཏང་འཛུགས་ཞིབ་འཇུག་བྱ་བའི་ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་ལ་ཤེས་རྟོགས་ཟབ་མོ་བྱེད་པ་དང་། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་བསྐྲུན་པ། སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པ། ཏང་གི་འཛུགས་སྐྲུན་དང་རྩ་འཛུགས་བྱ་བའི་གཞུང་ལུགས་གལ་ཆེན་དང་ལག་ལེན་གྱི་གནད་དོན་སོགས་ལ་དམིགས་ནས་ཞིབ་འཇུག་བྱས་ཏེ་ཏང་འཛུགས་ཞིབ་འཇུག་དེ་མཚོ་སྔོན་གྱི་དངོས་ཡོད་གནས་ཚུལ་ནང་ཞུགས་པ་དང་མཚོ་སྔོན་གྱི་ཁྱད་ཆོས་མངོན་པ། མཚོ་སྔོན་གྱི་གནད་དོན་ཐག་གཅོད་པ་བཅས་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།
གྲོས་ཚོགས་ལས་ཏང་འཛུགས་ཞིབ་འཇུག་ནུས་པ་མགྱོགས་མྱུར་ངང་ཇེ་ཆེར་གཏོང་བ་དང་གྲུབ་འབྲས་ཚུལ་སྒྱུར་ཐབས་ལམ་རྒྱ་བསྐྱེད་དེ་ཞིབ་འཇུག་གྲུབ་འབྲས་ཀྱི་གཞུང་ལུགས་མཐོ་ཚད་དང་ལག་ལེན་ཟབ་ཚད། མཐོང་ལམ་ཁྱབ་རྒྱ་བཅས་ཆེ་རུ་གཏོང་དགོས། ཏང་འཛུགས་ཞིབ་འཇུག་ཚོགས་པ་རང་སྟེང་གི་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་ལམ་ལུགས་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། ཞིབ་འཇུག་གི་མཉམ་ཤུགས་གཅིག་བསྡུས་བཅས་བྱས་ཏེ་སྤུས་ཚད་མཐོ་བའི་ཏང་འཛུགས་ཞིབ་འཇུག་གྲུབ་འབྲས་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་གསར་པ་འབད་པས་འབྲི་བར་བྱས་རྗེས་གསར་པ་འཇོག་དགོས་པའི་བླང་བྱ་བཏོན།