ཟླ7པའི་ཚེས6ཉིན། ཟི་ལིང་དང་མཚོ་ཤར་གྱི་གྲོང་ཁྱེར་ཚོམས་ཀྱི་གཞི་གཅིག་ཅན་འཕེལ་རྒྱས་ཀྱི་བཞུགས་མོལ་ཚོགས་འདུ་བསྡུས་ནས་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་དང་གྲོང་ཁྱེར་བྱ་བའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱས་བཤད་གལ་ཆེན་དང་དེ་བཞིན་མཚོ་སྔོན་ལ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། རྒྱལ་ཁབ་དང་ཞིང་ཆེན་ཡོངས་ཀྱི་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཆར་འགོད་བཀོད་སྒྲིག་དང་ཕྱོགས་ཡོངས་ནས་དཔེ་བསྡུར་བྱས་པར་མ་ཟད། མ་ལག་ལྡན་པའི་སྒོ་ནས་གཞི་གཅིག་ཅན་འཛུགས་སྐྲུན་གྲུབ་འབྲས་ཀྱི་ཞན་ཆ་ལེགས་སྒྲིག་བྱས་ཤིང་། དུས་རིམ་རྗེས་མའི་ལས་འགན་གཙོ་བོར་ཞིབ་འཇུག་དང་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་ཞའོ་ཅུན་གྱིས་གཏམ་བཤད་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་འགོ་འཛིན་བྱས།
བཞུགས་མོལ་ཚོགས་འདུའི་སྟེང་། ཝུའུ་ཞའོ་ཅུན་དང་ལུའོ་ཏུང་ཁྲོན་གྱིས་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་ཟི་ལིང་གྲོང་ཁྱེར། མཚོ་ཤར་གྲོང་ཁྱེར་བཅས་ཀྱི་བྱ་བའི་སྙན་ཞུ་ལ་ཉན་པ་དང་། འབྲེལ་ཡོད་སྡེ་ཁག་གིས་བསམ་བློ་བརྗེ་རེས་ཀྱི་གཏམ་བཤད་པའམ་ཡང་ན་ཡིག་ཐོག་གི་གཏམ་བཤད་རྒྱུ་ཆ་སྤྲད།
ཝུའུ་ཞའོ་ཅུན་གྱིས་ཟི་ལིང་དང་མཚོ་ཤར་ནི་རང་ཞིང་གི་རང་བྱུང་ཆ་རྐྱེན་ཆེས་ལེགས་པ་དང་འཕེལ་རྒྱས་ཀྱི་བག་ཤུགས་ཆེ་བའི་ས་ཁུལ་ཡིན་པ་དང་། གཞི་གཅིག་ཅན་གྱི་འཕེལ་རྒྱས་ནི་རྒྱལ་ཁབ་ཀྱི་གྲོང་ཁྱེར་ཚོམས་འཛུགས་སྐྲུན་གྱི་བཀོད་སྒྲིག་དོན་འཁྱོལ་བྱེད་པ་དང་ཞིང་ཆེན་ཡོངས་ཀྱི་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དགོས་མཁོ་ཡིན་ལ། གཞི་གཅིག་ཅན་གྱི་འཕེལ་རྒྱས་ཆུ་ཚད་ཀྱིས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་གནད་དོན་ཐད་ཀར་ཐག་གཅོད་བྱེད་བཞིན་ཡོད་པས། འཆར་འགོད་སྔོན་ལ་ལག་བསྟར་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། གཞི་གཅིག་ཅན་གྱི་འཕེལ་རྒྱས་ཀྱི་ཕྱོགས་བསྡུས་རང་བཞིན་དང་གཅིག་འདོམས་རང་བཞིན། འདེགས་སྐྱོར་རང་བཞིན་བཅས་ཇེ་དྲག་ཏུ་བཏང་ནས་འཕེལ་རྒྱས་ཀྱི་གོམ་སྟབས་བརྟན་པོར་སྤོ་དགོས། ལྟེ་བའི་གྲོང་ཁྱེར་གྱི་སྣེ་ཁྲིད་དང་ཐོན་ལས་གཙོ་བོའི་འདེགས་སྐྱོར། རོགས་ལས་ལས་བགོས་མ་ལག་བཅས་ཕྱོགས་གསུམ་གཞི་གཅིག་གི་སྒུལ་ཤུགས་ཇེ་དྲག་ཏུ་གཏོང་བ་དང་། “དངོས་ལུགས་རྩེག་སྣོན”ནས“རྫས་འགྱུར་མཉམ་འདྲེས”ཀྱི་ཕྱོགས་སུ་བསྐྱོད་པར་སྐུལ་འདེད་བཏང་ནས། “ལྟེ་བ་གཉིས་དང་རྒྱུད་གཅིག མཚམས་ཚིགས་མང་པོའི”རྣམ་པ་གསར་པ་གྲུབ་པར་བྱེད་དགོས། “དྲ་བ་དྲུག”གི་འཛུགས་སྐྲུན་གོ་སྐབས་དམ་འཛིན་བྱས་ནས་གྲོང་ཁྱེར་གཅིག་གི་རྨང་གཞིའི་སྒྲིག་བཀོད་ཀྱི་དྲ་བ་གཅིག་པ་དང་། གྲོང་ཁྱེར་གཅིག་གི་སྤྱི་བའི་ཞབས་ཞུའི་དམིགས་ཚད་གཅིག་པར་སྐུལ་འདེད་གཏོང་བའི་ཐད་སྔར་ལས་ཤུགས་བསྣན་ཏེ་གྲོང་ཁྱེར་ཚོམས་ཀྱི་ཕྱོགས་བསྡུས་འཁོར་སྐྱོད་ཕན་ནུས་ཆེ་རུ་གཏོང་དགོས། གཞི་གཅིག་ཅན་གྱི་དཔེ་སྟོན་ཁུལ་གསར་སྐྲུན་དང་ཚོང་འགུག་དངུལ་འདྲེན། བདག་རྐྱེན་སྐོར་སྐྱོད་བཀོད་སྒྲིག སྐྱེ་ཁམས་བཅོས་སྐྱོང་སོགས་ཕྱོགས་ནས་བཅོས་སྒྱུར་གསར་གཏོང་གཏིང་ཟབ་བྱས་ཏེ་རྒྱུན་ཆད་མེད་པར་འཕེལ་རྒྱས་ཀྱི་སྒུལ་ཤུགས་བསྐྱེད་དགོས། བྱ་བའི་མཛུབ་སྟོན་མཐུན་སྦྱོར་རྐྱེན་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། ཁྱད་པར་ཅན་གྱི་དཔྱད་ཞིབ་གདེང་འཇོག་མ་ལག་འཐུས་ཚང་དུ་གཏོང་བ། ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་སྙིང་རུས་གཏན་འཁྱོངས་བྱས་ཏེ་རྒྱུན་ཆད་མེད་པར་ཟི་ལིང་དང་མཚོ་ཤར་གྱི་གྲོང་ཁྱེར་ཚོམས་ཀྱི་གཞི་གཅིག་ཅན་གྱི་འཕེལ་རྒྱས་ཐད་འཕེལ་རིམ་གསར་པ་དང་གྲུབ་འབྲས་གསར་པ་ལེན་པར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།
ལུའོ་ཏུང་ཁྲོན་གྱིས་འགོ་འཛིན་བྱེད་སྐབས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཟི་ལིང་དང་མཚོ་ཤར་གྱི་གྲོང་ཁྱེར་ཚོམས་ཀྱི་གཞི་གཅིག་ཅན་འཛུགས་སྐྲུན་གྱི་རྨང་གཞིའི་རང་བཞིན་དང་འཐབ་ཇུས་རང་བཞིན། སྤྱི་ཡོངས་རང་བཞིན་བཅས་ཀྱི་དོན་སྙིང་ལ་ཤེས་རྟོགས་ཟབ་མོ་བྱེད་པ་དང་། སྔར་ལས་ལྷག་པའི་སྒོ་ནས་ངོས་འཛིན་ཇེ་ཟབ་ཏུ་གཏོང་བ་དང་གཙོ་གནད་འབུར་དུ་ཐོན་པར་བྱེད་པ། གཅིག་འདོམས་མཉམ་སྒུལ་ཡོང་བར་བྱེད་པ། འཆར་འགོད་དང་སྦྲེལ་མཐུད་ཟབ་མོ་བྱེད་པ་དང་ཐོན་ལས་བཀོད་སྒྲིག་ལ་གཅིག་འདོམས་བྱེད་པ། སྐྱེ་ཁམས་མཐུན་སྦྱོར་ལེགས་བཅོས་བྱེད་པ། སྤྱི་བའི་ཞབས་ཞུ་མཉམ་སྐྲུན་བྱེད་པ། སྒྲིག་སྲོལ་རྐྱེན་སྲོལ་གསར་སྐྲུན་བྱེད་པ་བཅས་ཀྱི་ཐད་ཤུགས་སྣོན་པ་དང་། གཞི་གཅིག་ཅན་གྱི་འཕེལ་རྒྱས་དེ་ཆུ་ཚད་སྔར་ལས་མཐོ་བའི་ཕྱོགས་སུ་བསྐྱོད་པར་སྐུལ་སྤེལ་གཏོང་བ་བཅས་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་འབད་པས་འབྲི་བར་བྱས་རྗེས་གསར་པ་འཇོག་དགོས་ཞེས་བསྟན།
བཞུགས་མོལ་ཚོགས་འདུའི་སྔོན་ལ། ཝུའུ་ཞའོ་ཅུན་དང་ལུའོ་ཏུང་ཁྲོན་གྱིས་ད་རུང་ཡུལ་དངོས་ནས་ས་གནས་གཉིས་ཀྱི་བཟའ་བཏུང་ཁེ་ལས་དང་ཁམས་གསོ་རྟེན་གཞི། དངོས་རྒྱུག་གླིང་ཁུལ། འཛུགས་སྐྲུན་བྱེད་བཞིན་པའི་སློབ་གྲྭ། བཙོག་ཆུ་ཐག་གཅོད་བཟོ་གྲྭ་བཅས་ལ་ལྟ་ཞིབ་བྱས་པ་དང་། གྲོང་ཁྱེར་ཚོམས་ཀྱི་རྒྱལ་ཁོངས་བར་སྟོང་ནུས་ལྡན་ངང་བེད་སྤྱོད་བྱེད་པ་དང་། ཁྱད་ལྡན་ཐོན་ལས་མཉམ་དུ་གསོ་སྐྱོང་དང་མཉམ་དུ་དར་སྤེལ་གཏོང་བ། གྲོང་ཁྱེར་གཅིག་གི་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་དྲ་བ་གཅིག་ཡིན་པ། སྐྱེ་ཁམས་ཁོར་ཡུག་མཉམ་སྲུང་མཉམ་བཅོས་སོགས་གནས་ཚུལ་ལ་རྒྱུས་ལོན་བྱས་ཏེ། མཐུན་སྦྱོར་འཕེལ་རྒྱས་ཀྱི་ཁེབས་ཚད་རྒྱ་བསྐྱེད་པ་དང་བདག་རྐྱེན་ཐོན་ཁུངས་ནུས་ལྡན་འཁོར་སྐྱོད་ལ་སྐུལ་སྤེལ་གཏོང་བ། མཚོ་སྔོན་ཤར་ཕྱོགས་ཀྱི་སྐྱེ་ཁམས་བདེ་འཇགས་འགོག་ར་བརྟན་སྲུང་བཅས་བྱས་ཏེ་གཞི་གཅིག་ཅན་གྱི་འཕེལ་རྒྱས་གྲུབ་འབྲས་ཀྱིས་རིགས་སོ་སོའི་མང་ཚོགས་ལ་སྔར་ལས་ཕན་འདོགས་དགོས་པའི་བླང་བྱ་བཏོན།
ཞིང་ཆེན་གྱི་འགོ་ཁྲིད་ཝང་ཝེ་ཏུང་དང་ཀྲང་ཅིན་ཀང་། ཝུའུ་ལ་ཙི་པེ་ཁི་རེ་སུའུ་ལི་ཧན། དབྱང་ཀྲི་ཝུན། ལིའུ་ཁྲའོ། ཝང་ཧེ་ཧུང་། ཁྲིན་ཅི་ཝེ་བཅས་འབྲེལ་ཡོད་བྱེད་སྒོར་ཞུགས།