མ་འོངས་པའི་ལོ་ལྔའི་ནང་དགེ་རྒན་གྱི་གོ་མིང་དང་ཕོགས་ཐོབ། སྐྱེད་སྲིང་སོགས་ལ་འགྱུར་ལྡོག་འབྱུང་ངེས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

ཉེ་སྔོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《སློབ་གསོ་འཕེལ་རྒྱས་ཀྱི“ལོ་ལྔའི་འཆར་འགོད་བཅོ་ལྔའི”འཆར་འགོད》པར་འགྲེམས་བྱས་ཤིང་། དེའི་ནང་སྤུས་ཚད་མཐོ་བའི་དགེ་རྒན་གྱི་ལམ་ལུགས་མ་ལག་འཛུགས་སྐྱོང་དང་། སློབ་གསོའི་ཕོགས་ཐོབ་ཀྱི་ཁེ་དབང་འགན་སྲུང་ལ་ཤུགས་བསྣན་རྒྱུ་བཏོན་ཡོད་པས། གཤམ་དུ་ མ་འོངས་པའི་ལོ་ལྔའི་ནང་དུ་དགེ་རྒན་གྱི་གོ་མིང་དང་།  གླ་ཕོགས།  ས་གནས།   ཕོགས་ཐོབ་སོགས་ལ་འགྱུར་ལྡོག་གང་དག་ཡོད་སྐོར་མདོར་བསྡུས་ཤིག་བཀོད་ན།
 གཅིག དགེ་རྒན་གྱི་གོ་མིང་སྐོར།

1.དགེ་རྒན་གྱི་གོ་མིང་ལམ་ལུགས་ལ་བཅོས་སྒྱུར་ཟབ་མོ་དང་།  དགེ་རྒན་གྱི་ལས་རྐང་གྲུབ་སྟངས་ཀྱི་བསྡུར་ཚད་ལེགས་སྒྱུར།  ལས་རྐང་སྙོམས་སྒྲིག་གི་ལམ་ལུགས་འཐུས་ཚང་བཅས་སུ་བཏང་ནས་རྫོང་ཁོངས་ཀྱི་དགེ་རྒན་དང་སློབ་གཙོའི་བར་གྱི་འབྲེལ་འདྲིས་དང་ལས་རྐང་རེས་མོས་ལ་ཤུགས་བསྣན་རྒྱུ།

2. སློབ་གྲྭ་ཆུང་འབྲིང་དང་བྱིས་སྐྱོང་ཁང་གི་དགེ་བཟོ་བའི་སྒྲིག་ཁོངས་དང་། དགེ་རྒན་ཐོན་ཁུངས་གཅིག་གྱུར་འཆར་འགོད་དང་བཀོད་སྒྲིག འགན་སྲུང་བཅས་ལ་ཤུགས་བསྣན་དང་། དགེ་རྒན་གྱི་ཐོན་ཁུངས་འཁོར་རྒྱུག་ལུགས་མཐུན་དང་ཆད་ལྷག་སྙོམས་སྒྲིག་ལ་སྐུལ་འདེད་གཏང་དགོས།

3.ལས་རིགས་དེའི་ཆེད་མཁས་ཀྱི་དཔྱད་གླེང་ལམ་ལུགས་སྔར་ལས་ཡང་དག་ལ་ཚན་ལྡན་ཡོང་བར་སྐུལ་འདེད་བཏང་སྟེ། དགེ་རྒན་གྱི་གོ་མིང་དཔྱད་བསྡུར་དང་གདན་ཞུ།   ཕུལ་བྱུང་དང་སྔོན་ཐོན་དཔྱད་འདེམས་སོགས་ཀྱི་ཁྲོད་དུ་མི་བུ་སྐྱེད་སྲིང་གི་གྲུབ་འབྲས་གཟེངས་སུ་ཐོན་པའི་ཕན་འབྲས་དངོས་ལ་རྟོག་ཞིབ་བྱེད་རྒྱུ།

4.གཏན་འབེབས་ལྟར་དུ“ཆེས་མཛེས་པའི་དགེ་རྒན”དང“ཆེས་མཛེས་པའི་མཐོ་སློབ་ཀྱི་ཟུར་ཁྲིད་པ”སོགས་སྔོན་ཐོན་དཔེ་མཚོན་དང་དཔེ་བཟང་དཔྱད་འདེམ་གྱི་དྲིལ་སྒྲོག་ལས་ཀ་ལེགས་པོར་བསྒྲུབས་ཏེ། “རྒྱལ་ཡོངས་མཐོ་རིམ་སློབ་གྲྭའི་ཧོང་ཏ་ཉིན་ལུགས་ཀྱི་དགེ་རྒན་དཔུང་སྡེ”འཛུགས་སྐྱོང་ལ་སྐུལ་འདེད་བཏང་ནས་བཤེས་གཉེན་ལ་གོང་བཀུར་དང་སློབ་གསོ་གཙིགས་སུ་འཛིན་པའི་མཁའ་དབུགས་ལེགས་པོ་བསྐྲུན་རྒྱུ། 

གཉིས། ཕོགས་ཐོབ་ཀྱི་སྐོར། 

སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་གྱི་གླ་ཕོགས་ཀྱི་ཕུགས་ཕན་མཉམ་འགུལ་ལམ་ལུགས་འཐུས་ཚང་བཟོ་རྒྱུ། 
  གཞུང་གཉེར་བྱིས་སྐྱོང་གི་དགེ་རྒན་གྱི་གླ་ཕོགས་དེ་ནོར་སྲིད་ཀྱི་འགན་སྲུང་ཁྱབ་ཁོངས་སུ་འཇུག་རྒྱུ། 

གསུམ། སྐྱེད་སྲིང་གི་སྐོར།

རྒྱལ་ཁབ་ཀྱི་དགེ་རྒན་ཐོབ་ཐང་ལམ་ལུགས་དང་དགེ་རྒན་བསྡུ་ལེན་ལམ་ལུགས། དགེ་རྒན་གྱི་ཚད་གཞི་མ་ལག་བཅས་འཐུས་ཚང་དུ་བཏང་སྟེ། སློབ་གསོ་བའི་སྙིང་སྟོབས་དགེ་རྒན་སྐྱེད་སྲིང་དང་ཟབ་སྦྱོང་གི་གོ་རིམ་ཁྲོད་འཇུག་པར་སྐུལ་འདེད་རྒྱུ་མ་ཟད།  སློབ་ཐུན་གྱི་སློབ་ཁྲིད་དང་། ཚན་རིག་ཞིབ་འཇུག  སྤྱི་ཚོགས་ལག་ལེན་སོགས་ཀྱི་གོ་རིམ་ཧྲིལ་བོར་སྐྱ་འཐིབས་སུ་འཇུག་རྒྱུ།

སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་གྲགས་ཅན་དང་སློབ་གཙོ་གྲགས་ཅན་སྐོར་ཞིག་སྐྱེད་སྲིང་བྱེད་རྒྱུ། 

སློབ་གྲྭ་ཆུང་འབྲིང་གི་སློབ་རིམ་མཐོར་འདེགས་ཀྱི་ལས་ཀ་ལག་བསྟར་དང་།  དགེ་རྒན་ལ་མུ་མཐུད་དུ་སློབ་གསོ་གཏོང་བའི་ལམ་ལུགས་འཐུས་ཚང་དུ་གཏང་རྒྱུ །

དགེ་རྒན་སྐྱེད་སྲིང་གི་གཞི་ཁྱོན་དང་གྲུབ་སྟངས་ལེགས་སྒྱུར་བྱས་ཏེ།   ཞིབ་འཇུག་སློབ་མ་རིམ་པའི་དགེ་རྒན་སྐྱེད་སྲིང་ལ་ནུས་ཤུགས་འདོན་རྒྱུ།

རྒྱལ་ཁབ་ཀྱི་གྲོང་གསེབ་དར་སྤེལ་གྱིས་རོགས་སྐྱོར་བྱ་ཡུལ་རྫོང་གཙོ་བོ་རུ“ཚོགས་པ་རྣམ་པའི”སློབ་གསོའི་འཇོན་མིར་རོགས་སྐྱོར་བྱེད་རྒྱུ།  མཐོ་རིམ་སློབ་གྲྭའི་དགེ་རྒན་གོང་སྤེལ་དང་རྒྱབ་སྐྱོར་ཞབས་ཞུ་མ་ལག་འཐུས་ཚང་དུ་གཏང་རྒྱུ། 

ཀྲུང་དབྱང་གི་མཐོ་རིམ་ན་གཞོན་དགེ་རྒན་གྱི་ཚན་ཞིབ་གསར་གཏོད་ཀྱི་ནུས་པར་རྒྱབ་སྐྱོར་བྱེད་པའི་ལས་གཞི་ལག་བསྟར་གཏིང་ཟབ་བྱས་ཏེ། པུའུ་དང་ཞིང་ཆེན་མཉམ་འགུལ་གྱི་ལས་གཞི་ཚོད་ལྟ་བྱེད་ས་སྤེལ་རྒྱུ།

ཕྱོགས་ཡོངས་ནས་མཐོ་རིམ་དགེ་འོས་སློབ་གསོ་གཉེར་སྐྱོང་གི་སྤུས་ཚད་ཇེ་མཐོར་བཏང་སྟེ། དགེ་འོས་སློབ་གསོའི་སྤུས་ཚད་མཉམ་འདེགས་ཀྱི་འཆར་གཞི་འཐུས་ཚང་དུ་བཏང་ནས་ལག་བསྟར་བྱེད་རྒྱུ།

ཆུ་ཚད་མཐོ་བའི་སློབ་ཆེན་དུ་དགེ་རྒན་གྱི་སློབ་གསོར་སྐུལ་འདེད་དང་།  ཕྱོགས་བསྡུས་རང་བཞིན་གྱི་སློབ་ཆེན་དང་། དགེ་འོས་སློབ་ཆེན།  སློབ་གྲྭ་ཆུང་འབྲིང་། ལས་རིགས་ཁེ་ལས་སོགས་བར་གྱི་མཉམ་ལས་ལམ་ལུགས་བསྐྲུན་རྒྱུ།

“རྒྱལ་ཁབ་རིམ་པའི་ཟབ་སྦྱོང་འཆར་གཞི”བཅོས་སྒྱུར་ལ་སྐུལ་འདེད་བཏང་སྟེ།   རིམ་བགོས་རིགས་བགོས། སྐས་རིམ་རིམ་འཛེག་གི་དགེ་རྒན་གྱི་ནུས་པ་སྐྱེད་སྲིང་བྱེད་པའི་ཟབ་སྦྱོང་མ་ལག་མགྱོགས་པོར་གཟུག་རྒྱུ།

དགེ་རྒན་གྱི་སློབ་གསོ་ནུས་པ་མཐོར་འདེགས་ཀྱི་ལས་གཞི་མུ་མཐུད་དུ་ལག་བསྟར་བྱས་ཏེ།  དགེ་འོས་སློབ་མའི་སློབ་ཁྲིད་ལག་ལེན་དང་གསར་གཏོད།  རིག་ཚན་བརྒལ་བའི་སློབ་སྦྱོང་ལ་སོགས་ཀྱི་ནུས་པ་དང་བྱང་ཚད། ཚན་རྩལ་བྱང་ཚད་བཅས་མཐོར་འདེགས་སུ་གཏང་རྒྱུ།

དགེ་རྒན་གྱི་མིས་བཟོས་རིག་ནུས་ཀྱི་ཆེད་དོན་ཟབ་སྦྱོང་གཞི་ཁྱོན་ཆེན་པོ་སྤེལ་བར་སྐུལ་འདེད་གཏང་རྒྱུ། 

བཞི། འགན་སྲུང་གི་སྐོར། 

སློབ་གསོའི་ཁྲིམས་གཞུང་ཞིབ་འཇུག་དང་རྩོམ་སྒྲིག་གི་ལས་ལ་མགྱོགས་པར་སྐུལ་འདེད་བཏང་སྟེ།  དགེ་རྒན་གྱི་བཅའ་ཁྲིམས་ལ་སོགས་པའི་ཁྲིམས་ལུགས་ལ་བཟོ་རྒྱག་རྒྱུ།

ས་གནས་ཀྱིས་སློབ་མའི་ལུས་སེམས་བདེ་ཐང་དང་། སློབ་རའི་བདེ་འཇགས་སོགས་ལ་སྐུལ་འདེད་བཏང་ནས་སློབ་གསོའི་ཁྲིམས་འཛུགས་ལ་ཤུགས་སྣོན་དང་།  མཉམ་བཅོས་མཉམ་སྐྱོང་ལ་ཤུགས་བརྒྱབ་ནས་སློབ་གྲྭའི་ལས་འགན་ཅི་ནུས་ཀྱིས་བསྒྲུབས་ཡོད་ན་གནད་དོན་བྱུང་ཡང་འགན་ཇེ་ཡང་དང་ཡང་ན་ཁུར་མི་དགོས་པའི་ལམ་ལུགས་འཚོལ་ཞིབ་བྱས་ནས་གཟུག་རྒྱུ།

དགེ་རྒན་གྱི་སློབ་གསོ་མ་ཡིན་པའི་སློབ་ཁྲིད་ཀྱི་འོས་འགན་དང་ཁག་ཁུར་ཕྱོགས་ཡོངས་ནས་ཇེ་ཡང་དུ་བཏང་སྟེ།  སྤྱི་ཚོགས་ཀྱི་སྤྱི་གཞུང་ཞབས་ཞུའི་ནང་དགེ་རྒན་གཙིགས་སུ་འཛིན་དགོས་པའི་སྲིད་ཇུས་དོན་འཁྱོལ་བྱ་རྒྱུ།

མཐོ་འབྲིང་སློབ་གྲྭ་དཀྱུས་མས་སློབ་གཉེར་ཐོན་ཁུངས་རྒྱ་བསྐྱེད་དང་། མཐོ་འབྲིང་སློབ་གྲྭ་དཀྱུས་མའི་བསླབ་གནས་ཁ་སྣོན། སློབ་གཉེར་བར་སྟོང་གི་སྒྲིག་གཞི་ལེགས་སྒྱུར། སློབ་ཁྲིད་དང་འཚོ་བའི་ཆ་རྐྱེན་ལེགས་སྒྱུར་བཅས་བྱེད་རྒྱུ། 

རྩོམ་སྒྲིག་པ། : ཁོན་ཐར་འཚོ།