རང་ཞིང་གིས་ཀྲུང་བོད་སྨན་ཁང་དུ་བདེ་ཐང་སློབ་གསོའི་ལོ་གསུམ་གྱི་བྱ་འགུལ་གཏིང་ཟབ་ཏུ་སྤེལ་མགོ་བརྩམས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ7ཚེས1ཉིན། མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་ནས་གནས་ཚུལ་འབྱོར་བ་ལྟར་ན། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས《ཀྲུང་བོད་སྨན་ཁང་གིས་བདེ་ཐང་སློབ་གསོ་གཏིང་ཟབ་སྤེལ་བའི་ལོ་གསུམ་གྱི་བྱ་འགུལ་ཇུས་གཞི(2026-2028ལོ)》པར་འགྲེམས་བྱས་པ་དང་། སྣ་མང་ཅན་གྱི་བདེ་ཐང་སློབ་གསོའི་གཡུལ་ས་བསྐྲུན་ཏེ། ཏན་ཏིག་སྒོས་སྨན་བཅོས་མི་སྣའི་བདེ་ཐང་སློབ་གསོའི་ཞབས་ཞུའི་ནུས་པ་ཆེ་རུ་བཏང་ནས། རྒྱུན་རྣམ་ཅན་དང་ཚད་ལྡན་ཅན་གྱི་བདེ་ཐང་སློབ་གསོའི་ལས་ཀའི་རྣམ་པ་ཞིག་ཆགས་པར་བྱས་འདུག ། 2028ལོར་སླེབས་དུས། ཞིང་ཆེན་ཡོངས་ཀྱི་ཀྲུང་བོད་སྨན་བཅོས་བདེ་ཐང་རིག་གནས་བྱང་ཚད28%སླེབས་སུ་འཇུག་རྒྱུ་རེད།

《ཇུས་གཞི》ཡིས་ཕྱོགས་དྲུག་ནས་བྱ་བའི་ལས་འགན་རྣམ་གྲངས་ཉེར་དྲུག་གསལ་སྟོན་བྱས་ཡོད་ལ། དེའི་ནང་བདེ་ཐང་སློབ་གསོའི་ལས་ཀའི་ཚད་གཞི་འཐུས་ཚང་དུ་གཏོང་བ་དང་། ལམ་ལུགས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ཞིབ་བཤེར་ལམ་སྲོལ་འཛུགས་པ། རྩ་འཛུགས་ཀྱི་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། བདེ་ཐང་ཚན་རྩལ་ཁྱབ་སྤེལ་གྱི་རྣམ་པ་ཚད་ལྡན་ཡོང་བར་འགན་ལེན་ཏན་ཏིག་དང་། བདེ་ཐང་མིན་པའི་ཆ་འཕྲིན་རྫུན་མ་ཁྱབ་སྤེལ་བྱེད་པ་གཏན་འགོག་བྱ་རྒྱུ་ཚུད་ཡོད། སྣ་མང་ཅན་གྱི་བདེ་ཐང་སློབ་གསོའི་གཡུལ་ས་གཏོད་པ་དང་། སྒོ་རའི་ནང་གི་ཡུལ་དངོས་གཡུལ་ས། དྲ་ཐོག་སྨྱན་སྦྱོར་གསར་པའི་གཡུལ་ས། སློབ་གསོའི་གཡུལ་ས་བསྐྲུན་ཏེ། བདེ་ཐང་དཔལ་ཡོན་ལྡན་པའི་འཚོ་བ་སྐྱེལ་སྟངས་དར་སྤེལ་གཏོང་དགོས། བརྒྱུད་རིམ་ཧྲིལ་པོའི་ནད་ཐོག་སྨན་བཅོས་ཀྱི་བདེ་ཐང་སློབ་གསོ་སྤེལ་ནས། སྒོ་བསྟེན་སྨན་བཅོས་ཀྱི་བདེ་ཐང་སློབ་གསོ་དང་། སྨན་ཁང་དུ་སྡོད་པའི་བདེ་ཐང་སློབ་གསོ། ཁམས་གསོའི་དུས་སྐབས་ཀྱི་བདེ་ཐང་སློབ་གསོ། དམངས་ཡོངས་ཀྱི་བདེ་ཐང་སློབ་གསོ་བཅས་སྤེལ་བ་བརྒྱུད། སློབ་གླིང་དང་ཚན་ཁག ། ནད་པ། བདེ་ཐང་མི་ཚོགས་བཅས་རིམ་པ་བཞི་མཉམ་འགུལ་གྱི་བདེ་ཐང་སློབ་གསོའི་ལས་ཀའི་མ་ལག་འཛུགས་དགོས། གཙོ་གནད་མི་ཚོགས་ཀྱི་བདེ་ཐང་སློབ་གསོ་གཏོང་ཤུགས་ཆེ་རུ་གཏོང་བ་དང་། དལ་བའི་ནད་ཕོག་མཁན་དང་། བྱིས་པ་དང་གཞོན་ནུ་ལོ་ཆུང་གི་ཚོགས་པ། ལོ་ལོན་གྱི་ཚོགས་པ། འགོས་ནད་ཕོག་སླ་བའི་མི་ཚོགས། བདེ་ཐང་ལྟར་སྣང་གི་མི་ཚོགས་བཅས་ལ་དམིགས་ནས། ནད་གཞི་བཅོས་པ་ནས་ནད་གཞི་འགོག་པའི་ཕྱོགས་སུ་བསྒྱུར་བར་སྐུལ་འདེད་གཏོང་དགོས། སྨན་ཁང་ཕྱིའི་བདེ་ཐང་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་རྒྱ་ཆེར་བཏང་ནས་ལས་ཀའི་གཞི་རྟེན་ཕུན་སུམ་ཚོགས་སུ་གཏོང་བ་དང་། བརྗོད་བྱ་གཙོ་བོའི་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་གོང་འོག་མཉམ་འགུལ་བྱེད་ཤུགས་ཆེ་རུ་བཏང་སྟེ་དམངས་ཡོངས་ཀྱིས་བདེ་ཐང་ལ་དོ་ཁུར་དང་བདེ་ཐང་ནང་ཞུགས་པའི་རྣམ་པ་བཟང་པོ་ཞིག་གཏོད་དགོས། སྨན་བཅོས་མི་སྣའི་བདེ་ཐང་སློབ་གསོའི་ནུས་པ་ཆེ་རུ་གཏོང་བ་དང་། ཆེད་དོན་གསོ་སྦྱོང་དང་བྱེད་སྒོ་རྒྱ་ཁྱབ་ཏུ་སྤེལ་བ། ཤེས་བྱ་གསོག་འཇོག་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་བདེ་ཐང་སློབ་གསོའི་ཞབས་ཞུའི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས།

《ཇུས་གཞི》ཡིས་རྒྱུན་རྣམ་ཅན་དང་ཚད་ལྡན་ཅན་གྱི་སྒོ་ནས་བདེ་ཐང་སློབ་གསོའི་ལས་དོན་སྤེལ་ཏེ། བདེ་ཐང་གི་འདུ་ཤེས་དེ་བདེ་ཐང་ཞབས་ཞུའི་བརྒྱུད་རིམ་ཧྲིལ་པོའི་ནང་མཉམ་འདྲེས་ཐུབ་པ་བྱེད་དགོས། སྨན་བཅོས་མི་སྣ་དང་འཕྲོད་བསྟེན་བདེ་ཐང་ལས་དོན་པས་སྣེ་ཁྲིད་དེ། བདེ་ཐང་གི་འཚོ་བའི་འདུ་ཤེས་དྲིལ་བསྒྲགས་དང་ལག་ལེན་དུ་བསྟར་བ་དང་། མང་ཚོགས་ལ་བདེ་ཐང་གི་འཚོ་བ་སྐྱེལ་སྟངས་ཆགས་རྒྱུར་ཉམས་ལེན་འབད་སྒྲུབ་ཀྱིས་ཁྲིད་སྟོན་བྱས་ཏེ། གྲོང་མིའི་བདེ་ཐང་བྱང་ཚད་ཀྱི་ཆུ་ཚད་ནུས་ལྡན་སྒོས་ཇེ་མཐོར་གཏོང་བ་དང་བདེ་ཐང་མཚོ་སྔོན་འཛུགས་སྐྲུན་ལ་རོགས་རམ་བྱེད་དགོས་པའི་རེ་བ་བཏོན། 

རྩོམ་སྒྲིག་པ། : ཁོན་ཐར་འཚོ།