ལུའོ་ཏུང་ཁྲོན་གྱིས་ཞིང་ཆེན་ཞིབ་དཔྱོད་ཁང་དུ་རྟོག་ཞིབ་བྱས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ7པའི་ཚེས2ཉིན་གྱི་སྔ་དྲོ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་ཞིང་ཆེན་ཞིབ་དཔྱོད་ཁང་དུ་རྟོག་ཞིབ་བྱས་པར་མ་ཟད། “སྲིད་གཞུང་དང་ཞིབ་དཔྱོད་མཉམ་འགུལ”གྱི་ལས་དོན་སྐུལ་འདེད་ཚོགས་འདུར་ཞུགས། ཁོས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་གི་ཁྱོན་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་པ།  ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ། དམངས་འཚོ་ཆེས་ཆེར་འཛིན་པ་དང་ཞིབ་དཔྱོད་དམངས་དོན་དུ་འཛིན་པ་རྒྱུན་འཁྱོངས་བྱེད་པ། ཞིང་ཆེན་ཡོངས་ཀྱི“མིག་མངས་འགྲིག་སྐོར་གཅིག”གི་བསམ་བློ་བརྟན་པོར་འཛུགས་པ། ཁྲིམས་ལྟར་སྲིད་འཛིན་དང་དྲང་གཞག་ཁྲིམས་འཛིན་འབྲེལ་མཐུད་དམ་ཚགས་དང་ཕྱོགས་གཉིས་ཀྱི་ནུས་པ་སྤྲོད་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས། ལམ་ལུགས་ཀྱི་ལེགས་ཆ་དེ་སྤྱི་ཚོགས་བཅོས་སྐྱོང་གི་ཕན་ནུས་སུ་འགྱུར་བར་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁྲིམས་སྐྱོང་གི་འགན་སྲུང་བརྟན་པོ་མཁོ་འདོན་བྱེད་དགོས་ཞེས་ནན་གྱིས་བསྟན།

ལུའོ་ཏུང་ཁྲོན་གྱིས་ཞིང་ཆེན་ཞིབ་དཔྱོད་ཁང་གི12309ཞིབ་དཔྱོད་ཞབས་ཞུ་ལྟེ་གནས་སུ། གྱོད་གཞི་བདག་སྤྲོད་དང་འཕྲིན་བཅར་སྣེ་ལེན་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་རྗེས་བསྟན་དོན། 12309ཞིབ་དཔྱོད་ཞབས་ཞུ་ལྟེ་གནས་ནི་ཞིབ་དཔྱོད་ལས་ཁུངས་ཀྱིས་མང་ཚོགས་ལ་འབྲེལ་གཏུག་དང་ཞབས་འདེགས་ཞུ་བའི་འབྲེལ་ལམ་གལ་ཆེན་ཞིག་ཡིན་པས། དམངས་ཀྱི་ཆེད་དུ་དཀའ་ངལ་སེལ་བ་དང་ཏང་གི་ཆེད་དུ་སེམས་ཁྲལ་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ཏན་ཏིག་ངང་འཁུར་ནས། རྒྱུན་རྣམ་ཅན་གྱི་འགལ་བ་དང་རྩོད་གཞི་འབྱུང་རྩ་ནས་སེལ་ཐབས་བྱེད་པ་དང་། མང་ཚོགས་ཀྱི་ལུགས་མཐུན་རེ་འདུན་བློ་རྩེ་གཅིག་སྒྲིམ་གྱིས་ཡག་པོར་བསྒྲུབས་ཏེ། མང་ཚོགས་ཀྱི་ཁྲིམས་འཛིན་ཐོབ་ཚོར་དང་བློ་ཡིད་ཚིམ་ཚད་རྒྱུན་མཐུད་ངང་མཐོ་རུ་གཏོང་དགོས། ལུའོ་ཏུང་ཁྲོན་གྱིས་ཞིང་ཆེན་ཞིབ་དཔྱོད་ཁང་གི་ལས་བཟོ་པའི་དཔེ་ཁང་དུ། མཚོ་སྔོན་ཞིབ་དཔྱོད་ལས་ཁུངས་ཀྱི་གཅིག་གྱུར་ལས་དོན་སྟེགས་བུའི་འགྲེམས་སྟོན་ལ་བལྟས་པ་དང་། རིག་ནུས་ཅན་གྱི་འཛུགས་སྐྲུན་གནས་ཚུལ་ངོ་སྤྲོད་ལ་ཉན་རྗེས་ནན་གྱིས་བསྟན་དོན། “འཛུགས་སྐྲུན་དང་བེད་སྤྱོད་མཉམ་སྤེལ་དང་། བེད་སྤྱོད་ལ་བརྟེན་ནས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ”རྒྱུན་འཁྱོངས་བྱས་ཏེ། གཅིག་གྱུར་འཆར་འགོད་ལ་སྔར་ལས་ཤུགས་སྣོན་པ་དང་ལྟ་སྐུལ་དཔེ་དབྱིབས་ཇེ་ལེགས་སུ་གཏོང་བ། གཞི་གྲངས་མཉམ་སྤྱོད་གཏིང་ཟབ་ཏུ་གཏོང་བ། ནུས་པའི་མ་དབྱིབས་འཐུས་ཚང་དུ་གཏོང་བ། བེད་སྤྱོད་རྣམ་པ་རྒྱ་སྐྱེད་གཏོང་བ། གྲངས་འཛིན་རིག་སྟོབས་ཅན་ལ་བརྟེན་ནས་ཞིབ་དཔྱོད་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་འདོམས་བྱེད་དགོས།

དེའི་རྗེས་འཚོགས་པའི“སྲིད་གཞུང་དང་ཞིབ་དཔྱོད་མཉམ་འགུལ”ལས་དོན་ལ་སྐུལ་འདེད་གཏོང་བའི་ཚོགས་འདུའི་སྟེང་དུ། ལུའོ་ཏུང་ཁྲོན་གྱིས་བསྟན་དོན། “སྲིད་གཞུང་དང་ཞིབ་དཔྱོད་མཉམ་འགུལ”སྤེལ་བ་དེ་ནི། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཁྲིམས་སྐྱོང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་དགོས་མཁོ་རྣལ་མ་ཞིག་ཀྱང་ཡིན་པས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་དམིགས་བསལ་ལེགས་ཆ་གང་ལེགས་མངོན་ཡོད་པས། ངེས་པར་དུ་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་གྱི་ཁྱོན་ཡོངས་ཁྲོད་བཞག་ནས་ཇུས་འགོད་དང་སྐུལ་འདེད་གཏོང་དགོས། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པར་ཞབས་འདེགས་ཞུ་བའི་ཐད་མཉམ་འགུལ་གཏིང་ཟབ་ཏུ་གཏོང་བ་དང་། སྐྱེ་ཁམས་ཁོར་ཡུག་སྐོར་གྱི་ཁྲིམས་གཞུང་དང་རྒྱལ་ཁབ་སྤྱི་གླིང་སྐོར་གྱི་བཅའ་ཁྲིམས། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་སྐོར་གྱི་བཅའ་ཁྲིམས་བཅས་ལག་བསྟར་ནན་ཏན་བྱེད་པ། སྲིད་འཛིན་ལྟ་སྐུལ་དོ་དམ་དང་སྤྱི་ཕན་གཏུག་བཤེར་ཞིབ་དཔྱོད་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ། གྱོད་གཞི་རིགས་ལ་ལྟ་སྐུལ་དང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ཁོར་ཡུག་ཐད་ཀྱི་ཁྲིམས་འགལ་བྱ་སྤྱོད་ལ་ཁྲིམས་ལྟར་ཉེས་ཆད་གཅོད་དགོས། ཞབས་ཞུ་འགན་ལེན་ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་ཐད་མཉམ་འགུལ་གཏིང་ཟབ་ཏུ་གཏོང་བ་དང་། དྲང་གཞག་དང་ཡ་རབས་ལྡན་པའི་ཁྲིམས་འཛིན་ཚད་ལྡན་ནན་མོ་བཟོ་བ། ཁྲིམས་ལྟར་གཉེར་སྐྱོང་བྱེད་པོར་འདྲ་མཉམ་སྲུང་སྐྱོབ་བཅས་བྱས་ཏེ། བརྟན་བརླིང་དང་དྲང་གཞག ཁ་གསལ། སྔོན་དཔག་ཐུབ་པ་བཅས་ཀྱི་ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་སུ་གཏོང་དགོས། དམངས་འཚོའི་བདེ་སྐྱིད་ལ་ཞབས་འདེགས་ཞུ་བའི་ཐད་མཉམ་འགུལ་གཏིང་ཟབ་ཏུ་གཏོང་བ་དང་། ངལ་རྩོལ་ལས་ཞུགས་དང་སྤྱི་ཚོགས་འགན་སྲུང་། སློབ་གསོ་སྨན་བཅོས་སོགས་དམངས་འཚོའི་གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་བ་དང་། ཁྲིམས་འཛིན་རོགས་སྐྱོབ་དང་སྤྱི་ཚོགས་རོགས་སྐྱོབ་འབྲེལ་མཐུད་དམ་ཚགས་ཡོང་བར་སྐུལ་འདེད་བཏང་སྟེ། མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་གང་ལེགས་བྱེད་དགོས། དུས་བདེའི་མཚོ་སྔོན་འཛུགས་སྐྲུན་ལ་ཞབས་འདེགས་དང་སྐུལ་འདེད་གཏོང་བའི་ཐད་མཉམ་འགུལ་གཏིང་ཟབ་ཏུ་བཏང་ནས། ཁྲིམས་ལྟར་ཉེས་གསོག་ལ་རྡུང་རྡེག་དང་ཆད་གཅོད་ནན་མོ་བྱེད་པ་དང་། འགལ་བ་དང་རྩོད་གཞི་སྣ་མང་ཅན་གྱི་ཐག་གཅོད་ལམ་སྲོལ་མཐུན་སྦྱོར་ངང་འཛུགས་པ། བློ་གྲོས་ལྡན་པའི་ཁྲིམས་ལུགས་ཁྱབ་གདལ་དང་གནད་ལ་འཁེལ་བའི་ཁྲིམས་ལུགས་ཁྱབ་གདལ། གྱོད་གཞིར་བརྟེན་ནས་ཁྲིམས་འགྲེལ་བྱེད་པ་སོགས་ཀྱི་བྱེད་སྒོ་རྒྱུན་རྣམ་ཅན་དུ་སྤེལ་ནས། སྤྱི་ཚོགས་ཡོངས་སུ་ཁྲིམས་ལ་བརྩི་འཇོག་དང་ཁྲིམས་ལ་སློབ་པ། ཁྲིམས་སྲུང་བ། ཁྲིམས་བཀོལ་བ་བཅས་ཀྱི་ཁོར་ཡུག་ལེགས་པོ་གྲུབ་པར་འབད་དགོས། མཐུན་སྦྱོར་ལས་དོན་གྱི་རྣམ་པ་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། ཉེས་ཆད་ལག་བསྟར་སྦྲེལ་མཐུད་ཀྱི་ཁ་ཟུམ་མ་ལག་འཐུས་ཚང་དུ་གཏོང་བ། ཉམས་མྱོང་ཡག་པོ་དང་བྱེད་ཐབས་ཡག་པོ་དེ་སྲིད་ཇུས་འཐུས་ཚང་དུ་གཏོང་བ་དང་ལྟ་སྐུལ་དོ་དམ་ཇེ་ལེགས་སུ་གཏོང་བ། སྐྱོན་ཆ་འགོག་པ་བཅས་ཀྱི་ཞིབ་ཕྲའི་བྱེད་ཐབས་སུ་བསྒྱུར་ནས། “སྲིད་གཞུང་དང་ཞིབ་དཔྱོད་མཉམ་འགུལ”གྱི་ཚད་ལྡན་ཅན་དང་ལམ་ལུགས་ཅན་། ཡུན་ཕན་ཅན་བཅས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས།

ལི་ཧུང་ཡ་དང་གྲ་ཆིང་ཅིའུ་རྟོག་ཞིབ་ལས་སྒོའི་ཁྲོད་ཞུགས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།