ཞིང་ཆེན་ཡོངས་ཀྱི"ཕུལ་བྱུང་གཉིས་དང་སྔོན་ཐོན་གཅིག"གི་གཟེངས་བསྟོད་ཚོགས་ཆེན་ཟི་ལིང་དུ་བསྡུས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་དང་ལྔ་འཁོར་བར་རྟེན་འབྲེལ་ཞུ་བའི་སྐབས་འདིར། ཟླ6པའི་ཚེས29ཉིན།   ཞིང་ཆེན་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན་དང་ཕུལ་བྱུང་ཏང་དོན་ལས་སྒྲུབ་པ།  སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་བཅས་ཀྱི་གཟེངས་བསྟོད་ཚོགས་ཆེན་ཟི་ལིང་དུ་བསྡུས།   ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི།  ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་ཞའོ་ཅུན་ཚོགས་ཆེན་ལ་ཞུགས་པར་མ་ཟད་གཏམ་བཤད་དེ།   ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་པ་དང་།   རླབས་ཆེན་ཏང་འཛུགས་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ།   ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་ངེས་པར་བྱེད་པ་དང་། སྔོན་ཐོན་དཔེ་མཚོན་ལ་སློབ་སྦྱོང་བྱེད་པ།   བློ་བརྟན་འགྱུར་མེད་སྒོས་འབད་འཐབ་བཅས་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་ཁྲིད་གནང་བའི་ཁ་ཕྱོགས་བརྒྱུད་ནས་དཔའ་ངར་ཆེན་པོས་མདུན་སྐྱོད་བྱས་ཏེ། རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ཐད་མཚོ་སྔོན་གྱི་བྱས་རྗེས་གསར་པ་སྔར་ལས་ཆེན་པོ་འཇོག་དགོས་ཞེས་ནན་གྱིས་བསྟན།

ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་ཚོགས་ཆེན་ལ་འགོ་འཛིན་བྱས།  ཞིང་ཆེན་གྱི་འགོ་ཁྲིད་མགོན་པོ་བཀྲ་ཤིས་དང་ལིའུ་ཆི་ཧྥན་ཚོགས་ཆེན་ལ་ཞུགས།

ཕྱི་དྲོའི་ཆུ་ཚོད་གསུམ་གྱི་སྟེང་།  ཚོགས་ཆེན་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་དངོས་སུ་ཚོགས་འགོ་བརྩམས། ལིའུ་ཆི་ཧྥན་གྱིས་གཟེངས་བསྟོད་ཀྱི་གཏན་འབེབས་སྒྲོག་འདོན་བྱས།   གཟེངས་བསྟོད་ཐོབ་པའི་འཐུས་མི་ཀན་ཀྲེན་ཧྭ་དང་ཁྲུན་ཧེ་ཀྲུང་།   རིག་འཛིན་རྡོ་རྗེ་བཅས་ཀྱིས་སྔ་གཞུག་ཏུ་གཏམ་བཤད། 

ཝུའོ་ཞའོ་ཅུན་གྱིས་ཞིང་ཆེན་ཏང་ཨུའི་ཚབ་བྱས་ཏེ།   གཟེངས་བསྟོད་ཐོབ་པའི་མི་སྒེར་དང་ཏང་རྩ་འཛུགས་ལ་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པ་དང་།   ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་གུང་ཁྲན་ཏང་ཡོན་དང་ཏང་གི་ལས་སྒྲུབ་པ་ཡོངས་ལ་དུས་ཆེན་གྱི་འཚམས་འདྲི་ཞུས་པར་མ་ཟད།  ཏང་ཡོན་རྒན་པ་དང་ལས་བྱེད་པ་རྒན་པ།  བློ་མཐུན་རྒན་པ་རྣམས་ལ་བླ་ན་མེད་པའི་གུས་འདུད་ཞུས།   ཁོས་ལོ་ངོ་བརྒྱ་དང་ལྔའི་རིང་།   ང་ཚོས་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་མི་དམངས་ཀྱི་ཆེད་དུ་བདེ་སྐྱིད་དོན་གཉེར་དང་།   ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བར་བརྩོན་ལེན་བྱེད་རྒྱུ་དེ་ཐོག་མའི་བསམ་འདུན་དང་འགན་འཁྲི་རུ་བརྩིས་ནས། རྒྱལ་ཡོངས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེ་དང་སྤྱི་ཚོགས་རིང་ལུགས་གསར་བརྗེ་དང་འཛུགས་སྐྲུན། བཅོས་སྒྱུར་བཅས་ཀྱི་ཐད་རྒྱལ་ཁ་རླབས་ཆེན་ཐོབ་པ་རེད། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ།  ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པ་བཏོད་པ་དང་ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་གྲུབ་པར་བྱས་ལ།   མར་ཁེ་སི་རིང་ལུགས་ཀྱི་ཏང་འཛུགས་གཞུང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་ཡུལ་ཁམས་གསར་པ་བཏོད་པར་མ་ཟད།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ཏང་འཛུགས་ལེའུ་གྲུབ་པར་བྱས་ཏེ། དུས་རབས་གསར་པའི་ཏང་གི་འཛུགས་སྐྲུན་ལ་ཤུགས་སྣོན་པའི་ཐད་རྩ་བའི་བསྲུང་བྱ་འདོན་སྤྲོད་བྱས་ཞེས་བསྟན།

ཝུའུ་ཞའོ་ཅུན་གྱིས་མཚོ་སྔོན་ནི་གསར་བརྗེའི་གཞི་རྒྱུ་སིམ་པའི་བསམ་པའི་མཐོ་ས་ཡིན་པས། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཐབ་ལམ་གསར་པའི་སྟེང་།  ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་རྣམས་ཀྱིས་ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་།   སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པ།   དྲིན་ཤེས་པ་དང་བརྩེ་བ་ལྡན་པ།  དངོས་སྒྲུབ་གཙོར་འཛིན་པ་བཅས་བྱས་ཏེ།   བློ་དཀར་ལ་བརྟེན་ནས་ཆབ་སྲིད་ཀྱི་ཁ་ཕྱོགས་གཏན་འཁེལ་བྱེད་པ་དང་། ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ལ་བརྟེན་ནས་རླབས་ཆེ་བའི་འཐབ་ལམ་ལ་ཁྲིད་སྟོན་བྱེད་པ།  དངོས་སྒྲུབ་ཁག་ཁུར་ལ་བརྟེན་ནས་དུས་རབས་ཀྱི་རྒྱུགས་ལན་འབྲི་བ།   དམངས་ལ་བཅངས་པའི་བརྩེ་བར་བརྟེན་ནས་ཐོག་མའི་བསམ་འདུན་དང་འགན་འཁྲིར་འགྲེལ་བཤད་བྱེད་པ།  སྤྱོད་གཙང་སྲོལ་བཟང་ལ་བརྟེན་ནས་ཆབ་སྲིད་ཀྱི་རང་མདངས་རྒྱུན་འཁྱོངས་བྱེད་པ།   ཏང་གི་དར་ཆ་མཚོ་སྔོན་གྱི་ས་གཞི་ཆེན་མོའི་སྟེང་ལྷབ་ལྷུབ་ཏུ་སྐྱོད་པ་དང་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་རྒྱུ་དེ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་མཉམ་དུ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཧུར་ཐག་གིས་ཏང་ལ་ངོ་གནོང་མི་དགོས་པ་དང་མི་དམངས་ལ་ངོ་གནོང་མི་དགོས་པ།  དུས་རབས་ལ་ངོ་གནོང་མི་དགོས་པའི་གྲུབ་འབྲས་གསར་པ་ལེན་དགོས་ཞེས་ནན་གྱིས་བསྟན།  

ལུའོ་ཏུང་ཁྲོན་གྱིས་ཚོགས་ཆེན་ལ་འགོ་འཛིན་བྱེད་སྐབས།   ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་རྣམས་ཀྱིས་ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་སློབ་སྦྱོང་དང་དང་ལག་བསྟར་བྱེད་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཏུ་བརྩིས་ནས། སྔོན་ཐོན་དཔེ་མཚོན་ཚད་གཞིར་འཛིན་པ་དང་མིག་དཔེའི་སྟོབས་ཤུགས་ཁྲིད་སྟོན་དུ་བྱས་ནས། གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་འཛིང་བཙན་རྫོང་དང་གུང་ཁྲན་ཏང་ཡོན་གྱི་གདོང་ལེན་མིག་དཔེའི་ནུས་པ་འདོན་སྤེལ་ལེགས་པོ་བྱེད་པ་དང་།    སྔར་ལས་ཆེ་བའི་འཐབ་སེམས་དང་སྔར་ལས་ལེགས་པོའི་སྤྱོད་ཚུལ། སྔར་ལས་ནུས་ལྡན་གྱི་བྱེད་ཐབས་བཅས་ལ་བརྟེན་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ཁྲོད་འབད་པས་ཞུགས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་གྱི་ལེའུ་གསར་པ་འབད་པས་འབྲི་དགོས་ཞེས་བསྟན།

ཞིང་ཆེན་གྱི་འགོ་ཁྲིད་དབྱང་ཧྥེང་ཁྲུན་དང་ཝང་ཝེ་ཏུང་།  ཀྲང་ཅིན་ཀང་། ཝང་ཏ་ནན། ཝུའུ་ལ་ཙེ་པེ་ཁུ་རེ་སུའུ་ལི་ཧན།  པད་གོ ཀྲུའུ་ཞང་ཧྥེང་།   ཧི་ལུའུ་ཁྲུན། ཚའོ་ཅུན་བཅས་ཚོགས་ཆེན་ལ་ཞུགས། ཚོགས་ཆེན་གྱི་སྔོན་ལ།   ཚོགས་ཆེན་ལ་ཞུགས་པའི་ཞིང་ཆེན་གྱི་འགོ་ཁྲིད་རྣམས་ཀྱིས་གཟེངས་བསྟོད་ཐོབ་པའི་མི་སྒེར་དང་ཐུན་མོང་དང་མཉམ་པར་བསྐྱོན།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།