༄༅། །མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ནས་གྲུབ་འབྲས་གསར་བ་རྒྱུན་ཆད་མེད་པར་ལེན་དགོས།
ཝུའུ་ཞའོ་ཅུན།
འབྲུག་བྱམས་ཚེ་རིང་གིས་བསྒྱུར།
སྲིད་འབྲས་ལྟ་བ་ནི་སྲིད་འབྲས་ལ་བཟུང་བའི་རྩ་བའི་ལྟ་ཚུལ་དང་སྤྱིའི་ལྟ་ཕྱོགས་ཡིན་ལ། ཡང་དག་པའི་སྲིད་འབྲས་ལྟ་བ་ནི་ཆབ་སྲིད་སྐྱོང་བའི་ཀུན་སྤྱོད་དང་། སྲིད་དོན་སྒྲུབ་པའི་ཐབས་ལམ་དང་། སྲིད་ཇུས་བསྟར་བའི་གཙོ་གནད་བཅས་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ཚོགས་ཚུན་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྲིད་འབྲས་ལྟ་བའི་ཐད་ཀྱི་གནད་དོན་ལ་མཐོང་ཆེན་ཚད་མཐོ་གནང་ཞིང་། ཡང་དག་པའི་སྲིད་འབྲས་ལྟ་བ་འཛུགས་པ་དང་ལག་ལེན་བྱེད་པར་དམིགས་ནས་རྣམ་བཤད་རབ་དང་རིམ་པ་གནང་སྟེ། “སུའི་ཆེད་དུ་སྲིད་འབྲས་འཇོག་པ་དང་། སྲིད་འབྲས་ཅི་འདྲ་འཇོག་པ། སྲིད་འབྲས་ཇི་ལྟར་འཇོག་པ”སོགས་གཞུང་ལུགས་དང་ལག་ལེན་སྐོར་གྱི་གནད་དོན་གལ་ཆེན་དག་ལ་གསལ་བཤད་གཏིང་ཟབ་གནང་བས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་ལྷག་པར་དུ་རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པ་རྣམས་ཀྱིས་རང་ཚུགས་ཐུབ་ཅིང་བྱ་གཞག་བསྒྲུབ་པ་དང་ཐབས་ཇུས་འགོད་ཅིང་ལས་དོན་འགྲུབ་པར་རྩ་བའི་བསྲུང་བྱ་དང་འགུལ་སྐྱོད་ཀྱི་ཕྱོགས་སྟོན་འདོན་སྤྲོད་བྱས་པ་རེད། “ལོ་ལྔ་ཚན་བཅོ་ལྔ་བའི”དུས་སྐབས་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་ཕལ་ཆེར་མངོན་འགྱུར་ཡོང་བར་རྨང་གཞི་སྲ་བརྟན་འདིང་བ་དང་ཕྱོགས་ཡོངས་ནས་ཤུགས་རྒྱག་པའི་གནད་འགག་གི་དུས་སྐབས་ཡིན་པས། མཚོ་སྔོན་གྱིས་ཡང་དག་པའི་སྲིད་འབྲས་ལྟ་བ་འཛུགས་པ་དང་ལག་ལེན་བྱེད་པའི་སློབ་སྦྱོང་སློབ་གསོ་འདི་མགོ་ཚུགས་ས་གསར་བ་བྱས་ཏེ། ཏང་ཡོན་ལས་བྱེད་པ་རྣམས་ཀྱིས་ངེས་པ་དོན་གྱིས་ཡང་དག་པའི་སྲིད་འབྲས་ལྟ་བ་དེ་ནང་གི་སེམས་ལ་གཤགས་པ་དང་ཕྱིའི་སྤྱོད་པར་བསྟིམས་པར་སྐུལ་འདེད་གཏོང་བ་དང་། དྲིན་ཤེས་པ་དང་འདང་ཟབ་པ་དངོས་སྒྲུབ་གཙོ་བ་བཅས་ཀྱི་སྒོ་ནས། རྔམ་བརྗིད་ལྡན་པའི་འཆར་འགོད་དེ་གོམ་པ་རེ་རེ་བཞིན་དགའ་སྐྱིད་འཛོམས་པའི་མངོན་སུམ་དུ་ཏན་ཏན་ཏིག་ཏིག་གིས་བསྒྱུར་དགོས།
གཅིག །སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཡང་དག་པའི་སྲིད་འབྲས་ལྟ་བ་འཛུགས་པ་དང་ལག་ལེན་བྱེད་པའི་སྐོར་གྱི་རྣམ་བཤད་གལ་ཆེན་དེ་རྩ་བའི་བསྲུང་བྱར་བརྩི་བ་རྒྱུན་འཁྱོངས་བྱས་ཏེ། མི་དམངས་ལ་བདེ་སྐྱིད་སྐྲུན་པའི་འགན་འཁྲི་འདུ་ཤེས་དང་འགན་ཁུར་འདུ་ཤེས་ངེས་པ་དོན་གྱིས་ཇེ་དྲག་ཏུ་གཏང་དགོས།
སྲིད་འབྲས་ལྟ་བའི་གནད་དོན་ནི། ཏང་གི་སྲིད་འཛིན་གྱི་གཞི་རྩ་དང་བྱ་གཞག་འཕེལ་རྒྱས་ཀྱི་ཁ་ཕྱོགས། ལས་བྱེད་པ་སྐྱོན་བྲལ་ངང་འཚར་ལོངས་འབྱུང་བ་བཅས་དང་འབྲེལ་བའི་རྩ་བའི་རང་བཞིན་གྱི་གནད་དོན་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཡང་དག་པའི་སྲིད་འབྲས་ལྟ་བ་འཛུགས་པ་དང་ལག་ལེན་བྱེད་པའི་སྐོར་གྱི་རྣམ་བཤད་གལ་ཆེན་ལ་ཕུན་སུམ་ཚོགས་པའི་ནང་དོན་དང་གཏིང་ཟབ་པའི་བསམ་བློ་ལྡན་པས། ངེས་པར་དུ་ཁྱོན་ཡོངས་ལ་དམིགས་པའི་ལངས་གནས་དང་ཡུན་རིང་ལ་ལྟ་བའི་མིག་རྒྱང་གིས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་སུ་གཏོང་བའི་མཐོ་ཚད་ནས་གོ་བ་ཟབ་མོ་ལེན་པ་དང་སྟངས་འཛིན་འཁྲུལ་མེད་བྱས་ཏེ། དངོས་སྒྲུབ་དངོས་འབྲས་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་གསར་བ་བྲི་དགོས།
ཡང་དག་པའི་སྲིད་འབྲས་ལྟ་བ་འཛུགས་པ་དང་ལག་ལེན་བྱ་རྒྱུ་ནི་ཏང་གི་ངོ་བོ་དང་དམིགས་དོན་རྒྱུན་འཁྱོངས་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ཚོགས་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་བསམ་བློ་རྒྱུན་འཁྱོངས་བྱས་ཏེ། ལོ་རྒྱུས་རང་བཞིན་ལྡན་པའི་སྒོ་ནས་དབུལ་བོ་དབུལ་ནག་གི་གནད་དོན་ཐག་བཅད་པ་དང་། འཛམ་གླིང་གི་གཞི་ཁྱོན་ཆེས་ཤོས་ཡིན་པའི་སློབ་གསོའི་མ་ལག་དང་སྤྱི་ཚོགས་འགན་སྲུང་མ་ལག སྨན་བཅོས་འཕྲོད་བསྟེན་མ་ལག་བསྐྲུན་གྲུབ་པས། མིག་མཐོང་ལག་ཟིན་གྱི་དམངས་འཚོའི་བསོད་སྐལ་ལ་བརྟེན་ནས་མི་དམངས་མང་ཚོགས་ཀྱི་སྙིང་ཐག་པའི་བརྩི་བཀུར་ཐོབ་ཡོད། ཏང་གི་སྐབས་ཉི་ཤུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་སྟེང་དུ། “ལོ་ལྔ་ཚན་བཅོ་ལྔ་བའི”དུས་སྐབས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་སུ་གཏོང་བར་ངེས་པར་དུ་མི་དམངས་བླ་ན་མེད་པ་རྒྱུན་འཁྱོངས་བྱས་ཏེ། དེང་རབས་ཅན་འཛུགས་སྐྲུན་གྱི་གྲུབ་འབྲས་སྔར་བས་མང་པོ་མི་དམངས་ཡོངས་ལ་སྔར་བས་དྲང་སྙོམ་གྱི་སྒོ་ནས་འཐོབ་པར་བྱ་དགོས་ཞེས་བསྟན་ཡོད། དེ་ལས་ང་ཚོ་ལ། དུས་དང་རྣམ་པ་ཀུན་ཏུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱ་དགོས་པ་དང་། ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱིས་དགའ་སྐྱིད་འཚོ་བར་བཅངས་པའི་རེ་སྨོན་དེ་འབད་འཐབ་ཀྱི་དམིགས་འབེན་བྱ་དགོས་པ། མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་དེ་སྲིད་འབྲས་ཆེ་ཤོས་སུ་བརྩིས་ནས་ཏན་ཏན་ཏིག་ཏིག་གིས་དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་པ། མི་དམངས་བླ་ན་མེད་པའི་འདུ་ཤེས་དེ་མིག་མཐོང་ལག་ཟིན་གྱི་དམངས་འཚོའི་དོན་དངོས་སུ་བསྒྱུར་བ་བཅས་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་དང་བདེ་སྣང་རྒྱུན་མཐུད་ངང་ཇེ་མཐོར་གཏང་དགོས་པའི་བླང་བྱ་བཏོན་ཡོད།
ཡང་དག་པའི་སྲིད་འབྲས་ལྟ་བ་འཛུགས་པ་དང་ལག་ལེན་བྱ་རྒྱུ་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་དུ་སྒྱུར་བྱེད་ཀྱི་འགན་ལེན་གལ་ཆེན་ཡིན། སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ལས་འགན་གལ་ཆེན་ནང་གི་འགངས་ཆེན་དེ་ཡིན་ལ། སྤུས་ཚད་མཐོ་བའི་འཕེལ་རྒྱས་རྒྱུན་འཁྱོངས་བྱ་རྒྱུ་ནི་མགོ་ཁྲིད་ལས་བྱེད་པའི་སྲིད་འབྲས་ལྟ་བ་མངོན་བྱེད་ཀྱི་ནང་དོན་གཙོ་བོ་ཞིག་ཡིན། མདོ་དབུས་མཐོ་སྒང་གི་དཀྱིལ་དབུས་སུ་ཆགས་པའི་མཚོ་སྔོན་ནི་རྒྱལ་ཁབ་ཀྱི་གལ་ཆེ་བའི་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་ཡིན་ཏེ། ཏང་དང་རྒྱལ་ཁབ་ཀྱི་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་དམིགས་བསལ་ཡིན་ལ་གལ་འགངས་ཆེ་བའི་འགན་འཁྲི་ཕྲག་ཏུ་ཁུར་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་སུ། “མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ནས་གྲུབ་འབྲས་གསར་བ་ལེན་དགོས”ཞེས་ང་ཚོར་བླང་བྱ་བཏོན་ཡོད། མཚོ་སྔོན་དུ་མུ་རིའི་གཏེར་ཁུལ་གྱི་རྡོ་སོལ་ཁྲིམས་མིན་གྱིས་བསྔོགས་པ་སོགས་སྲིད་འབྲས་ལྟ་བར་ཡོ་འཁྱོག་བྱུང་བའི་གནད་དོན་བྱུང་མྱོང་སྟེ། ས་གནས་དང་མགོ་ཁྲིད་ལས་བྱེད་པ་ཁ་ཤས་ཀྱིས་གནས་སྐབས་ཙམ་གྱི་དཔལ་འབྱོར་འཕར་སྣོན་བསམས་ནས་སྐྱེ་ཁམས་ཁོར་ཡུག་ལ་གཏོར་བརླག་ཚབས་ཆེན་བཟོས་པ་རེད། དེ་ལ་ངེས་པར་དུ་རྒྱུན་པར་རྟོགས་སད་ཉེན་ཟོན་དང་བསླབ་བྱ་ལྷུར་ལེན་བྱ་དགོས་པ་དང་། ཐོན་ལས་འཕེལ་རྒྱས་སུ་གཏོང་བར་གང་ཞིག་བསྒྲུབ་ཏུ་རུང་བ་དང་གང་ཞིག་བསྒྲུབ་ཏུ་མི་རུང་བའི་སྤང་བླངས་ངེས་པར་དུ་ཡོད་དགོས་པ་ཡིད་ལ་དམ་པོར་བཅངས་ནས། ཏང་ཡོན་ལས་བྱེད་པ་དག་གིས་རང་རྟོགས་སྒོས་ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་སྤྱི་ཡོངས་ཁྲོད་ངེས་གནས་ཡང་དག་འཚོལ་བ་དང་རང་འགུལ་གྱིས་ལས་ལ་གཞོལ་བར་ཁྲིད་སྟོན་བྱེད་པ་དང་། སྤུས་ཚད་མཐོ་བའི་སྲུང་སྐྱོབ་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱས་ཏེ། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་ལེགས་པོར་བསྐྱོད་དགོས།
ཡང་དག་པའི་སྲིད་འབྲས་ལྟ་བ་འཛུགས་པ་དང་ལག་ལེན་བྱ་རྒྱུ་ནི་ལས་བྱེད་པའི་དཔུང་ཁག་ཧྲག་པོ་ཞུན་སྦྱོང་བྱེད་པའི་ཁ་ཚ་དགོས་གཏུག་གི་དགོས་མཁོ་ཡིན། སྲིད་འབྲས་ལྟ་བ་ནི་མེ་ལོང་ཞིག་དང་འདྲ་བར་ཏང་ཡོན་ལས་བྱེད་པའི་ཏང་གཤིས་བློ་སྦྱོང་དང་དམིགས་དོན་འདུ་ཤེས། རིན་ཐང་གཉེར་ཕྱོགས་བཅས་ཀྱི་གཟུགས་རིས་འཆར་ཡོད། ད་ལོ་ནི་“ལོ་ལྔ་ཚན་བཅོ་ལྔ་བ”མགོ་རྩོམ་པའི་ལོ་ཡིན་ཏེ། གྲོང་ཁྱེར་དང་རྫོང་དང་ཤང་བཅས་ཀྱི་མགོ་ཁྲིད་ཚན་ཁག་སོ་སོ་གཅིག་འཕྲོར་གཅིག་མཐུད་ཀྱིས་སྐབས་བརྗེ་བ་དང་། སྲིད་ཇུས་སྦྲེལ་མཐུད་དང་ལས་གཞི་སྐུལ་སྤེལ། འགལ་བ་ཞི་སེལ་བཅས་བྱེད་པའི་གནད་འགག་གི་དུས་སྐབས་ཤིག་ཡིན་པས། རྒྱ་ཆེའི་ལས་བྱེད་པ་ཚོར་མཚོན་ན་རང་འཁྲིའི་ལས་འགན་བསྒྲུབ་པར་སྔར་བས་མཐོ་བའི་བླང་བྱ་གསར་བ་བཏོན་ཡོད། ད་སྔ། ལས་བྱེད་པ་ཁ་ཅིག་གིས་འཕྲལ་དོན་ཙམ་ལས་ཕུགས་དོན་ལ་བསམ་བློ་མི་གཏོང་ཞིང་མངོན་འབྲས་ལས་གབ་འབྲས་མི་གཉེར་བ། དོན་དངོས་དང་འབྲེལ་ཐག་ཆད་པ། ཆོས་ཉིད་དང་རྒྱབ་འགལ་ཤོར་བ། རྨོངས་ཚོད་ཀྱིས་ཇུས་ཐག་གཅོད་པ་སོགས་བྱེད་པ་དང་། ཁ་ཅིག་གིས་ཐ་ན་“མངོན་འབྲས”ཐོབ་པར་བྱེད་ཆེད། ཐོན་ཁུངས་དང་། ནོར་སྲིད། སྐྱེ་ཁམས། འབྱུང་འགྱུར་གྱི་འཕེལ་རྒྱས་བར་སྟོངས་ལ་སོགས་པ་སྔ་གཏོང་བྱས་པ་རེད། དེ་ལས་ང་ཚོར། ཡང་དག་པའི་སྲིད་འབྲས་ལྟ་བ་འཛུགས་པ་དང་ལག་ལེན་བྱེད་པའི་སློབ་སྦྱོང་སློབ་གསོའི་གོ་སྐབས་འདིར་བརྟེན་ནས། རྒྱ་ཆེའི་ལས་བྱེད་པར་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ་དངོས་སྒྲུབ་ལ་བརྟེན་ནས་སྲིད་འབྲས་ལེན་པ་དང་མི་དམངས་ཀྱི་དོན་དུ་སྲིད་འབྲས་ལེན་དགོས་པ་དང་། “དཔོན་པོ་གསར་བས་རྩིས་ཐོ་རྙིང་བ་ཁས་མི་ལེན་པ”དང་། མང་ཚོགས་ཀྱི་འདོད་བློ་དང་འགལ་ཏེ་དོན་དངོས་དང་མི་མཐུན་པའི་ཇུས་ཐག་གཅོད་པ། སྲིད་ཇུས་ཀྱི་འཆར་འགོད་བག་ལེབ་སྲེག་པ་ལྟར་ཕར་སློག་ཚུར་སློག་བྱེད་པ། ས་གནས་སྲིད་གཞུང་གི་མངོན་མེད་བུ་ལོན་སྒྲིག་འགལ་གྱིས་གསར་སྣོན་བྱེད་པ་སོགས་ཀྱི་གནད་དོན་ལ་གཅིག་བསྡུས་ཀྱིས་སྒྲིག་བཅོས་བྱ་དགོས་ལ། ཤུགས་བཏོན་ནས་ལོ་རྒྱུས་ཀྱི་ལྷག་ལུས་གནད་དོན་ཁག་ཅིག་ཐག་གཅོད་པ་དང་། འཕེལ་རྒྱས་ཀྱི་གེགས་སུ་གྱུར་པའི་དཀའ་གནད་ཁག་ཅིག་གཙང་སེལ་བྱེད་པ། གཙོ་གནད་ཀྱི་ཡིག་སྐུར་ངོ་གཏུག་གྱོད་གཞི་ཁག་ཅིག་སེལ་ཐབས་བྱེད་པ། མང་ཚོགས་ཀྱི་ཁེ་ཕན་ལ་གནོད་པའི་གནད་དོན་ཁག་ཅིག་སྒྲིག་བཅོས་བྱེད་པ། སྐོར་ཞིབ་བཤེར་རྩིས་ལས་བཏོན་པའི་གནད་དོན་ཁག་ཅིག་སྒྲུབ་མཇུག་སྒྲིལ་བ། མང་ཚོགས་ཀྱིས་མྱོང་རེག་ཐུབ་པའི་དོན་དངོས་ཁག་ཅིག་བསྒྲུབས་ནས་འགྲུབ་པ་བཅས་བྱ་དགོས་པའི་བླང་བྱ་གསར་བ་བཏོན་ཡོད།
གཉིས། ཡང་དག་པའི་སྲིད་འབྲས་ལྟ་བས་རུ་སྣ་འདྲེན་པ་རྒྱུན་འཁྱོངས་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་སྲུང་སྐྱོབ་ལ་གཅིག་འདོམས་ཀྱིས་སྐུལ་སྤེལ་བྱ་དགོས།
གྲུབ་འབྲས་ཐམས་ཅད་བསྒྲུབས་ནས་ཐོན་པ་ཡིན་ཏེ། ཟོལ་མེད་ཀྱིས་དོན་བསྒྲུབས་ན་ད་གཟོད་ངོ་མས་གྲུབ་འབྲས་ཐོན་ཞིང་གྲུབ་འབྲས་ངོ་མ་ཐོན་ཐུབ་པས། ཡང་དག་པའི་སྲིད་འབྲས་ལྟ་བ་འཛུགས་པ་དང་ལག་ལེན་བྱེད་པའི་རྐང་འབབ་ས་དེ་ངེས་པར་དུ་དམ་པ་དོན་གཉེར་བྱེད་པའི་ཐོག་ཏུ་འཇོག་དགོས་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་ལག་ལེན་བྱེད་པའི་ཁྲོད་ནས་མངོན་དགོས། འཐབ་ལམ་གསར་བར་འབད་པས་སྐྱོད་དུས། ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་བསྩལ་པའི་“ཆེ་ཤོས་གསུམ་”གྱི་ཞིང་ཆེན་ངེས་གནས་དང་“སྔར་བས་གལ་ཆེ་བ་གསུམ་”གྱི་འཐབ་ཇུས་གོ་གནས་ལ་རྐང་ཚུགས་ཏེ། རྒྱལ་ཡོངས་དང་འགྲོས་མཉམ་ངང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་ཕལ་ཆེར་མངོན་འགྱུར་ཐུབ་པ་ཁག་ཐེག་བྱེད་པའི་སྤྱིའི་དམིགས་འབེན་ལ་རྩེ་གཅིག་ཏུ་དམིགས་ཏེ། དངོས་སྒྲུབ་དང་དངོས་འབྲས་ལ་བརྟེན་ནས་རྒྱུགས་ལན་གསར་བ་འབྲི་བ་དང་རྣམ་པ་གསར་བ་གཏོད་དགོས།
སྐྱེ་ཁམས་སྲུང་སྐྱོབ་བྱེད་པ་དེ་སྔོན་འགྲོ་ཡིན་དགོས། མཚོ་སྔོན་གྱི་རིན་ཐང་ཆེ་ཤོས་དང་འགན་ཁུར་ཆེ་ཤོས། གཏིང་ཤུགས་ཆེ་ཤོས་གསུམ་ག་སྐྱེ་ཁམས་ཀྱི་སྟེང་དུ་ཡོད་པས། ངེས་པར་དུ་སྐྱེ་ཁམས་སྲུང་སྐྱོབ་བྱ་རྒྱུ་ནམ་ཡང་ཀུན་གྱི་སྔ་མའི་གོ་གནས་སུ་འཇོག་པ་དང་། སྐྱེ་ཁམས་ཀྱི་རྩོལ་ནུས་ཆེ་ཤོས་སུ་བསྒྱུར་རྒྱུའི་ལས་འགན་གཙོ་བོ་འདི་ཉིད་དམ་འཛིན་བྱས་ཏེ། སྟོབས་ཤུགས་གཅིག་སྒྲིལ་གྱིས་སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་བསྐྲུན་དགོས། ཉེ་བའི་ལོ་འདི་ཤས་ཀྱི་རིང་། མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཅོལ་བཏམས་ཡིད་ལ་དམ་པོར་བཅངས་ཏེ། བློ་བརྟན་འགྱུར་མེད་ཀྱིས་རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་ལག་ལེན་དུ་བསྟར་བ་དང་། བློ་ཐག་རྦད་ཆོད་ཀྱིས་སྐྱེ་ཁམས་སྲུང་སྐྱོབ་ཅེས་པའི་ཆབ་སྲིད་འགན་ཁུར་ཆེ་ཤོས་འདི་ཕྲག་ཏུ་བརྟན་པོར་བླངས་ཤིང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་འཛུགས་སྐྲུན་སྲོལ་ཡིག་བཏོན་ཏེ། ཕྱོགས་ཡོངས་ནས་“ཁུལ་གསུམ་ཐིག་གསུམ”དབྱེ་འབྱེད་གཏན་ཁེལ་བྱས་པ་དང་། གོམ་ཁ་བརྟན་པོའི་ངང་“ཐཱན་རྩེར་སོན་གྱི་འགུལ་སྐྱོད་ཆེན་པོ་བཅུ”ལག་བསྟར་བགྱིས་པས། རྒྱལ་ཁབ་སྤྱི་གླིང་གཙོ་གཞི་བྱས་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་ལག་ཕལ་ཆེར་གྲུབ་པ་དང་། སྐྱེ་དངོས་ཀྱི་སྣ་མང་རང་བཞིན་སྔར་བས་ཕུན་སུམ་ཚོགས་པ་དང་། “ཀྲུང་ཧྭའི་ཆུ་གཏེར”ཉིན་རེ་བཞིན་བརྟན་ཞིང་འབེལ་བར་གྱུར། ཡང་དག་པའི་སྲིད་འབྲས་ལྟ་བ་འཛུགས་པ་དང་ལག་ལེན་བྱེད་ན། རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་སློབ་གསོ་དང་ཁྲིད་སྟོན་བྱས་ནས་མཚོ་སྔོན་གྱི་སྐྱེ་ཁམས་ཐོན་ཁོངས་ནི་དོན་གྱིས་མཚོ་སྔོན་གྱི་ཡིན་ལ་སྒོས་སུ་རྒྱལ་ཡོངས་ཀྱི་ཡིན་པར་ངོས་ཟིན་ཟབ་མོ་ལེན་པ་དང་། ཐོག་མཐའ་བར་གསུམ་དུ་“རྒྱལ་དོན་གྱི་ཆེ་ཕྱོགས”སེམས་ལ་བཟུང་སྟེ། མི་དང་རང་བྱུང་ཁམས་དང་། སྲུང་སྐྱོབ་དང་འཕེལ་རྒྱས། ཁོར་ཡུག་དང་དམངས་འཚོ་བཅས་བར་གྱི་རྩོད་སྒྲུབ་གཅིག་གྱུར་གྱི་འབྲེལ་བར་སྟངས་འཛིན་ཡང་དག་བྱེད་པ་དང་། “འཕེལ་རྒྱས་ལ་གཙིགས་ཆེན་དང་སྲུང་སྐྱོབ་ལ་སྣང་ཆུང”བྱེད་པ་དང་“འཕེལ་རྒྱས་སྔོན་འཇོག་དང་བཅོས་སྐྱོང་གཞུག་སྐྱུར”བྱེད་པ་སོགས་བསམ་བློ་ནོར་འཁྲུལ་ཅན་དག་མཐའ་གཅིག་ཏུ་དོར་ནས། སྐྱེ་ཁམས་ཀྱི་བདེ་འཇགས་ཁག་ཐེག་ཐུབ་པ་དང་སྐྱེ་ཁམས་ཀྱི་བཟང་གཤིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྔོན་འགྲོ་འོག་ཏུ། ཕྱོགས་སོ་སོའི་འཛུགས་སྐྲུན་ལ་འཆར་འགོད་བྱས་ནས་སྐུལ་སྤེལ་གཏོང་དགོས་པ་དང་། བློ་ཐག་རྦད་ཆོད་ཀྱིས་“ཀྲུང་ཧྭའི་ཆུ་གཏེར”བདག་སྲུང་བྱེད་མཁན་ལེགས་པོ་བྱས་ཏེ། མཚོ་སྔོན་གྱི་རི་སྔོ་ཆུ་དྭངས་དེ་ཀྲུང་ཧྭ་མི་རིགས་ལ་བདེ་སྐྱིད་སྐྲུན་བྱེད་ཀྱི་གསེར་རི་དངུལ་རིར་འགྱུར་ཐབས་བྱ་དགོས།
སྤུས་ཚད་མཐོ་བའི་འཕེལ་རྒྱས་དེ་ཁྲིད་ཕྱོགས་བྱ་དགོས། མཚོ་སྔོན་གྱི་དཔལ་འབྱོར་བསྡོམས་འབོར་ཉུང་བས། འཕེལ་རྒྱས་ལ་ཁྱད་ཆོས་ཅན་དང་ལེགས་བསྡུས་ཅན་གྱི་རྣམ་པ་མངོན་དགོས་པ་དང་། ཐོན་ལས་ཀྱི་དགེ་མཚན་གསར་བ་དང་འཕར་སྣོན་གྱི་སྒུལ་ཤུགས་གསར་བ་སྔར་བས་མང་པོ་གསོ་སྐྱོང་བྱ་དགོས་ཏེ། ངེས་པར་དུ་གང་ལ་གང་འཚམ་གྱིས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་སུ་གཏོང་རྒྱུ་ནམ་ཡང་རྒྱུན་འཁྱོངས་བྱེད་པ་དང་། ཁྱད་ཆོས་མངོན་ཐུབ་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་བྱ་དགོས། ཉེ་བའི་ལོ་འདི་ཤས་ཀྱི་རིང་། མཚོ་སྔོན་གྱིས་ཐོན་ལས་ཀྱི་“གནས་བཞི”འཛུགས་སྐྲུན་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྟོབས་གསོག་ནུས་སྐྱེད་བྱེད་པ་རྒྱུན་འཁྱོངས་དང་། ཚྭ་མཚོའི་ཐོན་ཁུངས་ཕྱོགས་བསྡུས་སྒོས་གསར་སྤེལ་དང་བེད་སྤྱོད་བྱེད་པའི་ཆུ་ཚད་མཐོར་འདེགས་ཆེན་པོ་བཏང་བ་དང་། རྒྱལ་ཡོངས་ཀྱི་སྔོན་ལ་ནུས་ཁུངས་གསར་བའི་གློག་འདོན་འཕྲུལ་ཆས་དང་དོན་དངོས་ཀྱི་གློག་འདོན་ཚད་ཀྱི་བསྡུར་ཚད་གཉིས་ཀ་50%ལས་བརྒལ་བ་མངོན་འགྱུར་བྱས། སྐྱེ་ཁམས་ཡུལ་སྐོར་འགྲོ་གནས་དེ་སྤུས་ལེགས་ཅན་དང་ཟོང་རྟགས་ཅན་དུ་རིམ་པ་སྤར་བ་དང་། ལྗང་མདོག་སྐྱེ་ལྡན་གྱི་ཞིང་ཕྱུགས་ཐོན་རྫས་རྒྱལ་ཁབ་ཕྱི་ནང་གཉིས་སུ་ཚོང་བྲིན་གྱིན་ཡོད། 2025ལོར་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་བསྡོམས་འབོར་དེ་ལོ་རྒྱུས་རང་བཞིན་གྱི་ཐེམ་སྐས་གསར་བ་ཞིག་སྟེ་སྒོར་དུང་ཕྱུར་4000ལ་སླེབས་པ་དང་། དཔལ་འབྱོར་འཕེལ་རྒྱས་ཀྱི་ཐད་ནས་སྤུས་ཀ་མཐོར་འདེགས་ནུས་ལྡན་དང་གྲངས་ཚད་འཕར་སྣོན་ལུགས་མཐུན་བྱུང་བ་རེད། ཡང་དག་པའི་སྲིད་འབྲས་ལྟ་བ་འཛུགས་པ་དང་ལག་ལེན་བྱེད་ན། རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་སློབ་གསོ་དང་ཁྲིད་སྟོན་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དེ་མཚོ་སྔོན་གྱི་གནད་དོན་མཐའ་དག་ཐག་གཅོད་པའི་རྨང་གཞི་དང་གནད་འགག་ཡིན་པར་ངོས་ཟིན་ཟབ་མོ་ལེན་པ་དང་། ངེས་པར་དུ་ཐོན་ཁུངས་ཀྱི་ལྷན་ནུས་དང་སྐྱེ་ཁམས་ཀྱི་ཐེག་ཚད། བྱེད་ལས་ཀྱི་ངེས་གནས་བཅས་ལ་རྐང་ཚུགས་ཏེ། གང་ཞིག་བསྒྲུབ་ཏུ་རུང་བ་དང་གང་ཞིག་བསྒྲུབ་ཏུ་མི་རུང་བའི་སྤང་བླང་ཡོད་པ་རྒྱུན་འཁྱོངས་བྱས་ཐོག། ཐོན་ལས་“གནས་བཞིའི”འདུ་ཚོགས་སྤུས་ཚད་མཐོ་བའི་ངང་འཛུགས་སྐྲུན་བྱེད་པ་དང་། གསར་གཏོད་ཀྱིས་སྣེ་ཁྲིད་ཅིང་། མཐུན་སྦྱོར་ཕན་མཐོ། ལྗང་མདོག་ཐཱན་ཉུང་། ཁྱད་ཆོས་མངོན་གསལ་བཅས་ཡིན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་ཧུར་ཐག་གིས་འཛུགས་སྐྱོང་བྱས་ཏེ། མཚོ་སྔོན་གྱི་དོན་དངོས་དང་མཐུན་ཞིང་། མཚོ་སྔོན་གྱི་ཁྱད་ཆོས་མཚོན་ཐུབ་པ། མཚོ་སྔོན་གྱི་རྒྱུ་སྤུས་རྣམ་པར་མངོན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུ་གསར་བ་ཞིག་གཏོད་དགོས།
ཐུན་མོང་ཕྱུག་འགྱུར་ཡོང་བ་དེ་དམིགས་འབེན་དུ་འཛིན་དགོས། མཚོ་སྔོན་གྱི་གཞི་རྩའི་སྤྱི་པའི་ཞབས་ཕྱི་ཆ་སྙོམས་ཆགས་པའི་ཆུ་ཚད་དེ་ཤར་རྒྱུད་ཀྱི་མཚོ་ངོགས་ས་ཁུལ་དང་བསྡུར་ན་མཐོན་པོ་མེད་ལ། གྲོང་ཁྱེར་དང་གྲོང་གསེབ་བར་དང་། ས་ཁོངས་དང་ས་ཁོངས་བར་གྱི་འཕེལ་རྒྱས་དོ་མཉམ་མིན་པ་དང་འདང་ངེས་མིན་པའི་གནད་དོན་ཅུང་མངོན་གསལ་དུ་སྣང་ཞིང་། རྒྱལ་ཡོངས་དང་འགྲོས་མཉམ་གྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་ཕལ་ཆེར་མངོན་འགྱུར་བྱེད་པའི་ལས་འགན་ཤིན་ཏུ་ལྕི་བས། ངེས་པར་དུ་མི་དམངས་ཀྱི་ལངས་ཕྱོགས་སུ་ནམ་ཡང་བརྟན་པོར་འགྲེངས་ཏེ། ཐུན་མོང་ཕྱུག་འགྱུར་ཡོང་བ་རྒྱུན་འཁྱོངས་བྱེད་པ་དང་། སྟོབས་ཤུགས་བསྒྲིལ་ནས་དམངས་འཚོ་ལེགས་བཅོས་བྱ་དགོས། ཉེ་བའི་ལོ་འདི་ཤས་ཀྱི་རིང་། མཚོ་སྔོན་གྱིས་དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱ་རྒྱུ་དེ་ཁྱོན་ཡོངས་ལ་ཤུགས་རྐྱེན་གཏོང་བྱེད་ཀྱི་ལས་ཀར་བརྩིས་ཏེ། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་འགྲོ་སོང་གི་བདུན་ཆའི་ཡན་ཆད་དམངས་འཚོའི་བྱ་གཞག་འཕེལ་རྒྱས་སུ་གཏོང་བའི་ཐད་དུ་བཏང་བས། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དང་རྒྱ་སྐྱེད་བཏང་བ་དང་། གྲོང་གསེབ་དར་སྤེལ་གྱི་སྤུས་ཚད་དང་རྒྱ་ཁྱོན་རྒྱུན་ཆད་མེད་པར་ཇེ་མཐོར་བཏང་ཞིང་། ཅི་ཧྲི་ཧྲན་ས་ཡོམ་སོགས་གནོད་འཚེ་བྱུང་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་གྱི་ལས་འགན་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱུང་སྟེ། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་སྐྱིད་སྣང་བདེ་སྣང་མངོན་གསལ་གྱིས་ཇེ་དྲག་ཏུ་ཕྱིན་ཡོད། ཡང་དག་པའི་སྲིད་འབྲས་ལྟ་བ་འཛུགས་པ་དང་ལག་ལེན་བྱེད་ན། རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་སློབ་གསོ་དང་ཁྲིད་སྟོན་བྱས་ནས་མི་དམངས་ཀྱི་ཆེད་དུ་འཕེལ་རྒྱས་བཏང་ན་འཕེལ་རྒྱས་ལ་ད་གཟོད་དོན་སྙིང་ལྡན་པར་ངོས་ཟིན་ཟབ་མོ་ལེན་པ་དང་། ངེས་པར་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱས་ནས། ལས་ཞུགས་དང་སློབ་གསོ། སྨན་བཅོས་སོགས་ཀུན་ཕན་རང་བཞིན་དང་རྨང་གཞིའི་རང་བཞིན། མཐའ་སྐྱོང་རང་བཞིན་ལྡན་པའི་དམངས་འཚོའི་འཛུགས་སྐྲུན་ལ་ཤུགས་སྣོན་ནར་མར་བྱེད་ཅིང་། ས་ཁོངས་དང་ས་ཁོངས་བར་གྱི་ཁྱད་པར་དང་། གྲོང་ཁྱེར་དང་གྲོང་གསེབ་བར་གྱི་ཁྱད་པར་རྒྱུན་ཆད་མེད་པར་ཇེ་ཆུང་དུ་གཏོང་བ། རྨང་གཞིའི་སྤྱི་པའི་ཞབས་ཕྱི་ཆ་སྙོམས་ཆགས་པའི་ཆུ་ཚད་མཐོར་འདེགས་ཏུ་གཏོང་བ། མི་དམངས་ཡོངས་རྫོགས་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། དེང་རབས་ཅན་འཛུགས་སྐྲུན་གྱི་གྲུབ་འབྲས་སྔར་བས་མང་པོ་ཞིང་ཆེན་ཡོངས་ཀྱི་མི་རིགས་སོ་སོའི་མང་ཚོགས་ལ་སྔར་བས་དྲང་སྙོམ་གྱིས་འཐོབ་ཐུབ་པར་བྱ་དགོས།
ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་སྐྱེད་པ་དེ་གཙོ་ཐིག་ཏུ་འཛིན་དགོས། མཚོ་སྔོན་ནི་མི་རིགས་མང་པོ་མཉམ་སྡོད་དང་། ཆོས་ལུགས་མང་པོ་མཉམ་གནས། རིག་གནས་མང་པོ་མཉམ་འདྲེས་བཅས་བྱས་པའི་ཞིང་ཆེན་ཞིག་ཡིན་པས། ངེས་པར་དུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་སྐྱེད་པ་དེ་མི་སེམས་ཀྱི་ཟབ་སར་ཟུག་པར་རྒྱུན་མཐུད་ངང་སྐུལ་འདེད་བྱེད་པ་དང་། མི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཏང་གི་བཀའ་བརྩི་བ་དང་། ཏང་གི་དྲིན་དྲན་པ། ཏང་གི་རྗེས་འབྲངས་པར་ཁྲིད་སྟོན་བྱ་དགོས། ཉེ་བའི་ལོ་འདི་ཤས་ཀྱི་རིང་། མཚོ་སྔོན་གྱིས་ཆབ་སྲིད་འགན་ཁུར་མཐའ་གཅིག་ཏུ་ཕྲག་ཏུ་བརྟན་པོར་བླངས་ཏེ། ཀུན་གྱི་སྔོན་ལ་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་གསར་སྐྲུན་བྱས་པ་དང་། བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་དེ་བསྟུད་མར་ལོ་གཉིས་ལ་རྒྱལ་ཡོངས་ཀྱི་ཕུལ་བྱུང་རིམ་གྲས་སུ་ཡོད་པས། སྤྱི་ཚོགས་འཆམ་མཐུན་དང་། མི་རིགས་འགྲིག་མཐུན། ཆོས་ལུགས་ཞི་མཐུན་ཡིན་པའི་རྣམ་པ་རྒྱུན་ཆད་མེད་པར་སྲ་བརྟན་དུ་བཏང་། ཡང་དག་པའི་སྲིད་འབྲས་ལྟ་བ་འཛུགས་པ་དང་ལག་ལེན་བྱེད་ན། རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་སློབ་གསོ་དང་ཁྲིད་སྟོན་བྱས་ནས་མཚོ་སྔོན་དུ་མི་རིགས་བྱ་བ་མ་གཉེར་ཚེ་ཁྱོན་ཡོངས་ཀྱི་བྱ་བ་གཉེར་ཐབས་མེད་པ་དང་། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་ན་མི་རིགས་སོ་སོའི་མང་ཚོགས་ཀྱིས་སེམས་མཐུན་ཤུགས་སྒྲིལ་དང་བློ་གཅིག་འབད་འཐབ་བྱེད་པ་དང་འབྲལ་ཐབས་མེད་པར་ངོས་ཟིན་ཟབ་མོ་ལེན་པ་དང་། ངེས་པར་དུ་ཏང་གི་མི་རིགས་སྲིད་ཇུས་དང་ཆོས་ལུགས་བྱ་བའི་རྩ་བའི་བྱེད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་མཐར་ཕྱིན་བྱས་ཏེ། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་བསྒྱུར་བའི་མཚོ་སྔོན་གྱི་ལག་ལེན་རྒྱུན་ཆད་མེད་པར་ཟབ་སྤེལ་བྱེད་པ་དང་། མི་རིགས་སོ་སོ་རྒྱ་ཁྱབ་ཏུ་འགྲོ་འོང་དང་སྤེལ་རེས་དང་མཉམ་འདྲེས་ཡོང་བར་ཡར་སྐུལ་ཧུར་ཐག་བྱེད་ཅིང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་སྐྱེད་པའི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལ་སྤུས་ཚད་མཐོ་བའི་སྐུལ་འདེད་བཏང་ནས། ཏང་གིས་མི་རིགས་ས་ཁུལ་དུ་སྲིད་འཛིན་རྨང་གཞི་ངེས་པ་དོན་གྱིས་བརྟན་པོར་བསྐྲུན་དགོས།
གསུམ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བགྱིད་པ་འགན་སྲུང་དུ་བྱས་ཏེ། ཡང་དག་པའི་སྲིད་འབྲས་ལྟ་བ་མཚོ་སྔོན་དུ་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་པར་སྐུལ་འདེད་གཏང་དགོས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྤུས་ཚད་མཐོ་བའི་ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་བྱ་དགོས་ཏེ། ཏང་ལ་དོ་དམ་དང་ཏང་འཛུགས་སྐྱོང་བྱས་པར་ཕན་ནུས་ཇི་ལྟར་ཐོན་ན། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་འགན་སྲུང་བྱེད་ཤུགས་དེ་ལྟར་ཆེ་བ་ཡིན། ལོ་རྒྱུས་ཀྱི་མགོ་ཚུགས་ས་གསར་བར་འགྲེངས་ཏེ། འཐབ་ཇུས་གོ་སྐབས་དང་ཉེན་ཁའི་འགྲན་སློང་མཉམ་གནས་ཡིན་ལ་གཏན་ཁེལ་མེད་ཅིང་སྔོན་དཔག་དཀའ་བའི་རྒྱུ་རྐྱེན་ཇེ་མང་དུ་འགྲོ་བའི་ཁོར་ཡུག་རྙོག་འཛིང་ཅན་ལ་ཁ་གཏད་དུས། ངེས་པར་དུ་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་རྒྱུན་འཁྱོངས་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བ་དང་། སྲོལ་བཟང་སྤྱོད་དྲང་གི་ཆབ་སྲིད་སྐྱེ་ཁམས་དང་ལས་སྒྲུབ་ལས་གཏོད་ཀྱི་ཁོར་ཡུག་རྒྱུན་མཐུད་ངང་བསྐྲུན་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་སྐྲུན་པའི་མཚོ་སྔོན་གྱི་ལེའུ་འབྲི་བར་འགྱུར་མེད་ཀྱི་འགན་ལེན་འདོན་སྤྲོད་བྱ་དགོས།
རྨང་བརྟན་ཟུངས་སྐྱེད་བྱ་རྒྱུ་གཙིགས་སུ་བཟུང་སྟེ། དངོས་སྒྲུབ་ཀྱི་སྟོབས་ཤུགས་ཆིག་སྒྲིལ་བྱ་དགོས། ཡང་དག་པའི་སྲིད་འབྲས་ལྟ་བ་འཛུགས་པ་དང་ལག་ལེན་བྱེད་པའི་བསམ་བློའི་རྨང་གཞི་བརྟན་པོ་བསྐྲུན་དགོས་ན། རྩ་བ་ནི་ཏང་གི་གསར་གཏོད་གཞུང་ལུགས་ཀྱིས་སེམས་ཤུགས་གཅིག་སྒྲིལ་དང་བློ་སྦྱོང་བྱེད་རྒྱུར་ཐུག་ཡོད། ཏང་གི་གསར་གཏོད་གཞུང་ལུགས་ཀྱིས་དྲག་ཆས་སྤྲོད་རྒྱུ་ཟབ་སྤེལ་བྱ་དགོས་པ་སྟེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་སློབ་གསོ་དང་གསོ་སྦྱོང་གི་འཆར་གཞི་གཏིང་ཟབ་ཏུ་ལག་བསྟར་བྱེད་པ་དང་། “གྲོས་དོན་དང་པོ”དང་། ཏང་ཨུའི(ཏང་ཙུའུ)གཞུང་ལུགས་སློབ་སྦྱོང་གི་ལྟེ་བའི་ཚོ་ཁག་གི་སློབ་སྦྱོང་། གཞི་རིམ་གྱི་ཏང་རྩ་འཛུགས་གི་གཞུང་ལུགས་སློབ་སྦྱོང་སོགས་ཀྱི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་ལག་བསྟར་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་མཆན་བཀོད་གལ་ཆེན་གྱི་དགོངས་དོན་དང་མཚོ་སྔོན་གྱི་བྱ་བར་གནང་བའི་བླང་བྱ་གལ་ཆེན་བཅས་རྒྱུན་མཐུད་ངང་རྗེས་འདེད་སློབ་སྦྱོང་བྱ་དགོས། ཏང་གཤིས་སློབ་གསོ་ལ་མངོན་གསལ་དོད་པོས་ཤུགས་སྣོན་བརྒྱག་དགོས་པ་སྟེ། “འདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་དང་། “ཁྱད་པར་ཅན་ལྔ”ཡི་མདོ་དབུས་མཐོ་སྒང་གི་སྙིང་སྟོབས་སོགས་རྒྱུན་འཛིན་དང་དར་སྤེལ་བྱེད་པ་དང་། ནམ་རྒྱུན་དུ་ཏང་གཤིས་སློབ་གསོ་དང་ཏང་གཤིས་དབྱེ་ཞིབ་བྱས་ནས། ཏང་ཡོན་ལས་བྱེད་པས་ཐོག་སེམས་འགན་འཁྲི་ཡིད་ལ་དམ་པོར་འཆང་བ་དང་དམར་པོ་གསར་བརྗེའི་ཁྲག་རྒྱུན་ཆད་མེད་འཛིན་སྐྱོང་བྱེད་པར་ཁྲིད་སྟོན་བྱ་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཡང་དག་པའི་སྲིད་འབྲས་ལྟ་བ་འཛུགས་པ་དང་ལག་ལེན་བྱེད་པའི་སྐོར་གྱི་རྣམ་བཤད་གལ་ཆེན་ལ་གཏིང་ཟབ་ཏུ་སློབ་སྦྱོང་དང་གོ་བ་ལེན་པ་དང་། སློབ་སྦྱོང་སློབ་གསོའི་ཕན་འབྲས་དེ་བློ་བརྟན་འགྱུར་མེད་ངང་“གཏན་ཁེལ་གཉིས”ལ་གོང་བཀུར་དང་བློ་ཐག་རྦད་ཆོད་ཀྱིས་“སྲུང་སྐྱོང་གཉིས”བསྒྲུབ་ཐུབ་པའི་འགུལ་སྐྱོད་དངོས་སུ་བསྒྱུར་དགོས། དམིགས་དོན་གྱི་འདུ་ཤེས་བརྟན་པོར་འཛུགས་དགོས་པ་སྟེ། ཏང་ཡོན་ལས་བྱེད་པར་སློབ་གསོ་དང་ཁྲིད་སྟོན་བྱས་ནས་རྣམས་དུས་རབས་གསར་པའི་ཏང་གི་མང་ཚོགས་ལམ་ཐིག་ཏུ་ལེགས་པོར་སྐྱོད་པ་དང་། རིགས་ཆེན་པོ་10ཡི་དམངས་འཚོའི་དོན་དངོས་ལས་གྲྭ་46ཤུགས་ཆེན་པོས་ལག་བསྟར་བྱེད་ཅིང་། མང་ཚོགས་ཀྱི་གམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་ལ་གཅིག་བསྡུས་སྒོས་སྒྲིག་བཅོས་ཟབ་སྤེལ་བྱས་ཏེ། དངོས་སྒྲུབ་དངོས་འབྲས་ལ་བརྟེན་ནས་མང་ཚོགས་ཀྱི་ཡིད་ཆེས་དང་རྒྱབ་སྐྱོར་འཐོབ་པར་བྱ་དགོས།
བཟང་འདེམས་འཇོན་བསྐོར་བྱ་རྒྱུ་གཙིགས་སུ་བཟུང་སྟེ། དངོས་སྒྲུབ་ཀྱི་ཁ་ཕྱོགས་ལ་སྣེ་ཁྲིད་བྱ་དགོས། མི་འདེམས་སྤྱོད་བྱེད་ཚུལ་དེ་རླུང་ཕྱོགས་སྟོན་མདའ་ལྟ་བུ་ཡིན་པས། མི་སྤྱོད་པའི་ཁ་ཕྱོགས་ཅི་འདྲ་ཡིན་ན་སྲིད་འབྲས་ཀྱི་ཁ་ཕྱོགས་དང་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཀྱང་དེ་འདྲ་ཡིན། མི་འདེམས་སྤྱོད་ཀྱི་ཚད་ཐིག་མངོན་པར་གསལ་བ་འཛུགས་དགོས་པ་སྟེ། གྲོང་ཁྱེར་དང་རྫོང་དང་ཤང་གི་མགོ་ཁྲིད་ཚན་ཁག་གཅིག་བསྡུས་སྒོས་སྐབས་བརྗེ་བ་དང་སྦྲེལ་ནས། “འདེམས་བསྐོའི་གཙིགས་སུ་འཛིན་རྒྱུ་ལྔ་དང་། མཐའ་གཅིག་ཏུ་སྤྱོད་རྒྱུ་མིན་པ་ལྔ”ཡི་བླང་བྱ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་བསྐྲུན་པ་དང་། ཐོན་ལས་“གནས་བཞི”འཛུགས་སྐྲུན་བྱེད་པ། གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་བྱེད་པར་སྐུལ་འདེ་ད་གཏོང་བ་སོགས་ལས་འགན་གལ་ཆེན་སྒྲུབ་པའི་ཁྲོད་དུ་འཁུར་ལེན་བྱེད་ཕོད་པ་དང་དངོས་འབྲས་འབུར་དུ་ཐོན་པའི་ལས་བྱེད་པ་སྐོར་ཞིག་འདེམས་བསྐོ་བྱས་ནས། མི་གཅིག་ལེགས་པོར་སྤྱད་དེ་ས་གཅིག་ལ་ཡར་སྐུལ་ཐེབས་པ་མངོན་འགྱུར་བྱ་དགོས། ལས་སྒྲུབ་ལས་གཏོད་ཀྱི་གསོན་ཤུགས་སློང་བར་ཤུགས་འདོན་དགོས་པ་སྟེ། ལས་བྱེད་པས་འཁུར་ལེན་ལས་གཞོལ་བྱེད་པར་དར་ཆ་གསལ་བསྒྲེངས་ཀྱིས་རྒྱབ་ལངས་དང་ཤུགས་སྣོན་བྱེད་པ་དང་། ཆབ་སྲིད་ཀྱི་ཐོག་ནས་ངར་སྐུལ་དང་བྱ་བའི་ཐོག་ནས་རྒྱབ་སྐྱོར། ཐོབ་ཐང་གི་ཐོག་ནས་འགན་སྲུང་། སེམས་ཁམས་ཀྱི་ཐོག་ནས་ཐུགས་ཁུར་བཅས་བྱེད་པའི་ཐབས་བཀོད་སྣ་ཚོགས་འཐུས་ཚང་དང་ལག་བསྟར་བྱ་དགོས་ལ། གཞི་རིམ་ལས་བྱེད་པ་དང་ལྷག་པར་དུ་ཆ་རྐྱེན་དཀའ་སྡུག་ཅན་གྱི་མཚོ་འཕགས་མཐོ་བའི་ས་ཁུལ་གྱི་ལས་བྱེད་པར་ཐུགས་ཁུར་དང་བྱམས་སྐྱོང་བྱེད་པར་ཤུགས་བསྣན་ཏེ། ལས་སྒྲུབ་ལས་གཏོད་ཀྱི་ཟུངས་མདངས་ཉམས་གསུམ་རབ་ཏུ་རྒྱས་པར་བྱ་དགོས། ཡང་དག་པའི་སྲིད་འབྲས་ལྟ་བ་ལག་ལེན་དུ་བསྟར་བའི་ནུས་པ་དང་འཇོན་ཐང་ཤུགས་ཆེན་པོས་ཇེ་མཐོར་གཏང་དགོས་པ་སྟེ། ཏང་གི་སྐབས་ཉི་ཤུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་སྐོར་སྦྱོང་བྱེད་པའི་བྱ་བ་ཡོངས་སུ་ཁེབས་པར་སྤེལ་ཏེ། རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པས་ཆབ་སྲིད་ཆ་ནས་ལྟ་ཐུབ་པ་དང་ཆབ་སྲིད་ཀྱི་ཆ་ནས་སྒྲུབ་ཐུབ་པའི་ནུས་པ་དང་། གནས་བབ་ལ་ངོས་འཛིན་ཐུབ་པ་དང་གནས་བབ་ལ་སྟངས་འཛིན་བྱེད་པའི་ནུས་པ། སྤྱི་ཡོངས་ཀྱི་ལངས་གནས་ཟིན་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་ནུས་པ། སྲིད་ཇུས་སློབ་སྦྱོང་བྱེད་པ་དང་སྲིད་ཇུས་ལ་ཞིབ་འཇུག་བྱེད་པའི་ནུས་པ། གནད་དོན་རྙེད་པ་དང་གནད་དོན་ཐག་གཅོད་པའི་ནུས་པ། འཐབ་རྩོད་བྱེད་ཕོད་པ་དང་འཐབ་རྩོད་བྱེད་མཁས་པའི་ནུས་པ་བཅས་མཐོ་རུ་བཏང་ནས། དེང་རབས་ཅན་འཛུགས་སྐྲུན་གྱི་དགོས་མཁོར་རང་འགུལ་གྱིས་འཚམ་འཕྲོད་ཡོང་བ་བྱ་དགོས།
ལམ་ལུགས་འཐུས་ཚང་དུ་གཏོང་རྒྱུ་གཙིགས་སུ་བཟུང་སྟེ། དངོས་སྒྲུབ་ཀྱི་འགན་སྲུང་ཇེ་དྲག་ཏུ་གཏང་དགོས། ཡང་དག་པའི་སྲིད་འབྲས་ལྟ་བ་འཛུགས་པ་དང་ལག་ལེན་བྱེད་ན། ཏང་ཡོན་ལས་བྱེད་པའི་རང་རྟོགས་ལ་བརྟེན་དགོས་པ་མ་ཟད་ལམ་ལུགས་ཀྱི་ཚོད་འཛིན་དང་ཁྲིད་སྟོན་ལའང་བརྟེན་དགོས། སྲིད་འབྲས་ལ་དཔྱད་ཞིབ་དང་གདེང་འཇོག་བྱེད་སྟངས་ལེགས་སྒྱུར་བྱ་དགོས་པ་སྟེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲིད་འབྲས་ལ་དཔྱད་ཞིབ་དང་གདེང་འཇོག་བྱེད་པའི་མ་ལག་དང་བྱེད་ཐབས་འཐུས་ཚང་དུ་གཏོང་བ་དང་། གནད་འགག་རང་བཞིན་དང་སྣེ་ཁྲིད་རང་བཞིན་གྱི་དཔྱད་ཞིབ་དམིགས་ཚད་དང་དབང་ཚད་ལེགས་བསྒྱུར་བྱས་ཏེ། ལས་བྱེད་པས་གང་དག་བསྒྲུབ་རུང་བ་དང་གང་དག་བསྒྲུབ་མི་རུང་བ། གང་དག་ངེས་པར་བསྒྲུབ་དགོས་པ་བཅས་ཡིད་ལ་གདེང་ཚོད་ཡོད་པ་བྱ་དགོས། སྲིད་འབྲས་ལ་དཔྱད་ཞིབ་དང་གདེང་འཇོག་བྱས་པའི་འབྲས་བུ་དེ་ལས་བྱེད་པ་འདེམས་བསྐོ་བྱེད་པ་དང་སྔོན་ཐོན་ནམ་ཕུལ་བྱུང་དུ་འདེམས་པ་སོགས་ལ་ཟུང་སྦྲེལ་དམ་ཚགས་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་པ་དང་བློ་གཅིག་སེམས་གཅིག་གིས་དམངས་ལ་བདེ་སྐྱིད་སྐྲུན་པའི་ལས་བྱེད་པ་ལས་གནས་གལ་ཆེ་བར་བསྐོ་བ་དང་གཟེངས་བསྟོད་འཐོབ་པར་བྱ་དགོས། སྲིད་འབྲས་ལྟ་བ་ཡོ་བ་འགོག་ཟོན་དང་ཡོ་བཅོས་བྱེད་པའི་བྱ་བའི་རྐྱེན་སྲོལ་ཆ་ཚང་གཟུག་དགོས་པ་སྟེ། མགོ་ཁྲིད་ལས་བྱེད་པའི་འགན་ཡུན་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་ལག་བསྟར་བྱེད་པ་དང་། འགན་ཡུན་བརྟན་པོར་སྲུང་བའི་འབྲེལ་ཡོད་སྲིད་ཇུས་ལག་བསྟར་ནན་མོ་བྱ་དགོས་ཤིང་། མགོ་ཁྲིད་ཚན་ཁག་གི་འགན་འཁུར་བ་གཙོ་བོ་བརྗེ་སྤོ་བྱེད་སྐབས་ཀྱི་སྤྲོད་ལེན་ལམ་ལུགས་འཛུགས་པ་དང་། ས་གནས་ཀྱི་མགོ་ཁྲིད་ཚན་ཁག་དང་མགོ་ཁྲིད་ལས་བྱེད་པའི་སྲིད་འབྲས་ལྟ་བ་ཡོ་བའི་ལྡོག་ཕྱོགས་གསལ་ཐོ་ལེགས་པོར་སྤྱད་དེ། བསྒྲུབ་སྔོན་དུ་འགོག་ཟོན་དང་སྒྲུབ་སྒང་དུ་ལྟ་རྟོག བསྒྲུབས་རྗེས་སུ་ཡོ་བཅོས་བཅས་བྱེད་པའི་སྦྲེལ་ཕྲེང་ཡོངས་ཁེབས་ཀྱི་བྱ་བའི་རྐྱེན་སྲོལ་ཧུར་ཐག་གིས་འཛུགས་སྐྱོང་བྱ་དགོས། དབང་ཆའི་འཁོར་སྐྱོད་ལ་བཀག་འཛིན་དང་ལྟ་སྐུལ་བྱེད་ཤུགས་ཇེ་དྲག་ཏུ་གཏང་དགོས་པ་སྟེ། ཏང་གི་འཛུགས་སྐྲུན་དང་སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་འཛུགས་སྐྲུན་སོགས་ལ་དམིགས་ནས། ཏང་ཀྲུང་དབྱང་གིས་ཇུས་ཆོད་བཀོད་སྒྲིག་གལ་ཆེན་ལག་ཏུ་བསྟར་བའི་རྐྱེན་སྲོལ་དེ་བས་འཐུས་ཚང་དུ་གཏོང་བ་དང་། དོན་དག་གལ་ཆེན་གྱི་ཡར་ཞུ་སྙན་ཞུ་དང་། དམངས་གཙོ་གཅིག་བསྡུས་ཀྱི་ལམ་ལུགས། “གནད་གསུམ་ཆེ་གཅིག”སོགས་ཀྱི་ལམ་ལུགས་དང་གཏན་འབེབས་ལག་བསྟར་ནན་ཏན་བྱེད་ཅིང་། ནན་ཏན་གྱིས་དབང་ཚད་དང་སྒྲིག་སྲོལ་དང་བྱ་རིམ་ལྟར་དོན་དག་བསྒྲུབས་ཏེ། དབང་ཆ་ནམ་ཡང་ཁྲིམས་སྐྱོང་གི་འཕལ་ལམ་དུ་འཁོར་སྐྱོད་ཐུབ་པ་ཁག་ཐེག་བྱ་དགོས།
སྤྱོད་བསྲང་སྒྲིག་ནན་བྱ་རྒྱུ་གཙིགས་སུ་བཟུང་སྟེ། དངོས་སྒྲུབ་ཀྱི་སྲོལ་གསར་ཆགས་པར་བྱ་དགོས། ཡང་དག་པའི་སྲིད་འབྲས་ལྟ་བ་འཛུགས་པ་དང་ལག་ལེན་བྱེད་ན། གནད་འགག་ནི་དངོས་སྒྲུབ་འཁུར་ལེན་དང་ལག་བསྟར་ནན་འཛིན་བྱ་རྒྱུ་དེ་ཡིན། ཤུགས་ཆེན་པོས་དོན་འཁྱོལ་བྱེད་པ་རྒྱུན་འཁྱོངས་བྱ་དགོས་པ་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་མཆན་བཀོད་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པའི་བྱ་བའི་རྐྱེན་སྲོལ་དང་ཏང་སྲིད་“མགོ་གཙོ་དང་པོས”སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་མཆན་བཀོད་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་བའི་བྱ་བའི་སྒྲིག་སྲོལ་ནན་ཏན་གྱིས་ལག་ཏུ་བསྟར་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་པའི་ཁ་ཕྱོགས་སུ་བློ་བརྟན་འགྱུར་མེད་ཀྱིས་མཐུན་སྒྲིལ་འབད་འཐབ་དང་དཀའ་སྤྱད་མདུན་སྐྱོད་བྱ་དགོས། དངོས་སྒྲུབ་ཀྱི་སྤྱོད་ཚུལ་དར་སྤེལ་གཏང་དགོས་པ་སྟེ། བརྟག་དཔྱད་ཞིབ་འཇུག་ཆེ་ཆེར་སྤེལ་བ་དང་། རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པས་གཞི་རིམ་གྱི་འཐབ་ས་དང་པོར་བརྟག་དཔྱད་ཞིབ་འཇུག་བྱེད་པར་སྐུལ་འདེད་བཏང་ནས། གནས་ཚུལ་དངོས་ལ་རྒྱུན་ལོན་གནད་ཁེལ་དང་། གནད་དོན་ཐག་གཅོད། འཕེལ་རྒྱས་ཡར་སྐུལ་བཅས་བྱ་དགོས། དངོས་དོན་བདེན་འཚོལ་དང་བྱ་བ་ཡོད་ཚད་དོན་དངོས་ཀྱི་ཐོག་ནས་མགོ་རྩོམ་པ་རྒྱུན་འཁྱོངས་བྱེད་པ་དང་། སྙིང་རུས་ལྷོད་མེད་ཀྱི་སྒོ་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་བྱས་ཏེ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་སྤོང་ཅི་ཐུབ་བྱ་དགོས། རྒྱུན་མཐུད་ངང་གཞི་རིམ་གྱི་ཁུར་བོ་སྙུང་བ་དང་ནུས་པ་སྐྱེད་པར་བྱས་ཏེ། གཞི་རིམ་གྱི་ལས་བྱེད་པར་མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་ལས་སྒྲུབ་ལས་གཏོད་བྱེད་པའི་དུས་ཚོད་སྔར་བས་མང་པོ་ཡོད་པར་བྱ་དགོས། ལྟ་སྐུལ་དང་སྒྲིག་སྐྱོང་ནན་མོ་བྱ་དགོས་པ་སྟེ། རྩ་བ་ཉིད་ནས་“དམིགས་བསལ་ཡིན་པར་སྨྲ་བ”གཏོར་བ་དང་“སྐྱིན་གསབ་ལེན་པར་འདོད་པ”དོར་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བཀག་འཛིན་ཐེབས་པའི་བསམ་བློའི་ལྕགས་སྒྲོག་དང་སྤྱོད་ཚུལ་ངན་མཁྲེགས་ཡོད་དོ་ཅོག་ལ་རང་འགུལ་གྱིས་འཐབ་རྩོད་བྱ་དགོས་པ་དང་། ཟོལ་བཅོས་རྫུན་བཟོས་ཀྱིས་“གྲངས་ཀའི་སྲིད་འབྲས”བསྐྲུན་པ་དང་དོན་དངོས་དང་བྲལ་ཏེ་“སྲིད་འབྲས་ལས་གྲྭ”བསྐྲུན་པ་སོགས་འབུར་ཐོན་གནད་དོན་མཐའ་གཅིག་ཏུ་ཡོ་བཅོས་བྱས་ནས། ཏང་ཡོན་ལས་བྱེད་པས་ནམ་ཡང་སྒྲིག་ལམ་བརྩི་སྲུང་གི་སྔོན་འགྲོའི་འོག་ཏུ་ཧུར་ཐག་གིས་ལས་ལ་གཞོལ་ཐུབ་པ་བྱས་ཏེ། སྒྲིག་ཁྲིམས་དམ་པོར་བརྟེན་ནས་མི་དམངས་ཀྱི་ཡིད་ཆེས་ཐོབ་པར་བྱེད་པ་དང་། སྤྱོད་ཚུལ་བཟང་བོར་བརྟེན་ནས་ཞུམ་མེད་མདུན་སྐྱོད་ཀྱི་སྟོབས་ཤུགས་གོང་བུར་བསྒྲིལ་དགོས། །