རང་ཞིང་གིས་ཀྲུང(བོད)ལུགསསྨན་ཁང་གི་བདེ་ཐང་སློབ་གསོའི་ལོ་གསུམ་གྱི་བྱ་སྤྱོད་སྤེལ་མགོ་ཚུགས་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ7པའི་ཚེས1ཉིན། མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས《ཀྲུང(བོད)ལུགས་གསོ་རིག་སྨན་ཁང་གིས་བདེ་ཐང་སློབ་གསོ་གཏིང་ཟབ་སྤེལ་བའི་ལོ་གསུམ་གྱི་བྱ་སྤྱོད་ཇུས་གཞི(2026ལོ་ནས2022ལོ་བར)》བཀྲམས་ནས་སྣ་མང་ཅན་གྱི་བདེ་ཐང་སློབ་གསོའི་འཐབ་ས་བསྐྲུན་པ་དང་། སྨན་དོན་མི་སྣའི་བདེ་ཐང་སློབ་གསོའི་ཞབས་ཞུའི་ནུས་པ་ཆེ་རུ་ཏན་ཏིག་བཏང་ནས་རྒྱུན་རྣམ་ཅན་དང་ཚད་ལྡན་ཅན་གྱི་བདེ་ཐང་སློབ་གསོའི་ལས་དོན་སྤེལ་སྟངས་ཆགས།  2022ལོར་སླེབས་དུས་ཞིང་ཆེན་ཡོངས་ཀྱི་ཀྲུང(བོད)ལུགས་སྨན་རྫས་བདེ་ཐང་རིག་གནས་ཀྱི་བྱང་ཚད28%ཟིན་ཐུབ་པ་བྱ་རྒྱུ་རེད།

《ཇུས་གཞི》ཡི་ནང་ཕྱོགས་དྲུག་ཐད་ནས་བདེ་ཐང་སློབ་གསོའི་བྱ་བའི་ཚད་གཞི་འཐུས་སྒོ་ཇེ་ཚང་དུ་གཏོང་བ་དང་། ལམ་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན།  ཞིབ་བཤེར་ལམ་སྲོལ་འཛུགས་པ།  རྩ་འཛུགས་ཀྱི་མགོ་ཁྲིད་ལ་ཤུགས་སྣོན་པ། བདེ་ཐང་ཚན་རིག་ཁྱབ་གདལ་གྱི་རྣམ་པ་ཚད་ལྡན་ཡོང་བར་འགན་སྲུང་བཅས་ཚུད་པའི་ལས་འགན21ཁ་གསལ་བཟོས། སྣ་མང་ཅན་གྱི་བདེ་ཐང་སློབ་གསོའི་གཡུལ་ས་གཏོད་པ་དང་། སྒོ་རའི་ནང་གི་དྲ་ཕྱིའི་གཡུལ་ས་དང་དྲ་ཐོག་གི་སྨྱན་སྦྱོར་གསར་པའི་གཡུལ་སར་བརྟེན་པ། སློབ་གསོའི་གཡུལ་ས་གཏོད་པ།  བདེ་ཐང་དང་དཔལ་ཡོན་གྱི་འཚོ་བ་སྐྱེལ་སྟངས་དར་སྤེལ་གཏོང་བ་བཅས་བྱེད་དགོས། བརྒྱུད་རིམ་ཧྲིལ་པོའི་ནད་ཐོག་སྨན་བཅོས་ཀྱི་བདེ་ཐང་སློབ་གསོ་སྤེལ་བ་དང་། སྒོ་བསྟེན་བདེ་ཐང་སློབ་གསོ་དང་། སྨན་ཁང་དུ་སྡོད་པའི་བདེ་ཐང་སློབ་གསོ།  བདེ་ཐང་སླར་གསོའི་དུས་སྐབས་ཀྱི་བདེ་ཐང་སློབ་གསོ།  དམངས་ཡོངས་ཀྱི་བདེ་ཐང་སློབ་གསོ་བཅས་སྤེལ་བ་བརྒྱུད“སྨན་ཁང་དང་། ཚན་ཁག ནད་པ། བདེ་ཐང་མི་ཚོགས”བཅས་རིམ་བཞིའི་མཉམ་འགུལ་གྱི་བདེ་ཐང་སློབ་གསོའི་ལས་དོན་མ་ལག་འཛུགས་དགོས། མི་ཚོགས་གཙོ་བོའི་བདེ་ཐང་སློབ་གསོར་ཤུགས་སྣོན་བརྒྱབ་སྟེ་གཅོང་ནད་ཕོག་མཁན་དང་། བྱིས་པ་དང་གཞོན་ནུ་ལོ་ཆུང་ཚོགས་སྤྱི། རྒན་རྒོན་ཚོགས་སྤྱི།  འགོ་ནད་འགོ་སླ་བའི་མི་ཚོགས། བདེ་ཐང་ལྟར་སྣང་གི་མི་ཚོགས་བཅས་ལ་དམིགས་ནས“ནད་བཅོས”ནས“ནད་འགོག”བར་གྱི་འགྱུར་ལྡོག་ལ་སྐུལ་འདེད་གཏོང་དགོས། སྨན་ཁང་ཕྱིའི་བདེ་ཐང་དྲིལ་སྒྲོག་སློབ་གསོའི་བྱེད་སྒོ་རྒྱ་ཆེར་བཏང་ནས་བྱ་བའི་གཞི་རྟེན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། བརྗོད་དོན་གཙོ་བོའི་དྲིལ་སྒྲོག་བྱེད་ཤུགས་ཆེ་རུ་གཏོང་བ།  གོང་འོག་མཉམ་འགུལ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་དམངས་ཡོངས་ཀྱིས་བདེ་ཐང་ལ་དོ་ཁུར་དང་བདེ་ཐང་ནང་ཞུགས་པའི་རྣམ་པ་བཟང་པོ་ཞིག་གཏོད་དགོས། སྨན་དོན་མི་སྣའི་བདེ་ཐང་སློབ་གསོའི་ནུས་པ་ཆེ་རུ་གཏོང་བ་དང་། ཆེད་དོན་གསོ་སྦྱོང་བྱེད་པ།  བྱེད་སྒོ་རྒྱ་ཁྱབ་སྤེལ་བ། ཤེས་བྱ་གསོག་འཇོག་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་བདེ་ཐང་སློབ་གསོའི་ཞབས་ཞུའི་སྤུས་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་གཏོང་དགོས།

《ཇུས་གཞ》ཡི་ནང་རྒྱུན་རྣམ་ཅན་དང་ཚད་ལྡན་ཅན་གྱི་སྒོ་ནས་བདེ་ཐང་སློབ་གསོའི་ལས་དོན་སྤེལ་ཏེ་བདེ་ཐང་གི་འདུ་ཤེས་དེ་བདེ་ཐང་ཞབས་ཞུའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་ཏུ་འཇུག་དགོས། སྨན་དོན་མི་སྣ་དང་འཕྲོད་བསྟེན་བདེ་ཐང་ལས་དོན་པས་སྣེ་ཁྲིད་དེ་བདེ་ཐང་གི་འཚོ་བའི་འདུ་ཤེས་དྲིལ་སྒྲོག་དང་ལག་ལེན་བསྟར་བ་དང་། མང་ཚོགས་ལ་བདེ་ཐང་གི་འཚོ་བ་རོལ་སྟངས་ཆགས་པར་དངོས་སུ་ཁྲིད་སྟོན།     གྲོང་མིའི་བདེ་ཐང་བྱང་ཚད་ཇེ་མཐོར་ནུས་ལྡན་གཏོང་བ་བཅས་བྱས་ནས་བདེ་ཐང་གི་མཚོ་སྔོན་འཛུགས་སྐྲུན་ལ་རམ་འདེགས་བྱེད་དགོས་པའི་བླང་བྱ་བཏོན། 

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།