《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་པོད་ལྔ་པའི་ཐུར་ཁེ་ཡི་པར་གཞིའི་འོས་སྦྱོར་ངོ་སྤྲོད་ཚོགས་འདུ་ཨན་ཁ་ལ་རུ་བསྡུས། ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས།《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་པོད་ལྔ་པའི་འོས་སྦྱོར་ངོ་སྤྲོད་ཚོགས་འདུ་ཚེས་གཅིག་ཉིན་ཐུར་ཁེ་ཡི་རྒྱལ་ས་ཨན་ཁ་ལ་རུ་བསྡུས། ཚོགས་ཞུགས་སྐུ་མགྲོན་རྣམས་ཀྱིས《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་པོད་ལྔ་པ་ནི་ཁྱོན་ཡོངས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་གྲུབ་འབྲས་གསར་བ་བརྒྱུད་རིམ་ལྡན་པའི་སྒོ་ནས་མཚོན་པའི་དབང་གྲགས་ལྡན་པའི་གསུང་རྩོམ་ཞིག་ཡིན་ཞིང་། འཐབ་ལམ་གསར་པའི་སྟེང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གསོན་ཉམས་ལྡན་པའི་སྒོ་ནས་མཚོན་ཡོད་ལ། ཀྲུང་གོས་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་པར་སྐུལ་འདེད་གཏོང་བའི་འདུ་ཤེས་དང་ཇུས་གཞི་རྒྱས་བཤད་གཏིང་ཟབ་བྱས། ཀྲུང་གོ་དང་ཐུར་ཁེ་བར་འབྲེལ་བ་བཙུགས་ནས་ལོ་ངོ55འཁོར་བའི་སྐབས་འདིར། རྒྱལ་ཁབ་གཉིས་ཀྱིས་དེང་རབས་ཅན་བརྗོད་དོན་བྱས་ཏེ་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་ཉམས་མྱོང་བརྗེ་རེས་བྱས་པ་དེ། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་ལ་སྐུལ་འདེད་གཏོང་བ། ལག་གདང་སྦྲེལ་ནས་དེང་རབས་ཅན་གྱི་ལམ་བུའི་སྟེང་ལེགས་པོར་བསྐྱོད་པ་བཅས་ལ་ཕན་པ་ཡོད།