ཟླ7པའི་ཚེས1ཉིན་གྱི་སྔ་དྲོར། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་དང་ལྔ་འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་གཟབ་རྒྱས་ངང་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་ཞའོ་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན། མགོན་པོ་བཀྲ་ཤིས། ལིའུ་ཆི་ཧྥན་སོགས་ཞིང་ཆེན་གྱི་འགོ་ཁྲིད་རྣམས་ཀྱིས་གཅིག་བསྡུས་སྒོས་ཚོགས་ཆེན་གྱི་གནས་ཚུལ་དངོས་ལ་བལྟས་ནས་ཏང་བཙུགས་ཏེ་ལོ་བརྒྱ་དང་ལྔ་འཁོར་བའི་འཁྲུངས་སྐར་ལ་མཉམ་དུ་རྟེན་འབྲེལ་ཞུས།
བརྙན་འཕྲིན་གྱི་འཆར་ངོས་ལས། མི་ཁྲི་ཤོང་བའི་མི་དམངས་ཚོགས་ཁང་ཆེན་མོར་བརྗིད་ཉམས་ལྡན་ཞིང་སྤྲོ་སེམས་འཁོལ་བའི་རྣམ་པས་ཁེངས་འདུག ཆུ་ཚོད་བཅུའི་སྟེང་། རྟེན་འབྲེལ་ཚོགས་ཆེན་དངོས་སུ་ཚོགས་འགོ་བརྩམས། 《མེས་རྒྱལ་གྱི་དཔའ་བོར་གུས་འདུད་ཞུ》ཞེས་པའི་རོལ་དབྱངས་ཁྲོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“བདུན་གཅིག་བྱས་རྗེས་གཟེངས་རྟགས”ཐོབ་མཁན་ཚོར་བྱས་རྗེས་གཟེངས་རྟགས་གནང་། དེའི་རྗེས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སོགས་ཀྱིས་གཟེངས་བསྟོད་ཐོབ་པའི་རྒྱལ་ཡོངས་ཀྱི“ཕུལ་བྱུང་གཉིས་དང་སྔོན་ཐོན་གཅིག་གི་འཐུས་ཚབ”ལ་བྱ་དགའ་གནང་། སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲའི་ཁྲོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ་དང་། ཚང་མས་བློ་རྩེ་གཅིག་སྒྲིམ་གྱིས་ཉན་ཞིང་ནན་ཏན་གྱིས་ཟིན་བྲིས་བཀོད་པར་མ་ཟད། སེམས་ཞིབ་མོས་གོ་བ་བླངས། ཚང་མས་གཅིག་གྱུར་སྒོས་བལྟས་ན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་ལངས་གནས་མཐོ་ཞིང་དགོངས་པ་གཏིང་ཟབ་པ་དང་། མི་རྣམས་མདུན་སྐྱོད་བྱེད་པར་སྐུལ་མ་གཏོང་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཡང་དག་པའི་སྣེ་ཁྲིད་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ཚན་རིག་དང་མཐུན་པའི་ཁྲིད་སྟོན་ཡོད་ན། ང་ཚོས་སྔར་ལས་ལྷག་པའི་བྱས་རྗེས་གསར་པ་བསྐྲུན་ཐུབ་པ་དང་རླབས་ཆེན་གྱི་རྒྱལ་ཁབ་གསར་པ་ལེན་ཐུབ་པར་འདོད།
ཏང་དབུ་བརྙེས་ནས་ལོ་བརྒྱ་དང་ལྔ་འཁོར་བའི་ལོ་རྒྱུས་ཀྱི་དུས་མཚམས་སུ་ལངས་ཏེ། ཚང་མར་འགན་འཁྲི་ལྕི་ཞིང་ལས་འགན་གཟི་བརྗིད་ལྡན་པའི་མྱོང་ཚོར་ཟབ་མོ་སྐྱེས་ནས་གཅིག་རྗེས་གཅིག་མཐུད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་པ། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་སྒྲུབ་ཐུབ་པར་བྱེད་པ། སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པ། ངེས་པར་ལྔའི་བླང་བྱ་གསལ་བོ་དེ་བྱ་སྤྱོད་ཀྱི་བསྲུང་བྱ་རུ་བྱེད་པ། བདུན་གཅིག་བྱས་རྗེས་གཟེངས་རྟགས་ཐོབ་མཁན་རྣམས་ཀྱི་བླ་མེད་གཤིས་རྒྱུད་དང་བརྩེ་སེམས་ཟབ་མོ། ཕུལ་བྱུང་སྤྱོད་ཚུལ་བཅས་ལ་ཤེས་རྟོགས་ཟབ་མོ་བྱེད་པ། ཡིད་ཆེས་ཇེ་བརྟན་དང་རྒྱུན་མཐུད་འབད་འཐབ་བྱེད་པ། སློབ་སྦྱོང་གི་གྲུབ་འབྲས་དེ་བྱ་བ་སྣ་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོར་བསྒྱུར་བ་བཅས་བྱས་ནས་གོམ་པ་རེ་རེ་བཞིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་བཟོས་པའི་རླབས་ཆེན་འཆར་འགོད་དེ་མཛེས་སྡུག་གི་དོན་དངོས་སུ་བསྒྱུར་ངེས་ཡིན་ཞེས་བསྟན།