ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི“ཕུལ་བྱུང་གཉིས་དང་སྔོན་ཐོན་གཅིག”གི་གཟེངས་བསྟོད་ཚོགས་ཆེན་པེ་ཅིང་དུ་འཚོགས། ཚའེ་ཆི་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་གནང་།

ཡོང་ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ།

 ཟླ7པའི་ཚེས3ཉིན། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན་དང་ཕུལ་བྱུང་ཏང་དོན་ལས་སྒྲུབ་པ། སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་བཅས་ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་པེ་ཅིང་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ།  ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཚའེ་ཆི་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་གནང་། 

ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན་དང་ཕུལ་བྱུང་ཏང་དོན་ལས་སྒྲུབ་པ། སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་བཅས་ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་ཟླ7ཚེས་3ཉིན་པེ་ཅིང་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ།  ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཚའེ་ཆི་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་གནང་། ཁོང་གིས་བསྟན་དོན། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་“བདུན་གཅིག”གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་དང་། ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་མཐར་ཕྱིན་བྱེད་པ། “གཏན་ཕབ་གཉིས་”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་སྔར་བས་གཏིང་ཟབ་བླངས་ནས། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ལེགས་པར་སྒྲུབ་དགོས།

ཟླ7པའི་ཚེས3ཉིན།  ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན་དང་ཕུལ་བྱུང་ཏང་དོན་ལས་སྒྲུབ་པ། སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་བཅས་ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་པེ་ཅིང་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ།  ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཚའེ་ཆི་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་གནང་།

ཚའེ་ཆི་ཡིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“བདུན་གཅིག་”གསུང་བཤད་གལ་ཆེན་གྱིས་ང་ཚོའི་ཏང་གིས་འོད་སྟོང་འཕྲོ་བའི་ཕུལ་བྱུང་གི་ཁྱད་ཆོས་ཟམ་མི་ཆད་པར་གཏོད་ཐུབ་དོན་གསལ་སྟོན་གཏིང་ཟབ་བྱས་ཡོད་པ་དང་། འཐབ་ལམ་གསར་པ་རུ་ཀྲུང་གོ་གུང་ཁྲན་ཏང་མི་ཡོངས་ཀྱིས་ཡིད་ཆེས་བརྟན་པོ་དང་རྒྱུན་མཐུད་འབད་འཐབ་བྱེད་པར་བླང་བྱ་གསལ་བོ་བཏོན་ནས། དུས་རབས་གསར་པ་དང་འཐབ་ལམ་གསར་པ་རུ་ཏང་གི་ལྟེ་བའི་ལས་འགན་མངོན་འགྱུར་བྱ་ཆེད་ཁ་ཕྱོགས་སྔར་བས་གསལ་སྟོན་གནང་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་མཛུབ་ཁྲིད་དུ་བཟུང་ནས། ཏང་གི་ཕུལ་བྱུང་ཁྱད་ཆོས་ཆེན་པོ་དྲུག་ཟམ་མི་ཆད་པར་དར་སྤེལ་དང་། ཏང་འཛུགས་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་ཤུགས་ཆེན་གཏོང་བ། “ངེས་པར་དུ་ལྔ”སྒྲུབ་ཐུབ་པ་བཅས་བྱས་ཏེ། དུས་རབས་དང་མི་དམངས་ལ་ངོ་གནོང་མི་དགོས་པའི་གྲུབ་འབྲས་གསར་པ་ཟམ་མི་ཆད་པར་བསྐྲུན་དགོས།

ཚའེ་ཆི་ཡིས་ནན་གྱིས་བསྟན་དོན།  མ་རྩོམ་ལྟ་བ་དང་མ་ཡིག་སྦྱོང་བ། མ་དོན་རྟོགས་པ་རྒྱུན་འཁྱོངས་བྱས་ཏེ། ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པའི་ཚན་རིག་གི་ནང་དོན་དང་གཞུང་ལུགས་ཀྱི་ལྟ་ཚུལ། ལག་ལེན་གྱི་བླང་བྱ་བཅས་ལ་གོ་བ་གཏིང་ཟབ་ལེན་དགོས་ལ། ཁྱིམ་སྐྱོང་ནུས་པ་ཤེས་པར་བྱེད་དགོས་ཤིང་། ལས་ཁུངས་ཀྱི་ཏང་གི་འཛུགས་སྐྱོང་སོ་སོར་མཛུབ་ཁྲིད་དང་སྐུལ་འདེད་བཏང་ནས། ལས་ཁུངས་ཀྱི་ཏང་འཛུགས་སྤུས་ཚད་སྤྱི་ཡོངས་ནས་མཐོ་རུ་གཏོང་དགོས། ད་ཐེངས་ཀྱི་གཟེངས་བསྟོད་ཐོབ་པའི་ཕུལ་བྱུང་མི་སྒེར་དང་སྔོན་ཐོན་ཚོགས་པ་མིག་དཔེར་བཟུང་སྟེ།  ཕུགས་བསམ་དད་མོས་ཇེ་བརྟན་དུ་གཏོང་བ་དང་། ཏང་ལ་བློ་དཀར་བ་དང་ལྷག་བསམ་རྣམ་དག་གིས་མི་དམངས་ལ་ཞབས་འདེགས་ཞུ་བ། དངོས་སྒྲུབ་ཀྱི་འགན་འཁྲི་འཁུར་ཕོད་པ། གཞུང་དྲང་སྤྱོད་གཙང་རྒྱུན་འཁྱོངས་བཅས་ཀྱི་ཐད་མདུན་དུ་སྐྱོད་པ་དང་མིག་དཔེ་སྟོན་དགོས།

ཚའེ་ཆི་ཡིས་སྡེ་ཁག་སོ་སོའི་ཏང་ཙུའུ་(ཏང་ཨུ་)ཡིས་ཏང་དོ་དམ་དང་ཏང་སྐྱོང་བའི་ཆབ་སྲིད་ཀྱི་འགན་འཁྲི་དོན་འཁྱོལ་ནན་མོ་བྱས་ཏེ།  སྲིད་འབྲས་ལྟ་བ་ཡང་དག་པ་འཛུགས་པ་དང་ལག་ལེན་དུ་བསྟར་བའི་སློབ་སྦྱོང་སློབ་གསོ་ཏན་ཏིག་གིས་སྤེལ་དགོས། ལས་ཁུངས་ཀྱི་གཞི་རིམ་ཏང་རྩ་འཛུགས་ཀྱིས་ཏང་ཡོན་གྱི་སློབ་གསོ་དོ་དམ་ལྟ་སྐུལ་ལ་ཤུགས་བསྣན་ནས། ལས་སྒྲུབ་ལས་གཏོད་དང་འགག་སྒྲོལ་དཀའ་སེལ་གྱི་སྙིང་སྟོབས་འཕེལ་བར་བྱེད་དགོས་པའི་བླང་བྱ་བཏོན།

ཚོགས་འདུ་ལས་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན123དང་། ཕུལ་བྱུང་ཏང་དོན་ལས་སྒྲུབ་པ126།   སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས285བཅས་ལ་གཟེངས་བསྟོད་བྱས། 

རྩོམ་སྒྲིག་པ། : ཁོན་ཐར་འཚོ།