ད་ལོ་ནི་ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ105འཁོར་བའི་ལོ་ཡིན། གསར་བརྗེ་གཞི་རྒྱུ་རྒྱུན་འཛིན་དང་སྙིང་སྟོབས་ཁྲག་རྒྱུན་རྒྱུན་འཛིན་བྱེད་ཆེད། ཟླ6པའི་ཚེས30ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་དམངས་ཆེན་ལས་ཁུངས་ཀྱིས་ཏང་ལ་ཞུགས་པའི་གཟི་བརྗིད་ཀྱི་ལོ་ངོ50ཞེས་པའི་རྗེས་དྲན་རྟགས་མ་གནང་བའི་མཛད་སྒོ་སྤེལ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡིས་ཏང་ཡོན་རྒན་པའི་འཐུས་ཚབ་ཕིན་ཁི་མུན་དང་ཏུང་ཀྲིན་ཧྥིན་སོགས་ལ་ཏང་ལ་ཞུགས་པའི་གཟི་བརྗིད་ཀྱི་ལོ་ངོ50ཞེས་པའི་རྗེས་དྲན་རྟགས་མ་གནང་།
ཏང་ལ་ཞུགས་པའི་གཟི་བརྗིད་ཀྱི་ལོ་ངོ50ཞེས་པའི་རྗེས་དྲན་རྟགས་མ་གནང་བ་ནི་ཏང་གི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུ་བའི་བྱེད་སྒོ་གལ་ཆེན་ཞིག་ཡིན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་བློ་མཐུན་རྒན་པར་གོང་བཀུར་དང་ཐུགས་ཁུར། གཅེས་སྐྱོང་བཅས་གནང་བ་མཚོན་ཡོད་ལ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རིམ་པ་གཉིས་ཀྱི་ཏང་ཙུའུ་ཡིས་ལས་བྱེད་རྒན་པའི་བྱ་བར་ཚད་མཐོའི་མཐོང་ཆེན་དང་བརྩེ་བའི་ཐུགས་ཁུར་གནང་བ་མཚོན་ཡོད། ཏང་ཡོན་དང་ལས་བྱེད་ལས་བཟོ་བ་ཡོངས་ཀྱིས་སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོ་ཟབ་སྤེལ་དང་། དམངས་ཆེན་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་མཐུད་སྐུལ་འདེད་གཏོང་བར་སྒུལ་ཤུགས་ཆེན་པོ་བསྩལ་ཡོད།
རྗེས་དྲན་རྟགས་མ་གནང་བའི་མཛད་སྒོར་ཞུགས་པའི་ལས་བྱེད་ལས་བཟོ་བས་གཅིག་གྱུར་གྱིས་བསྟན་དོན། ཏང་ཡོན་རྒན་པ་མིག་དཔེ་རུ་བཟུང་སྟེ། ཐོག་མཐའ་བར་གསུམ་དུ་ཏང་གི་གསུང་ལ་ཉན་པ་དང་། ཏང་གི་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲངས་པ་བཅས་བྱས་ནས། དགོངས་དོན་ཡིད་ལ་བརྟན་པོར་འཛིན་པ་དང་། བློ་གཅིག་སེམས་གཅིག་གིས་དམངས་ལ་ཞབས་འདེགས་ཞུ་བའི་གཞུང་ཞབས་བརྩེ་བ་རྒྱུན་འཛིན་དང་དར་སྤེལ་ལེགས་པོ་བྱས་ཏེ། མི་དམངས་ཀྱི་ལངས་ཕྱོགས་སུ་བརྟན་པོར་ལངས་ཏེ། དམངས་ཀྱི་འདོད་བློ་བསྡུ་བ་དང་། དམངས་ཀྱི་བློ་གྲོས་བསྡུ་བ། དམངས་སེམས་སྒྲིལ་བ་བཅས་ཀྱི་སྒོ་ནས། མི་དམངས་ཀྱིས་རང་ཁྱིམ་རང་བདག་འགན་སྲུང་བྱེད་པ་དང་། དམངས་འཚོའི་བདེ་སྐྱིད་ཆེ་རུ་གཏོང་བར་བྱས་རྗེས་གསར་པ་འཇོག་དགོས། བརྩོན་པས་ལས་སྒྲུབ་དང་དཀའ་སྤྱད་ལས་གཏོད་ཀྱི་དངོས་སྒྲུབ་སྙིང་སྟོབས་རྒྱུན་འཛིན་ལེགས་པོ་དང་དར་སྤེལ་ལེགས་པོ་བཏང་སྟེ། འགན་སྒྲུབ་འགན་ཁུར་དང་འགན་ཁུར་བྱས་རྗེས་བཞག་ནས། ལག་ལེན་དང་མི་དམངས། ལོ་རྒྱུས་བཅས་ཀྱི་ཉམས་སད་ཐེག་ཐུབ་པའི་དངོས་འབྲས་བསྐྲུན་དགོས། སྒྲིག་སྲོལ་དང་སྒྲིག་ཁྲིམས་བརྩི་སྲུང་། རང་གཅུན་ནན་མོ་བྱེད་པ་སོགས་ཀྱི་སྤྱོད་ཚུལ་བཟང་པོ་རྒྱུན་འཛིན་ལེགས་པོ་དང་དར་སྤེལ་ལེགས་པོ་བྱས་ཏེ། སྒྲིག་ཁྲིམས་སྒྲིག་སྲོལ་ནན་སྲུང་དང་། སྤྱོད་གཙང་དྲང་གཞག་གསོ་སྐྱོང་བྱས་ཏེ། རང་རྟོགས་ཀྱིས་ཆབ་སྲིད་ཁོར་ཡུག་ལེགས་པོ་དང་སྤྱི་ཚོགས་མཁའ་དབུགས་ལེགས་པོའི་སྣེ་ཁྲིད་པ་དང་གསར་སྐྲུན་པ། སྲུང་སྐྱོང་པ་བཅས་བྱེད་དགོས།