ཞི་ཅིན་ཕིང་གིས་ཏི་ལཱ་ཨེ་སི་ཕུའུ་ལེ་ཡ་ལ་གློག་འཕྲིན་བཏང་ནས་ཁོ་རང་ཁོ་ལོམ་པི་ཡའི་སྲིད་འཛིན་ལ་བདམས་པར་རྟེན་འབྲེལ་ཞུས།

ཡོང་ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ།

ཟླ6པའི་ཚེས29ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཏི་ལཱ་ཨེ་སི་ཕུའུ་ལེ་ཡ་ལ་གློག་འཕྲིན་བཏང་ནས་ཁོ་རང་ཁོ་ལོམ་པི་ཡ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ལ་བདམས་པར་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཁོ་ལོམ་པི་ཡ་ནི་འཐབ་ཇུས་མཉམ་ལས་གྲོགས་པོ་ཡིན། འབྲེལ་བ་བཙུགས་ནས་ལོ46འཁོར་བའི་རིང་། ཀྲུང་གོ་དང་ཁོ་ལོམ་པི་ཡའི་འབྲེལ་བས་རྒྱལ་སྤྱིའི་འགྱུར་ལྡོག་གི་ཚོད་བགམ་བརྒྱུད་ནས་ཐོག་མཐའ་བར་གསུམ་དུ་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་རྒྱུན་འཁྱོངས་བྱེད་ཐུབ་ཡོད། རྒྱལ་ཁབ་གཉིས་ཀྱིས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་རྒྱུན་མཐུད་ངང་ཇེ་བརྟན་དུ་ཕྱིན་པ་དང་། མི་དམངས་ཀྱི་མཛའ་བརྩེ་མི་སེམས་ལ་གཏིང་ཟབ་ཏུ་ཟུག་ཅིང་། སྤུས་ཚད་མཐོ་བའི་ངང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་ལ་རྒྱུན་ཆད་མེད་པར་འཕེལ་རྒྱས་གསར་པ་བྱུང་ཡོད། ངས་ཀྲུང་ཁོའི་འབྲེལ་བའི་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་ལ། ཏི་ལཱ་ཨེ་སི་ཕུའུ་ལེ་ཡ་སྲིད་འཛིན་ལ་བདམས་ཐོན་བྱུང་བ་དང་མཉམ་དུ་འབད་བརྩོན་བྱས་ནས། རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་ལས་སྔར་བས་གཏིང་ཟབ་ཏུ་གཏོང་འདོད་ཡོད་པ་དང་། ཀྲུང་གོ་དང་ཁོ་ལོམ་པི་ཡའི་འཐབ་ཇུས་གྲོགས་པོའི་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་ཁྲིད་སྟོན་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་བདེ་སྐྱིད་ཡག་པོ་བསྐྲུན་དགོས་ཞེས་གསུངས།

ཉིན་དེར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲེང་གིས་ཁོ་ལོམ་པི་ཡའི་སྲིད་འཛིན་གཞོན་པ་ལེ་སི་ཐེ་ལེ་པོ་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།