《སློབ་གསོ་འཕེལ་རྒྱས་ཀྱི“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད》དངོས་སུ་ཁྱབ་བསྒྲགས་བྱས་ཡོད་པས། མ་འོངས་བའི་ལོ་ལྔའི་རིང་གི་སློབ་གསོར་འགྱུར་ལྡོག་གང་འདྲ་ཞིག་འབྱུང་སྲིད་པར་མཉམ་དུ་བལྟ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

《སློབ་གསོ་འཕེལ་རྒྱས་ཀྱི“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད》དངོས་སུ་ཁྱབ་བསྒྲགས་བྱས། 《འཆར་འགོད》ཀྱི་ནང2030ལོར་སླེབས་སྐབས་སློབ་གསོའི་སྟོབས་ཆེན་གྱི་རྒྱལ་ཁབ་འཛུགས་སྐྲུན་ལ་གྲུབ་འབྲས་མངོན་གསལ་བླངས་ནས་སྤུས་ཚད་མཐོ་བའི་སློབ་གསོའི་མ་ལག་གཞི་རྩའི་ཆ་ནས་འགྲུབ་རྒྱུ་ཁ་གསལ་བཏོན་ཡོད། མི་འབོར་གྱི་གྲུབ་ཆ་དང་མིས་བཟོས་རིག་ནུས་སོགས་དུས་རབས་ཀྱི་འགྱུར་ཚད་གལ་ཆེན་ལ་དམིགས་ནས《འཆར་འགོད》ནང་འཐབ་ཇུས་ཀྱི་ལས་འགན་གལ་ཆེན་དང་། སྲིད་ཇུས་ཀྱི་བྱེད་ཐབས་གལ་ཆེན། ལས་གཞིའི་རྣམ་གྲངས་གལ་ཆེན་བཅས་རབ་དང་རིམ་པ་བཀོད་སྒྲིག་བྱས་ནས་མ་འོངས་བའི་ལོ་ལྔའི་རིང་སློབ་གསོའི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱ་ཆེད་འགུལ་སྐྱོད་ལམ་ཕྱོགས་བསྟན་ཡོད།

ལས་འགན་གཙོ་བོ་ཁག23དང་། ལས་གཞིའི་རྣམ་གྲངས་གལ་ཆེན15བཅས་བཀོད་སྒྲིག་བྱས་ཡོད་པ།

《སློབ་གསོ་འཕེལ་རྒྱས་ཀྱི“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད》ནང་ཀུན་སྤྱོད་འཛུགས་སྐྱོང་དང་མི་སྣ་གསོ་སྐྱོང་གི་རྣམ་པ་གསར་པ་གཏོད་རྒྱུ་དང་། སློབ་གསོས་ཚན་རྩལ་དང་ཤེས་ལྡན་མི་སྣར་འདེགས་སྐྱོར་བྱེད་པའི་ནུས་པ་ཇེ་ཆེར་གཏོང་རྒྱུ། སློབ་གསོའི་སྤྱི་པའི་ཞབས་ཞུའི་སྤུས་ཚད་དང་ཆུ་ཚད་ཁྱོན་ཡོངས་ནས་ཇེ་མཐོར་གཏོང་རྒྱུ། ཆུ་ཚད་མཐོ་བའི་དགེ་རྒན་དཔུང་ཁག་གསོ་སྐྱོང་དང་སྐྱེད་སྲིང་བྱེད་རྒྱུ། ཆུ་ཚད་མཐོ་བའི་སློབ་གསོ་ཕྱི་ཕྱོགས་སུ་སྒོ་འབྱེད་རྒྱ་ཇེ་ཆེར་གཏོང་རྒྱུ་སོགས་ཕྱོགས5ལ་དམིགས་ནས་ལས་འགན་གཙོ་བོ་དང་རྣམ་གྲངས་གལ་ཆེན་ཐད《འཆར་འགོད》ནང་དམིགས་སུ་ཆེད་དུབཀོད་ནས་ཀྲུང་གོའི་ཐོག་མའི་གསར་གཏོད་རང་བཞིན་གྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་གཙོ་གནད་སློབ་དེབ་སྒྲིག་པའི་འཆར་གཞི་དང་། རེས་སྐོར་གསར་པའི“རྩེ་གྲ་གཉིས”འཛུགས་སྐྲུན་འཆར་གཞི། རྨང་གཞིའི་སློབ་གསོའི“གཞི་གནས”འཆར་གཞི་སོགས་ཚུད་པའི་ལས་གཞིའི་རྣམ་གྲངས་གལ་ཆེན15བཀོད་སྒྲིག་བྱས་ཡོད།

《སློབ་གསོའི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་གྱི་འཆར་འགོད་རྩ་གནད(2024ལོ་ནས2035ལོ་བར)》སྦྲེལ་མཐུད་དང་། 《སློབ་གསོའི་སྟོབས་ལྡན་རྒྱལ་ཁབ་མགྱོགས་པོར་འཛུགས་སྐྲུན་བྱེད་པའི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞི(2025ལོ་ནས་2027ལོ་བར)》དང་ལེན་བྱེད་པའི་དུས་འབྲིང་གི་ལྟེ་བའི་འཆར་གཞི་ཡིན་པའི་ངོས་ནས། 《སློབ་གསོ་འཕེལ་རྒྱས་ཀྱི“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད》ནང2030ལོར་བསླེབ་སུས་སློབ་གསོའི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་སྤུས་ཚད་མཐོ་བའི་སློབ་གསོའི་མ་ལག་གཞི་རྩའི་ཆ་ནས་འགྲུབ་ཡོང་། 

“རྩེ་གྲ་གཉིས”འཛུགས་སྐྲུན་གྱི་ཁྱབ་ཁོངས་འོས་འཚམ་གྱིས་ཇེ་ཆེར་གཏོང་དགོས།

ཆུ་ཚད་མཐོ་བའི་ཉེར་སྤྱོད་རྣམ་པའི་དངོས་གཞིའི་ཚན་ཁག་གི་མཐོ་རིམ་སློབ་གྲྭ200ཡས་མས་འཛུགས་སྐྲུན་བྱེད་དགོས། 

སློབ་གསོས་ཚན་རྩལ་དང་ཤེས་ལྡན་མི་སྣར་འདེགས་སྐྱོར་བྱེད་པའི་ནུས་པ་ཇེ་ཆེར་གཏོང་ཆེད《འཆར་འགོད》ནང་རེས་སྐོར་གསར་པའི“རྩེ་གྲ་གཉིས”འཛུགས་སྐྲུན་ལ་སྐུལ་འདེད་དང་། ཆུ་ཚད་མཐོ་བའི་ཉེར་སྤྱོད་རྣམ་པའི་དངོས་གཞིའི་ཚན་ཁག་གི་མཐོ་རིམ་སློབ་གྲྭའི“ཕུལ་བྱུང་གཉིས”འཛུགས་སྐྲུན་བྱེད་མགོ་འཛུགས་པ། ལས་རིགས་སློབ་གསོའི“མཐོ་རིམ་གཉིས”གསར་པ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་བཅས་བྱས་ནས་རིགས་ཁག་གི་མཐོ་སློབ་ཀྱི་ངེས་གནས་སྔར་བས་ཁ་གསལ་ཡོང་བར་སྐུལ་འདེད་བཏང་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་འདེགས་སྐྱོར་དང་ཞབས་ཞུ་སྔར་ལས་ལེགས་པོ་བྱེད་དགོས།    

《འཆར་འགོད》ནང་ལེགས་ཆའི་རིག་ཚན་དང་འཐབ་ཇུས་ཀྱི་དགོས་མཁོར་དམིགས་ནས“རྩེ་གྲ་གཉིས”འཛུགས་སྐྲུན་གྱི་ཁྱབ་ཁོངས་འོས་འཚམ་ཇེ་ཆེར་གཏོང་བ་དང་འཐབ་ཇུས་ཀྱི་བརྩོན་ལེན་བྱེད་དགོས་པའི་ཁྱབ་ཁོངས་ལ་ཕྱོགས་ནས་མཐོ་རིམ་སློབ་གྲྭ་དང་རིག་ཚན་གསར་པ་ཇེ་མང་དུ་གཏོང་བ་དང་། ཆུ་ཚད་མཐོ་བའི་ཉེར་སྤྱོད་རྣམ་པའི་དངོས་གཞིའི་ཚན་ཁག་གི་མཐོ་རིམ་སློབ་གྲྭ200ཡས་མས་འཛུགས་སྐྲུན་བྱེད་པ་དང་ཆ་རྐྱེན་འཛོམས་པའི་དངོས་གཞིའི་ཚན་ཁག་གི་མཐོ་རིམ་སློབ་གྲྭ་ནས་སྤུས་ལེགས་ཀྱི་ཁྱད་ལྡན་རིག་ཚན་དང་ཆེད་ལས་འགའ་ཞིག་འཛུགས་སྐྲུན་བྱེད་རྒྱུ། རྒྱལ་ཁབ་ཀྱི་གྲོང་ཁྱེར་ཁོངས་ཀྱི་ཐོན་སློབ་མཉམ་འབྲེལ་སྒྲིག་གཞི100ཡས་མས་དང་རྒྱལ་ཁབ་ལས་རིགས་ཀྱི་ཐོན་སློབ་མཉམ་འདྲེས་ཐུན་མོང་སྒྲིག་གཞི20ཡས་མས་འཛུགས་སྐྲུན་བྱེད་རྒྱུ་དང་། ཆུ་ཚད་མཐོ་བའི་མཐོ་རིམ་ལས་རིགས་སློབ་གྲྭ60ཡས་མས་དང་ཆུ་ཚད་མཐོ་བའི་ཆེད་ལས་ཚོགས་པ160ཡས་མས་འཛུགས་སྐྲུན་བྱས་ནས་ལས་རིགས་དངོས་གཞིའི་ཚན་ཁག་གི་སློབ་གྲྭའི་གྲངས་འབོར་བརྟན་པོའི་ངང་ཇེ་མང་དུ་གཏོང་བ་དང་སློབ་མ་བསྡུ་བའི་གཞི་ཁྱོན་རྒྱ་ཆེར་གཏོང་དགོས། 

སྤུས་ལེགས་དངོས་གཞིའི་ཚན་ཁག་གི་ཤོང་ཚད་ཆེར་བསྐྱེད་ལ་སྐུལ་འདེད་ཏན་ཏིག་གཏོང་བའི་ཐད《འཆར་འགོད》ནང“རྩེ་གྲ་གཉིས”མཐོ་རིམ་སློབ་གྲྭའི་སློབ་ཁུལ་གསར་པ་འགའ་ཞིག་བསྐྲུན་རྒྱུར་རྒྱབ་སྐྱོར་བྱས་ནས“རྩེ་གྲ་གཉིས”ཅན་གྱི་མཐོ་རིམ་སློབ་གྲྭའི་དངོས་གཞིའི་ཚན་ཁག་གི་སློབ་མའི་བསྡུ་གྲངས་ཁྲི10ཡན་ཁ་སྣོན་བྱེད་རྒྱུ། ཞིབ་འཇུག་རྣམ་པའི་སློབ་ཆེན་གསར་པ་འགའ་ཞིག་གསར་སྐྲུན་བྱས་ཏེ། རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པ། ཞིང་ལས་གསོ་རིག་རིགས་ཀྱི་ཆེད་ལས་གཙོ་བོར་བྱས་ནས་སྤུས་ལེགས་དངོས་གཞིའི་ཚན་ཁག་གི་སློབ་གསོའི་སློབ་མ་བསྡུ་བའི་གཞི་ཁྱོན་དང་ཞིབ་འཇུག་སློབ་མ་གསོ་སྐྱོང་བྱེད་པའི་གཞི་ཁྱོན་གོ་རིམ་ལྡན་པའི་སྒོ་ནས་རྒྱ་ཆེར་གཏོང་རྒྱུ། གྲོང་གསེབ་དར་རྒྱས་ལ་ཞབས་འདེགས་ཞུ་བའི་མཐོ་རིམ་སློབ་གྲྭའི་སློབ་མ་བསྡུ་བའི་ཆེད་དོན་འཆར་གཞི་འཐུས་ཚང་དུ་བཏང་ནས་ལག་བསྟར་བྱེད་རྒྱུ་ཞེས་བསྟན།

མཐོ་རིམ་སློབ་འབྲིང་གི་སློབ་གནས་མཁོ་སྤྲོད་ཇེ་མང་དུ་བཏང་ནས་འཛིན་གྲྭ་ཆུང་བའི་སློབ་ཁྲིད་ལ་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བ། 

སློབ་ལོ་ལོན་པའི་མི་འབོར་གྱི་འགྱུར་ལྡོག་ལས་བྱུང་བའི་འགྲན་སློང་གི་མདུན་དུ《འཆར་འགོད》ནང་མཐོ་རིམ་སློབ་འབྲིང་དཀྱུས་མའི་སློབ་གནས་མཁོ་སྤྲོད་ཇེ་མང་དུ་བཏང་ནས་རྫོང་ཁོངས་ཀྱི་མཐོ་རིམ་སློབ་འབྲིང་དཀྱུས་མ་དར་རྒྱས་གཏོང་བའི་འཆར་གཞི་ལག་བསྟར་གཏིང་ཟབ་བྱེད་དགོས་པ་དང་། སློབ་ལོ་ལོན་པའི་མི་འབོར་སྔོན་དཔག་དང་སྔོན་ཚུད་ཉེན་བརྡའི་ནང་རྐྱེན་འཐུས་ཚང་དུ་བཏང་ནས། སློབ་ལོ་ལོན་པའི་མི་འབོར་གྲོང་ཁྱེར་དང་གྲོང་རྡལ་དང་རྨང་གཞི་ཞན་པའི་ས་ཁུལ་དུ་སློབ་གསོའི་ཐོན་ཁུངས་མཁོ་སྤྲོད་བྱེད་རྒྱ་ཇེ་ཆེར་གཏོང་དགོས། མཐོ་རིམ་སློབ་གསོའི་སྤུས་ཚད་མཐོར་འདེགས་དང་ཤོང་ཚད་ཇེ་ཆེར་གཏོང་བར་སྐུལ་འདེད་དང་། ཐབས་ལམ་མང་པོར་བརྟེན་ནས་སྤུས་ལེགས་ཀྱི་མཐོ་རིམ་སློབ་གསོའི་ཐོན་ཁུངས་མཁོ་སྤྲོད་བྱེད་རྒྱ་ཇེ་ཆེར་བཏང་སྟེ། གསར་དུ་འཕར་བའི་མཐོ་རིམ་སློབ་གསོའི་ཐོན་ཁུངས་ཚད་རན་པོ་དེ་མི་འབོར་མང་བའི་ཞིང་ཆེན་དང་།     དབུས་ནུབ་རྒྱུད་ཀྱི་ས་ཁུལ་།     མི་རིགས་ས་ཁུལ་བཅས་སུ་ཁ་ཕྱོགས་དགོས།       

གཞན་ཡང《འཆར་འགོད》ནང་ད་དུང་སློབ་གསོའི་ཐོན་ཁུངས་ཀྱི་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཇེ་ཆེར་གཏོང་བ་དང་བཀོད་སྒྲིག་ཇེ་ལེགས་སུ་གཏོང་རྒྱུར་དམིགས་ནས་བརྒྱུད་རིམ་ལྡན་པའི་བཀོད་སྒྲིག་བྱས་ཡོད། དཔེར་ན། ཡུལ་བབ་དང་བསྟུན་ནས་བེད་མེད་དུ་ལུས་པའི་སློབ་གྲྭའི་ཉལ་ཁང་སློབ་མཚམས་ལས་བརྒལ་ནས་ལེགས་སྒྲིག་བྱ་རྒྱུར་ཤུགས་སྣོན་བྱེད་རྒྱུ་དང་། དགེ་རྒན་ལུགས་མཐུན་ངང་འཁོར་རྒྱུག་དང་ལྷག་ཆད་བཀོད་སྒྲིག་དེ་དོན་དངོས་དང་འབྲེལ་ནས་འཛིན་གྲྭ་ཆུང་བའི་སློབ་ཁྲིད་ལ་གོ་རིམ་ལྡན་པས་སྐུལ་འདེད་གཏང་རྒྱུ་བཀོད། ་

《འཆར་འགོད》ནང“ཞིང་ཆེན་རིམ་པས་གཅིག་གྱུར་འཆར་འགོད་དང་། རྫོང་གཙོ་བོར་འཛིན་པ། གྲོང་ཁྱེར་དང་རྫོང་ཟུང་འབྲེལ”བཅས་ཀྱི་རྨང་གཞིའི་སློབ་གསོའི་དོ་དམ་སྒྲིག་སྲོལ་རིམ་བཞིན་ཁྱབ་གདལ་གཏོང་དགོས་པ་དང་། རྨང་གཞིའི་སློབ་གསོའི་ལོ་བཅུ་གཉིས་ཀྱི་སློབ་ཚན་མ་ལག་གཅིག་གྱུར་འཆར་འགོད་དང་ཇུས་འགོད་བྱས་ནས་སློབ་ཚན་སྤུས་ལེགས་དང་ཐོན་ཁུངས་མཁོ་སྤྲོད་བྱེད་ཤུགས་ཇེ་ཆེར་གཏོང་དགོས་པ་བཏོན། མ་འོངས་པའི་ལོ5ཡི་ནང་སློབ་གྲྭ་ཆུང་འབྲིང་གི་སློབ་གསོར་འགྱུར་ལྡོག་གང་འདྲ་ཡོད་དམ་ཞེ་ན། 

@སློབ་ཆུང་དང་དམའ་རིམ་སློབ་འབྲིང་གི་སློབ་མའི་ཁྱིམ་བདག

  • འོས་འགན་སློབ་གསོའི་ལོ་ཚད་ཇེ་རིང་དུ་གཏོང་རྒྱུའི་འཚོལ་ཞིབ་བྱེད་དགོས།། 
  • ཚོགས་པ་ཅན་གྱི་སློབ་གཉེར་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སློབ་གྲྭའི་ཐུན་མོང་གི་ཚོགས་པ་འཛུགས་སྐྱོང་ཟབ་སྤེལ་བྱེད་དགོས།
  • གཏན་འབེབས་ལྟར་རྫོང་ཁོངས་འོས་འགན་སློབ་གསོ་སྤུས་ལེགས་དོ་སྙོམས་ངང་འཕེལ་རྒྱས་གཏོང་བར་ལྟ་སྐུལ་མཛུབ་ཁྲིད་དང་ངོས་འཛིན་བྱས་ཏེ། གྲོང་ཁྱེར་ཁོངས་ཀྱི་འོས་འགན་སློབ་གསོ་སྤུས་ལེགས་དོ་སྙོམས་ངང་འཕེལ་རྒྱས་གཏོང་བར་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་དགོས།
  • རེས་སྐོར་གསར་པའི་འོས་འགན་སློབ་གསོའི་ལྷུ་ཚིགས་ཞན་པའི་ཆ་དེ་ལེགས་བཅོས་དང་ནུས་པ་ཇེ་ཆེར་གཏོང་བའི་ལས་དོན་ལག་བསྟར་བྱས་ནས་འོས་འགན་སློབ་གསོའི་སློབ་གྲྭ་ཚད་ལྡན་ཅན་དུ་གྱི་འཛུགས་སྐྲུན་ཡོངས་སུ་ཁྱབ་པར་སྐུལ་འདེད་གཏོང་དགོས། 
  • ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭ་དང་དགོས་ངེས་ཀྱི་གྲོང་གསེབ་ཀྱི་གཞི་ཁྱོན་ཆུང་བའི་སློབ་གྲྭ་ཡག་པོ་གཉེར་དགོས།
  • སློབ་གྲྭ་ཆུང་འབྲིང་གི་ཉི་འོད་སློབ་མ་བསྡུ་བའི་ཆེད་དོན་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱེད་དགོས།
  • “ཉུང་འཕྲི་ཟུང”དང་སློབ་གསོ་དང་སློབ་ཁྲིད་ཀྱི་སྤུས་ཚད་ཇེ་མཐོར་གཏོང་བར་གཅིག་གྱུར་འཆར་འགོད་བྱས་ནས་སྐུལ་འདེད་གཏོང་བ་དང་། སློབ་ཕྱིའི་གསོ་སྦྱོང་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་གྱི་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ། སློབ་ཁྲིད་རྗེས་ཀྱི་ཞབས་ཞུའི་སྤུས་ཚད་ལ་མཐོར་འདེགས་བྱེད་དགོས།   
  • སློབ་ལོ་ལོན་པའི་མི་འབོར་སྔོན་དཔག་དང་སྔོན་ཚུད་ཉེན་བརྡའི་ནང་རྐྱེན་འཛུགས་པ་དང་འཐུས་ཚང་དུ་བཏང་ནས་སློབ་ལོ་ལོན་པའི་མི་འབོར་གྲོང་ཁྱེར་དང་གྲོང་རྡལ་དང་རྨང་གཞི་ཞན་པའི་ས་ཁུལ་དུ་སློབ་གསོའི་ཐོན་ཁུངས་མཁོ་སྤྲོད་བྱེད་དགོས།
  • འོས་འགན་སློབ་གསོའི་འཛིན་གྲྭའི་ཀྲུའུ་རེན་དང་ལོ་ཆུང་གདོང་ལེན་རུ་ཁག་གི་ཟུར་ཁྲིད་པའི་དཔུང་ཁག་འཛུགས་སྐྲུན་བྱེད་ཤུགས་ཇེ་ཆེར་གཏོང་དགོས།
  • ཆ་རྐྱེན་འཛོམས་པའི་ས་གནས་ཀྱིས་སློབ་གྲྭ་ཆུང་འབྲིང་གི་དཔྱིད་སྟོན་གུང་གསེང་ཁྱབ་གདལ་གཏོང་བར་རྒྱབ་སྐྱོར་བྱེད་དགོས། 
  •  
  • @མཐོ་རིམ་སློབ་འབྲིང་སློབ་མའི་ཁྱིམ་བདག
  • གོ་རིམ་ལྡན་པའི་སྒོ་ནས་སློབ་འབྲིང་རྒྱུགས་སྤྲོད་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ་དང་། སྤུས་ལེགས་མཐོ་རིམ་སློབ་འབྲིང་གི་སློབ་བསྡུའི་དམིགས་ཚད་སློབ་གྲྭར་སླེབས་པའི་བསྡུར་ཚད་ཇེ་ཆེར་གཏོང་བ། ཆ་རྐྱེན་འཛོམས་པའི་ས་གནས་ཀྱིས་དོ་སྙོམས་ངང་གནས་གཏོང་བ་དང་ཐོ་འགོད་སློབ་ཞུགས་སོགས་ཀྱི་སློབ་བསྡུའི་ཚོད་ལྟ་བྱེད་པར་རྒྱབ་སྐྱོར་བྱས་ནས་མཐོ་རིམ་སློབ་འབྲིང་གི་དུས་རིམ་ནང་སྣ་མང་སློབ་མ་བསྡུ་བར་སྐུལ་འདེད་གཏོང་དགོས།    
  • མཐོ་རྒྱུགས་ཀྱི་ཕྱོགས་བསྡུས་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བ་དང་། སློབ་མའི་ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་ལ་ཁྲིད་སྟོན་བྱེད་པའི་རྒྱུགས་ལེན་ནམ་ཡང་ན་དཔྱད་ཞིབ་ནང་དོན་མ་ལག་བཙུགས་ནས་ལས་རིགས་སློབ་གསོའི་མཐོ་རྒྱུགས་ཀྱི་ནང་དོན་དང་རྣམ་པ་ཇེ་ལེགས་སུ་གཏོང་དགོས།
  • མཐོ་རིམ་སློབ་འབྲིང་དཀྱུས་མའི་སློབ་གཉེར་ཐོན་ཁུངས་རྒྱ་སྐྱེད་དང་། མཐོ་རིམ་སློབ་འབྲིང་དཀྱུས་མའི་སློབ་གནས་མཁོ་སྤྲོད་ཇེ་མང་དུ་གཏོང་བ། སློབ་གྲྭའི་བར་སྟོང་གྲུབ་ཚུལ་ཇེ་ལེགས་སུ་གཏོང་བ། སློབ་ཁྲིད་དང་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་གཏོང་དགོས།
  • རྒྱུན་སྡོད་མི་འབོར་མང་བའི་ས་ཁུལ་དང་མི་འབོར་འགྲོ་འོང་བྱེད་ས་གཙོ་བོར་བཟུང་ནས་སྤུས་ལེགས་ཀྱི་མཐོ་རིམ་སློབ་འབྲིང་དཀྱུས་མ1000ཙམ་འཛུགས་སྐྲུན་དང་། རྫོང་ཁོངས་ཀྱི་མཐོ་རིམ་སློབ་འབྲིང་དཀྱུས་མའི་སློབ་གཉེར་ཆ་རྐྱེན་གཙོ་བོར་བཟུང་ནས་ལེགས་བཅོས་བྱས་ནས་ཚད་ལྡན་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ།
  • རྫོང་ཁོངས་ཀྱི་མཐོ་རིམ་སློབ་འབྲིང་དཀྱུས་མ་དར་རྒྱས་གཏོང་བའི་འཆར་གཞི་ལག་བསྟར་གཏིང་ཟབ་བྱས་ནས་རྫོང་ཁོངས་ཀྱི་མཐོ་རིམ་སློབ་འབྲིང་དཀྱུས་མའི་དགེ་རྒན་དོ་སྙོམས་ངང་བཀོད་སྒྲིག་ཐུབ་པར་སྐུལ་འདེད་བྱེད་དགོས། 
  • ཕྱོགས་བསྡུས་མཐོ་རིམ་སློབ་འབྲིང་དང་ཚན་རིག་མཐོ་རིམ་སློབ་འབྲིང་ཡག་པོ་གཉེར་བ་དང་། ཉུང་ལ་སྤུས་ལེགས་ཀྱི་འབྲིང་རིམ་ལས་རིགས་སློབ་གྲྭ་ཡག་པོ་གཉེར་བ། ལས་རིགས་དང་ཡོངས་ཁྱབ་མཉམ་འདྲེས་ཟབ་སྤེལ་བཅས་བྱས་ནས་སློབ་མ་འཚར་ལོངས་བྱུང་བའི་བགྲོད་ལམ་རྒྱ་བསྐྱེད་དགོས།

སློབ་མ་འདི་དག་ལ་ཁྱིམ་བདག་གིས་སེམས་ཁྲལ་མ་བྱེད།

·ཆ་རྐྱེན་དང་མཐུན་པའི་ཞིང་ལས་གནས་སྤོས་མི་འབོར་གྱི་མཉམ་དུ་གནས་སྤོས་པའི་བུ་ཕྲུག་གི་འོས་འགན་སློབ་གསོར་གནས་སྤོས་བྱ་ཡུལ་གྱི་ཐེམ་ཐོ་མི་འབོར་དང་འདྲ་མཉམ་གྱི་ཁེ་དབང་ལོངས་སུ་སྤྱོད་ཐུབ་པར་སྐུལ་འདེད་དང་། གཞུང་གཉེར་སློབ་གྲྭར་སློབ་སྦྱོང་བྱེད་པའི་བསྡུར་ཚད་བརྟན་པོའི་ངང་ཇེ་མཐོར། ཡུལ་བབ་དང་བསྟུན་ནས་གནས་སྤོས་བྱ་ཡུལ་དུ་སློབ་འབྲིང་རྒྱུགས་སྤྲོད་ཀྱི་མིང་ཐོ་འགོད་པའི་ཆ་རྐྱེན་ལྷུག་ཏུ་གཏོང་བ་བཅས་བྱས་ཏེ་ཆ་རྐྱེན་འཛོམས་པའི་མཉམ་དུ་གནས་སྤོས་བུ་ཕྲུག་བརྒྱུད་མའི་རང་བཞིན་ཀྱིས་རྨང་གཞིའི་སློབ་གསོ་དང་ལེན་བྱེད་པར་སྐུལ་འདེད་གཏོང་དགོས།

·དབང་པོ་སྐྱོན་ཅན་གྱི་བྱིས་པ་དང་། སྡོད་གནས་ངེས་གཏན་མིན་པའི་བྱིས་པ། གཞིས་སྲུང་བྱིས་པ་སོགས་དཀའ་ངལ་ཡོད་པའི་བྱིས་པར་གཅེས་སྐྱོང་བྱེད་པའི་མ་ལག་འཐུས་ཚང་དུ་གཏོང་བ་དང་། སློབ་གྲྭར་འགྲོ་མཚམས་མི་ཆད་པར་སློབ་གྲྭར་ཞུགས་ཚད་འགན་སྲུང་བྱེད་པའི་རྒྱུན་རྣམ་ཅན་གྱི་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས།    

·སྤུས་ལེགས་མཉམ་འདྲེས་དམིགས་ཡུལ་དུ་བཟུང་ནས་དམིགས་བསལ་སློབ་གསོ་ལེགས་པོར་གཉེར་དགོས།

·ཆེད་ལས་སློབ་གྲྭ་འཛུགས་སྐྲུན་དང་ཚད་ལྡན་དོ་དམ་བྱེད་ཤུགས་ཇེ་ཆེར་གཏོང་དགོས།

·དངོས་ཡོད་ཀྱི་ཐོན་ཁུངས་ལ་བརྟེན་ནས་ཁེར་རྐྱང་ནད་ཕོག་པའི་བྱིས་པའི་དམིགས་བསལ་སློབ་གསོའི་ཐོན་ཁུངས་ལྟེ་གནས་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། མི་འབོར་གཞི་ཁྱོན་ཆེ་བའི་གྲོང་ཁྱེར་དུ་ཁེར་རྐྱང་ནད་ཕོག་པའི་བྱིས་པར་དམིགས་བསལ་སློབ་གསོའི་སློབ་གྲྭ་འཛུགས་པར་རྒྱབ་སྐྱོར་བྱེད་དགོས།

·མི་འབོར་ཁྲི20ཡན་གྱི་རྫོང(གྲོང་ཁྱེར། ཆུས། ཆི)གི་ཚད་གཞིར་སླེབས་པའི་དམིགས་བསལ་སློབ་གསོའི་སློབ་གྲྭ་འཛུགས་སྐྲུན་བྱེད་ཤུགས་ཇེ་ཆེར་གཏོང་དགོས།

·དམིགས་བསལ་སློབ་གསོ་དེ་དགེ་འོས་རིགས་ཀྱི་སློབ་མའི་ངེས་པར་སྦྱོང་དགོས་པའི་སློབ་ཁྲིད་ནང་འཇུག་དགོས།

《འཆར་འགོད》ནང་སློབ་མའི་ནུས་པ་དང་བྱང་ཚད་ཇེ་མཐོར་གཏོང་དགོས་ཞེས་བཏོན་ཡོད།

བདེ་ཐང་ཨང་དང་པོར་འཇོག་པའི་སློབ་གསོའི་འདུ་ཤེས་མཐའ་འཁྱོངས་བྱས་ནས་སློབ་མའི་བདེ་ཐང་བྱང་ཚད་ཇེ་མཐོར་གཏོང་དགོས།

སློབ་མའི་ལུས་ཕུང་བདེ་ཐང་ཡོང་བའི་འཆར་གཞི་ལག་བསྟར་གཏིང་ཟབ་བྱས་ཏེ་སློབ་གྲྭ་ཆུང་འབྲིང་གི་སློབ་མའི་ཉིན་རེའི་ཕྱོགས་བསྡུས་ལུས་རྩལ་སྦྱོང་བརྡར་ཆུ་ཚོད2རེ་ཡོད་པའི་འགན་སྲུང་བྱ་རྒྱུ་དང་། “སློབ་ཐུན་བར་གྱི་ངལ་གསོ་སྐར་མ15”ལག་བསྟར་བྱས་ནས། “སྤོ་ལོ་ཆེན་པོ་གསུམ”སོགས་ཀྱི་འགྲན་སྡུར་རྒྱ་ཁྱབ་ངང་སྤེལ་ནས་སློབ་མ་མི་རེ་ངོ་རེས་ཉུང་མཐར་ཡང་ལུས་རྩལ་རྩལ་ནུས་གཅིག་ཁོང་དུ་ཆུད་པར་བྱེད་དགོས།

སློབ་གྲྭའི་མཛེས་རིག་སློབ་གསོའི་ཁྱབ་སྤེལ་བྱ་སྤྱོད་སྤེལ་ནས་མཛེས་རིག་སློབ་གསོའི་སློབ་ཁྲིད་བཅོས་སྒྱུར་ལ་སྐུལ་འདེད་གཏོང་དགོས།

ངལ་རྩོལ་གྱི་གོམས་གཤིས་ཆགས་པའི་འཆར་གཞི་ལག་བསྟར་བྱེད་དགོས།

.སེམས་ཁམས་བདེ་ཐང་གི་སློབ་གསོ་ཁྱབ་གདལ་གཏོང་བ་དང་། རེས་སྐོར་གསར་པའི་སློབ་མའི་སེམས་ཁམས་བདེ་ཐང་ལ་སྐུལ་འདེད་གཏོང་བའི་བྱ་སྤྱོད་ལག་བསྟར་བྱས་ནས་སློབ་གྲྭའི་སེམས་ཁམས་བདེ་ཐང་གི་སློབ་གསོ་དགེ་རྒན་ཆ་ཚང་དང་སྟོབས་ཆེར་གཏོང་དགོས།

བྱང་ཚད་སློབ་གསོ་ལག་བསྟར་གཏིང་ཟབ་བྱེད་དགོས།།

ཚན་རིག་སློབ་གསོའི་མ་ལག་འཐུས་ཚང་དུ་གཏོང་བ་དང་། གཞོན་ནུ་ལོ་ཆུང་གི་ཚན་རིག་བྱང་ཚད་དང་། མཐའ་དཔྱོད་རང་བཞིན་གྱི་བསམ་གཞིགས། གསར་གཏོད་ནུས་པ་བཅས་གསོ་སྐྱོང་བྱེད་ཤུགས་ཇེ་ཆེར་གཏོང་བ། ཚན་རྩལ་སློབ་གསོ་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་སློབ་གསོའི་བར་་མཐུན་སྦྱོར་བྱེད་ཤུགས་ཇེ་ཆེར་གཏོང་དགོས།    

མིས་བཟོས་རིག་ནུས་ཀྱི་སློབ་མཚམས་ཡོངས་ཀྱི་སློབ་གསོར་སྐུལ་འདེད་བཏང་ནས་སློབ་མའི་མིས་བཟོས་རིག་ནུས་ཀྱི་བྱང་ཚད་ཇེ་མཐོར་གཏོང་བ་དང་གནད་དོན་འདོན་པ་དང་གནད་དོན་ཐག་གཅོད་བྱེད་པའི་ནུས་པ་ཇེ་ཆེར་གཏོང་དགོས།

སློབ་གྲྭའི་རིག་གནས་འཛུགས་སྐྱོང་ལ་སྐུལ་འདེད་བཏང་ནས་གཞོན་ནུ་ལོ་ཆུང་སློབ་མའི་དཔེ་ཀློག་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱེད་དགོས།

རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་འགག་སྒྲོལ་དང་སྤུས་ཚད་ཇེ་མཐོར་གཏོང་བའི་བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས།

ཀྲུང་ཧྭའི་ཕུལ་བྱུང་སྐད་ཡིག་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བའི་མ་ལག་འཛུགས་སྐྱོང་བྱས་ནས་གཞོན་ནུ་ལོ་ཆུང་གི་སྐད་ཡིག་རིག་གནས་ཀྱི་བྱང་ཚད་ཇེ་མཐོར་གཏོང་དགོས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།