ཟླ6ཚེས30ཉིན། ཞིང་ཆེན་རྒྱལ་ཁོངས་ཐོན་ཁུངས་ཨུ་ཡོན་ལྷན་ཁང་ཏང་ཨུ་ཡིས་ཞིང་ཆེན་རྒྱལ་ཁོངས་ཐོན་ཁུངས་ཨུ་ཡོན་ལྷན་ཁང་ཁོངས་གཏོགས་ཀྱི་ཕུལ་བྱུང་གཉིས་དང་སྔོན་ཐོན་གཅིག་གི་གཟེངས་བསྟོད་ཚོགས་ཆེན་བསྡུས་ནས་ཕུལ་བྱུང་གུང་ཁྲན་ཏང་ཡོན་དང་། ཕུལ་བྱུང་ཏང་དོན་ལས་བྱེད་མི་སྣ། སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་བཅས་ལ་གཟེངས་བསྟོད་བྱས། ཧྲིན་ཀྲང་གཞོན་པ། ཞིང་ཆེན་རྒྱལ་ཁོངས་ཐོན་ཁུངས་ཨུ་ཡོན་ལྷན་ཁང་གི་ཏང་ཨུའི་ཧྲུའུ་ཅི་ལུའི་ཁྲའོ་ཚོགས་འདུར་ཞུགས་པཪ་མ་ཟད་གཏམ་བཤད།
ཚོགས་འདུ་ལས་བསྟན་དོན། རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་ཁོངས་གཏོགས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་གུང་ཁྲན་ཏང་ཡོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ། དད་སེམས་བརྟན་པོ་དང་། དངོས་སྒྲུབ་ཁག་འཁུར། སྤྱོད་ཚུལ་བཟང་བ་བཅས་ཀྱི་སྔོན་ཐོན་དཔེ་མཚོན་འབོར་ཆེན་ཞིག་ཐོན་ཡོད་པ་དང་། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱལ་དབང་ཁེ་ལས་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཡོད།
ཚོགས་འདུ་ལས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་ལས་བཟོ་བ་ཚོས་ད་ཐེངས་ཀྱི་གཟེངས་བསྟོད་དེ་འགོ་འཛུགས་ས་གསར་པར་བརྩིས་ནས་དཔེ་སྟོན་གྱི་་སྟོབས་ཤུགས་འཕེལ་བཪ་བྱས་ཏེ་ལས་གནས་དང་འགན་འཁྲི་ལ་གཞི་ཚུགས་ནས་ལེགས་སྐྱེས་འབུལ་དགོས། རང་རྟོགས་ངང་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱི་དད་མོས་བརྟན་པོ་བྱེད་མཁན་དང་ལག་ལེན་ཧུར་ཐག་བྱེད་མཁན་བྱས་ནས་སློབ་སྦྱོང་གི་གྲུབ་འབྲས་དེ་བྱ་བའི་འགན་འཁྲི་ཡག་པོ་སྒྲུབ་པ་དང་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་དོན་འཁྱོལ་བྱེད་དགོས། རང་རྟོགས་ངང་ཏང་ལ་བློ་དཀར་སེམས་དཀར་བྱེད་མཁན་གྱི་དཔེ་སྟོན་ལག་ལེན་མཁན་བྱས་ནས་ཆབ་སྲིད་ཀྱི་སྦྱོང་བརྡར་ལ་རྒྱུན་མཐུད་ངང་ཤུགས་སྣོན་རྒྱག་པ་དང་། ཕུགས་བསམ་དང་དད་སེམས་ཇེ་བརྟན་དུ་གཏོང་བ། ཏང་ལ་ལྷག་བསམ་རྣམ་དག་བྱེད་ཚད་ཇེ་བརྟན་དུ་གཏོང་བ། མི་དམངས་ཀྱི་ལངས་ཕྱོགས་ཇེ་བརྟན་དུ་གཏོང་བ། ཀུན་སྤྱོད་བློ་སྦྱོང་ཞུན་བརྡར་བྱེད་པ། སྤྱོད་གཙང་གཞུང་དྲང་བརྟན་སྲུང་བཅས་བྱེད་དགོས། རང་རྟོགས་ཀྱིས་དམངས་ལ་བདེ་སྐྱིད་བསྐྲུན་པའི་སྒེར་མེད་ཀྱི་ལེགས་སྐྱེས་འབུལ་མཁན་ཞིག་བྱེད་པ་དང་། སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པ། ངས་མང་ཚོགས་ལ་དོན་དངོས་སྒྲུབ་པ་གཏིང་ཟབ་ཏུ་བཏང་སྟེ། ཐབས་ཇུས་ཁག་སྔར་ལས་དོན་དངོས་དང་མཐུན་པ་དང་། དམངས་སེམས་དང་མཐུན་པ། ཆོས་ཉིད་དང་མཐུན་པ་བཅས་ཡོང་བར་བྱེད་དགོས། རང་རྟོགས་ཀྱིས་འགན་འཁྲི་འཁུར་ཕོད་པའི་འབད་འཐབ་ལྷོད་མེད་བྱེད་མཁན་ཞིག་བྱེད་པ་དང་། བསྒྱུར་བཅོས་གསར་གཏོད་གཙོ་བོ་ཡིན་པའི་དུས་རབས་ཀྱི་སྙིང་སྟོབས་དང་མཐོ་སྒང་གི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་ནས། རེས་སྐོར་གསར་པའི་རྒྱལ་དབང་ཁེ་ལས་ཀྱི་བསྒྱུར་བཅོས་དམ་འཛིན་དང་། ཏང་འཛུགས་སྐྲུན་དང་ཐོན་སྐྱེད་གཉེར་སྐྱོང་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་དགོས། རང་རྟོགས་ཀྱིས་ཆབ་སྲིད་ཀྱི་སྐྱེ་ཁམས་བཟང་པོཪ་ནུས་ལྡན་ངང་སྐུལ་འདེད་གཏོང་མཁན་ཞིག་བྱས་ནས། ཏང་གི་ཆབ་སྲིད་ཀྱི་ལེགས་ཆ་དང་རྩ་འཛུགས་ཀྱི་ལེགས་ཆ་དེ་རྒྱུན་ཆད་མེད་པར་ཁེ་ལས་འཕེལ་རྒྱས་ཀྱི་ལེགས་ཆར་སྒྱུར་དགོས།