མཚོ་སྔོན་གྱིས00རྟགས་མའི་ཡུལ་སྐོར་གཞུང་ལམ་དང་གཅིག་ཅན་ལྔ་ཡི་འགྲིམ་འགྲུལ་ཡུལ་སྐོར་མཉམ་འདྲེས་ཀྱི་སྐྱེ་ཁམས་ལྗོངས་ཁུལ་ལམ་ཆེན་འོས་སྦྱོར་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ7པའི་ཚེས2ཉིན། མཚོ་སྔོན་ཞིང་ཆེན་གྱིས00རྟགས་མའི་ཡུལ་སྐོར་གཞུང་ལམ་དང་གཅིག་ཅན་ལྔ་ཡི་འགྲིམ་འགྲུལ་ཡུལ་སྐོར་མཉམ་འདྲེས་ཀྱི་སྐྱེ་ཁམས་ལྗོངས་ཁུལ་ལམ་ཆེན་མཚམས་སྦྱོར་ཚོགས་འདུ་དེ། ཟི་ལིང་གྲོང་ཁྱེར་ཧེ་ཧུའུ་ལུས་རྩལ་ལྟེ་གནས་ནས་དངོས་སུ་འགོ་བརྩམས། བྱེད་སྒོ་ཡིས་འགྲིམ་འགྲུལ་དང་རིག་གནས་ཡུལ་སྐོར་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ཟབ་སྤེལ་བྱེད་པ་གཙོ་བོར་བཟུང་ཞིང་། ཞིང་ཆེན་ཡོངས་ཀྱི་ནང་སྙིང་གཅིག་དང་འཁོར་གཅིག་རྒྱུད་མང་གི་སྐྱེ་ཁམས་ལྗོངས་རྒྱུའི་གཞུང་ལམ་གཙོ་སྒྲོམ་གསར་འཛུགས་བྱས་ནས། འཇའ་འོད་མཐོ་སྒང་ལམ། རང་མཛེས་མཚོ་སྔོན་བརྒྱུད་ཅེས་པའི་ཡུལ་སྐོར་གཞུང་ལམ་སྤུས་རྟགས་ཀུན་ལ་བསྒྲགས།

རྒྱུས་ལོན་བྱུང་བ་ལྟར་ན། 00རྟགས་མའི་ཡུལ་སྐོར་གཞུང་ལམ་གྱི་འཁོར་ལམ་གཙོ་བོའི་རིང་ཚད་སྤྱི་ལེ2825རུ་སླེབས་ཤིང་། G0615ཡི་གཏེར་ལེན་ཁ་ནས་འབར་ཁམས་བར་གྱི་མྱུར་ལམ་དང་། རྒྱལ་ལམ215སོགས་ཀྱི་ལམ་ཐིག་ལ་བརྟེན་ནས། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ7དང་། ས་ཁུལ་དང་རྫོང18ལ་ཁེབས་པར་བྱས་ཏེ། ཁམས་ར་འཛམ་གླིང་ས་གཤིས་སྤྱི་གླིང་དང་། རེབ་གོང་རྒྱལ་ཁབ་རིམ་པའི་ལོ་རྒྱུས་རིག་གནས་གནའ་མཁར་ལྗོངས་ཁུལ། པད་མ་རྫོང་དམར་དམག་ལུང་བའི་ལྗོངས་ཁུལ། སྟོང་རི་ལྷ་མཚོ་སྐྱེ་ཁམས་ལྗོངས་ཁུལ་སོགས་ཐོན་ཁུངས་གཙོ་བོ་དག་སྦྲེལ་མཐུད་བྱས། གཅིག་ཅན་ལྔ་ཡི་འགྲིམ་འགྲུལ་དང་ཡུལ་སྐོར་མཉམ་འདྲེས་སྐྱེ་ཁམས་ལྗོངས་ཁུལ་ལམ་ཆེན་ནི། མདོ་ལ་རི་བོའི་ཨང་རྟགས་དང་པོ་དང་། ཐང་བོད་གནའ་ལམ་ཨང་རྟགས་དང་པོ། མཚོ་སྔོན་པོ་ཨང་རྟགས་དང་པོ། ཚྭ་འདམ་ཨང་རྟགས་དང་པོ། ཁུ་ནུ་རི་བོ་ཨང་རྟགས་དང་པོ་བཅས་རེད།

བྱེད་སྒོ་ལས་འོས་སྦྱོར་དང་ཉམས་ལེན། སྒྲོག་སྤེལ་བཅས་གཞི་གཅིག་ཅན་གྱི་རྣམ་པ་སྤྱད་ནས། རིག་རྩལ་འཁྲབ་སྟོན་དང་། བྱེ་རིས། དྲིལ་སྒྲོག་བརྙན་འགྲེམ་སྟོན་བཅས་ལ་བརྟེན་ཏེ། གཅིག་བསྡུས་སྒོས་ཞིང་ཆེན་ཡོངས་ཀྱི་ཁྱད་ལྡན་ཡུལ་སྐོར་གཞུང་ལམ་གྱི་མཛེས་པ་དང་འགྲིམ་འགྲུལ་ཡུལ་སྐོར་མཉམ་འདྲེས་བྱེད་པའི་མདུན་ལྗོངས་འགྲེམ་སྟོན་བྱས། བརྒྱ་བཤེར་དང་། དབྱི་ཧེ། ཧྲིན་ཀྲོའུ་སོགས་ཀྱིས་རིག་ལྡན་ས་ཁྲ་དང་། དབྱང་ལྡན་ལྗོངས་འགྲུལ། གླ་འཁོར་ཐོན་རྫས་གསར་བ་ཁྱབ་བསྒྲགས་བྱས་ནས། འགྲིམ་འགྲུལ་ལས་ཁུངས་ཀྱིས་ས་ཚིགས་དང་། འཁོར་སྒམ། མཚོ་བོད་ལྕགས་ལམ། ནུབ་རྒྱུད་གནམ་གྲུ་ཐང་སོགས་སྣ་མང་ཞབས་ཞུའི་མཚམས་སྦྱོར་འགྲེམ་སྟོན་བྱས་ཏེ། གྲོས་ཡིག་སྣ་མང་ལ་མིང་རྟགས་བཀོད། སྦག་སྦག་འཁོར་ལོ་བརྒྱ་དང་སྒེར་འཁོར་རུ་ཁག་ཡུལ་དངོས་ནས་བསྐྱོད་འགོ་རྩོམ་པ་དང་། སྙན་སྒྲོན་པ་མང་པོས་འཁོར་དཔུང་སྣེ་ཁྲིད་བྱས་ནས། གྲོང་ཁྱེ་དང་ཁུལ་སོ་སོར་བསྐྱོད་དེ། 00རྟགས་མའི་ཡུལ་སྐོར་གཞུང་ལམ་དང་གཅིག་ཅན་ལྔ་ཡི་འགྲིམ་འགྲུལ་ཡུལ་སྐོར་མཉམ་འདྲེས་བྱེད་པའི་སྐྱེ་ཁམས་ལྗོངས་ཁུལ་ལམ་ཆེན་གྱི་ལམ་ཐིག་གཏིང་ཟབ་པོར་ཉམས་ལེན་བྱེད་དུ་བཅུག །

ཐེངས་འདིའི་འོས་སྦྱོར་ཚོགས་འདུ་ཡིས། ཡུལ་སྐོར་གཞུང་ལམ་མཐོར་འདེགས་གསར་སྒྱུར་བྱེད་པ་དམ་དུ་འཛིན་པ་གཙོ་བོར་བཟུང་ནས། གཞུང་ལམ་དྲ་རྒྱ་དང་རིག་གནས་ཡུལ་སྐོར་ཐོན་ལས་གཏིང་ཟབ་སྒོས་མཉམ་འདྲེས་བྱེད་པར་སྐུལ་འདེད་བྱས་ཤིང་། ས་ཁོངས་ཀྱི་སྐྱེ་ཁམས་ནུས་སྩོལ་དང་ཐུན་མིན་ཁུལ་གནས་ཀྱི་ཆ་རྐྱེན་ལ་བརྟེན་ནས། སྟོབས་ཤུགས་ཡོད་རྒུས་སྤུས་ཚད་མཐོ་བའི་ཡུལ་སྐོར་གཞུང་ལམ་གསར་སྐྲུན་བྱས་ཏེ། འགྲིམ་འགྲུལ་གྱིས་རིག་གནས་ཡུལ་སྐོར་འཕེལ་རྒྱས་ལ་ནུས་སྩོལ་བྱས་ནས། རིག་གནས་ཡུལ་སྐོར་གྱིས་འགྲིམ་འགྲུལ་སྒུལ་ནུས་ལ་གསོན་ཤུགས་སྩོལ་རྒྱུ་རེད།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།