མཚོ་བོད་ལྕགས་ལམ་གྱི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་བཞུགས་མོལ་ཚོགས་འདུ་བསྡུས་ཤིང་།སུང་ཡུང་ཧྥུའུ་དང་ལུའུ་ཁྲོན་ཧྥང་གིས་རྟེན་འབྲེལ་འཕྲིན་ཡིག་བསྐུར་ཞིང་། ཝུའུ་ཞའོ་ཅུན་དང་། ཁྲིན་ཀྲི། ཝང་ཅིན་ཞི་ཡིས་གཏམ་བཤད་གནང་བ་དང་། ལུའོ་ཏུང་ཁྲོན་གྱིས་མགོ་འཛིན་བྱས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

ད་ལོ་ནི་མཚོ་བོད་ལྕགས་ལམ་ལམ་ཐིག་ཧྲིལ་པོར་མེ་འཁོར་ཤར་གཏོང་ཐུབ་ནས་ལོ20འཁོར་བའི་ལོ་རེད། ཟླ6པའི་ཚེས29ཉིན་མཚོ་བོད་ལྕགས་ལམ་གྱི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་བཞུགས་མོལ་ཚོགས་འདུ་ཟི་ལིང་དུ་བསྡུས་པ་རེད།

ད་ལོ་ནི་མཚོ་བོད་ལྕགས་ལམ་ལམ་ཐིག་ཧྲིལ་པོར་མེ་འཁོར་ཤར་གཏོང་ཐུབ་ནས་ལོ20འཁོར་བའི་ལོ་རེད། ཟླ6པའི་ཚེས29ཉིན། མཚོ་བོད་ལྕགས་ལམ་གྱི་སྙིང་སྟོབས་རྒྱུན་འཛིན་དར་སྤེལ་གཏོང་བའི་བཞུགས་མོལ་ཚོགས་འདུ་ཟི་ལིང་དུ་བསྡུས་ཤིང་། ཀྲུང་གོ་བཟོ་སྐྲུན་གླིང་གི་ཡོན་ཧྲི། སྐབས་དེར་རྒྱལ་སྲིད་སྤྱི་ཁྱབ་ཁང་མཚོ་བོད་ལྕགས་ལམ་འཛུགས་སྐྲུན་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པའམ་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་གྱི་འགན་གཅིག་ལྕོགས་སུ་ཁུར་བའི་སུང་ཡུང་ཧྥུའུ་དང་། ཀྲུང་གོ་བཟོ་སྐྲུན་གླིང་གི་ཡོན་ཧྲི། མཚོ་བོད་ལྕགས་ལམ་འཛུགས་སྐྲུན་གྱི་སྤྱི་ཁྱབ་བཀོད་འདོམས་པུའུ་ཡི་བཀོད་འདོམས་དཔོན་ལུའུ་ཁྲོན་ཧྥང་གཉིས་ཀྱིས་ཤིས་ཚིག་བསྐུར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་ཞའོ་ཅུན་དང་། མི་དམངས་ཉིན་རེའི་ཚགས་པར་རྩོམ་སྒྲིག་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ཕྱི་རྒྱལ་པར་མའི་སྤྱི་ཁྱབ་རྩོམ་སྒྲིག་པ་ཁྲིན་ཀྲི། ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་སྡེ་ཚོགས་ཚད་ཡོད་ཀུང་ཟིའི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ་དང་། མ་རྐང་བདག་པོ་ཝང་ཅིན་ཞི་བཅས་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་མགོ་འཛིན་བྱས།

སུང་ཡུང་ཧྥུའུ་ཡིས་ཤིས་ཚིག་ནང་དུ་བཤད་རྒྱུར། རང་ཉིད་ལོ་དྲུག་ཅུའི་སྐབས་བཀའ་རྒྱ་དང་ལེན་བྱས་ཏེ། མཚོ་བོད་ལྕགས་ལམ་འཛུགས་སྐྲུན་བྱེད་པར་རྩ་འཛུགས་བཀོད་འདོམས་ཀྱི་འགན་ཁུར་བ་ནི། “ལས་འགན་གཟི་བརྗིད་དང་། འགན་འཁྲི་གལ་ཆེན། གོ་སྐབས་འཕྲད་དཀའ་བ”ཡིན་པ་སེམས་སྟེང་ནས་ཚོར་ཡོད། མཚོ་བོད་ལྕགས་ལམ་འཛུགས་སྐྲུན་པས་བཏོན་པའི་ཁྱད་འཕགས་ཀྱི་བྱས་རྗེས་དང་། གསར་གཏོད་ཀྱི་མཛད་རྗེས་རླབས་ཆེན་ནི། ནམ་ཡང་ལོ་རྒྱུས་དེབ་ཐེར་དུ་འགོད་རུང་བ་རེད། ལོ20རིང་། རྒྱ་ཆེའི་ལྕགས་ལམ་ལས་བཟོ་བས་སྟོབས་ཤུགས་ཡོད་རྒུས་མཚོ་བོད་ལྕགས་ལམ་སྙིང་སྟོབས་དར་སྤེལ་བྱས་ཤིང་། བཅོས་སྒྱུར་གསར་གཏོད་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བྱས་པས། གངས་ལྗོངས་མཐོ་སྒང་དུ་བདེ་འཇགས་ཤར་གཏོང་དང་། ཕུལ་བྱུང་ཆོད་ཆེའི་ཧ་ལས་པའི་མཛད་རྗེས་བསྐྲུན་པ་རེད། ང་ནི་གཞོན་རབས་ལྕགས་ལམ་པས་ཟམ་མི་ཆད་པར་མཚོ་བོད་ལྕགས་ལམ་སྙིང་སྟོབས་དར་སྤེལ་དང་། དུས་རབས་གསར་པའི་ལྕགས་ལམ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཐབ་ལམ་ཁྲོད་བྱས་རྗེས་གསར་པ་འཇོག་པར་ཡིད་ཆེས་བརྟན་པོ་ཡོད་ཟེར།

ལུའུ་ཁྲོན་ཧྥང་གིས་རྟེན་འབྲེལ་ཞུ་ཚིག་ནང་བཤད་རྒྱུར། ལོ་དེར་ང་དང་འཛུགས་སྐྲུན་པ་ཁྲི་མ་འབུམ་མཉམ་དུ་གངས་ལྗོངས་སུ་དཔའ་ངར་གྱིས་བསྐྱོད་ཅིང་། ལྕགས་ལམ་བཟོ་སྐྲུན་གྱི་ཁྱད་མཚར་ཡང་ནས་བསྐྱར་དུ་བསྐྲུན་པ་དང་། “ཚད་མཐའི་འགྲན་སློང་དང་། རྩེ་གྲ་བསྐྲུན་པའི”མཚོ་བོད་ལྕགས་ལམ་སྙིང་སྟོབས་བསྐྲུན་པ་རེད། མཚོ་བོད་ལྕགས་ལམ་ལམ་ཐིག་ཡོངས་སུ་ཤར་གཏོང་བྱས་པའི་ལོ20རིང་། སྤྱི་ལེ་ཆིག་སྟོང་ལྷག་གི་མཁའ་ལམ་གངས་རིའི་ལྗོངས་སུ་འཐེན་ཞིང་། ཤར་གཏོང་མཚམས་ཆད་མེད་པར། དུས་རབས་ཀྱི་བཟོ་སྐྲུན་ནས་དམངས་ཕྱུག་གི་ལམ་བུ་དང་། མཐུན་སྒྲིལ་གྱི་ལམ་བུ། དར་རྒྱས་ཀྱི་ལམ་བུར་གྱུར་ལ། རྒྱུན་ཆད་མེད་པར་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་། མི་རིགས་མཐུན་སྒྲིལ། མཐའ་མཚམས་བརྟན་བརླིང་འབྱུང་བར་སྒུལ་ཤུགས་བླ་མེད་བསྩལ་བ་རེད། ལྕགས་ལམ་བློ་མཐུན་ཡོངས་ཀྱིས་མཚོ་བོད་ལྕགས་ལམ་གྱི་སྙིང་སྟོབས་ལ་སློབ་སྦྱོང་གཏིང་ཟབ་བྱས་ནས། ལྕགས་ལམ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཐབ་ལམ་གསར་པར་བྱས་རྗེས་གསར་པ་འཇོག་པའི་རེ་བ་བཅངས་ཡོད་ཟེར།

ཝུའུ་ཞའོ་ཅུན་གྱིས་བཤད་རྒྱུར། མཚོ་བོད་ལྕགས་ལམ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོའི་མི་དམངས་ལ་འགོ་ཁྲིད་དེ་བསྐྲུན་པའི་རླབས་ཆེན་གྱི་བྱ་གཞག་ཡིན་ལ། ལྷག་པར་དུ་མི་རབས་རེ་རེའི་འཛུགས་སྐྲུན་པ་དང་། སྲུང་སྐྱོབ་པས་ཚེ་སྲོག་དང་ལང་ཚོ། བློ་དཀར་བཅས་ཀྱིས་བཞེངས་པའི་དད་སེམས་ཀྱི་རྡོ་རིང་རེད། འཐབ་ལམ་གསར་པར་འབད་པས་བསྐྱོད་པ་དང་། དུས་རབས་གསར་པར་བྱས་རྗེས་འཇོག་པ་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་བཏོན་པའི་བླང་བྱ་གལ་ཆེན་དེ། སྔར་བས་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ལག་བསྟར་དོན་འཁྱོལ་བྱེད་དགོས་ལ། མཚོ་བོད་ལྕགས་ལམ་སྙིང་སྟོབས་གཏིང་ཟབ་མོའི་སྒོས་དམ་འཛིན་དང་རྒྱུན་མཐུད་བྱེད་པར་ངེས་ཤེས་འདྲོངས་པར་བྱས་ནས། མཚོ་སྔོན་གྱི་འཕེལ་རྒྱས་དང་ཡར་ཐོན་དེ་རྒྱལ་ཁབ་དང་མི་རིགས་ཀྱི་ལས་དབང་དང་ཟུང་འབྲེལ་དམ་པོ་བྱས་ཏེ། ཕུགས་བསམ་དང་དད་སེམས་ཇེ་བརྟན་དུ་གཏོང་བ་དང་། ཐོག་མའི་བསམ་འདུན་དང་ལས་འགན་བརྟན་སྲུང་བྱས་ནས། འཆར་གཞི་གཅིག་མཐར་ཕྱིན་པར་འབྲི་བ་དང་། ཐོ་བ་གཅིག་རྗེས་གཉིས་མཐུད་དུ་རྡུང་དགོས། དངོས་སུ་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཆབ་སྲིད་འགན་འཁྲི་དམ་པོར་འཁུར་ནས། མི་རིགས་མཐུན་སྒྲིལ་གྱི་སྲོག་ཤིང་སྲུང་སྐྱོང་བྱས་ཏེ། རྒྱུན་ཆད་མེད་པར་ཚན་རྩལ་གསར་གཏོད་ཇེ་དྲག་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་བྱེད་གསར་བ་སྐུལ་སློང་བྱས་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་བྱས་ཏེ། དམངས་ལ་བདེ་སྐྱིད་བསྐྲུན་པའི་རྒྱུགས་ལན་གསར་བ་བྲིས་ནས། འགན་ཁུར་ཕོད་པའི་སྤྱོད་ཚུལ་སྦྱོང་བརྡར་བྱས་ཏེ། ཆོད་སེམས་བརྟན་པོ་དང་དངོས་སྒྲུབ་སྔོན་བརྩོན་གྱི་གོམ་སྟབས་གསར་པ་སྤོ་དགོས། དྲིན་ཤེས་པ་དང་། བརྩེ་སེམས་ཡོད་པ། དངོས་སྒྲུབ་བརྩོན་པའི་འབད་འཐབ་ཀྱི་ཉམས་འགྱུར་གྱིས། རླབས་ཆེན་སྙིང་སྟོབས་རྒྱུན་འཛིན་དར་སྤེལ་གཏོང་བའི་ཁྲོད་དྲིན་ཚོར་འབད་བརྩོན་དང་། དཔའ་སྤོབས་མདུན་སྐྱོད་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་ལག་ལེན་གྱི་ལྗོངས་རྣམ་གསར་པ་འབྲི་དགོས་ཟེར།

ལུའོ་ཏུང་ཁྲོན་གྱིས་བཤད་རྒྱུར། ཐེངས་འདིའི་བཞུགས་མོལ་ཚོགས་འདུ་ནི་མཁའ་ལམ་གྱི་སྙན་རྩོམ་རིང་མོར་བསྐྱར་ཞིབ་དང་། སྙིང་སྟོབས་ཀྱི་སྟོབས་ཤུགས་ཤེས་ཚོར་བྱེད་པའི་བསམ་བློ་བརྗེ་རེས་ཚོགས་འདུ་ཞིག་ཡིན་པར་མ་ཟད། ལྷག་ཏུ་འགན་འཁྲི་དང་ལས་འགན། འབད་བརྩོན་གྱི་སྒུལ་ནུས་གཅིག་ཏུ་བསྡུ་བའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་རེད། འགོ་རྩོམ་ས་གསར་བར་ལངས་ནས། འཐབ་ལམ་གསར་བར་བསྐྱོད་པར། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དགོངས་དོན་གལ་ཆེན་བློ་བརྟན་འགྱུར་མེད་ངང་ལག་བསྟར་དོན་འཁྱོལ་བྱེད་དགོས་ལ། སྲིད་འབྲས་ལྟ་བ་ཡང་དག་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་ལག་ལེན་སྐུལ་འདེད་གཏོང་དགོས་པ་དང་། མཚོ་བོད་ལྕགས་ལམ་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་ཁྲོད་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ལྕགས་རི་བསྐྲུན་པ་དང་། ཆོད་སེམས་བརྟན་པོས་ཀྲུང་ཧྭའི་ཆུ་མཛོད་ཀྱི་སྲུང་སྐྱོབ་པ་བྱེད་དགོས། མཚོ་བོད་ལྕགས་ལམ་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་ཁྲོད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པར་བརྟན་བརླིང་རྒྱང་འཁྱོལ་བྱེད་དགོས། སྟོབས་ཤུགས་གཅིག་ཏུ་བསྡུས་ནས་ཐོན་ལས་གནས་བཞི་ཡང་རྩེར་སྙེག་པ་དང་གསར་བར་སྙེག་ནས།  ལྗང་མདོག་རྩིས་གློག་མཉམ་གཅིག་ཏུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། མཚོ་བོད་ལྕགས་ལམ་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་ཁྲོད་རྒྱུན་ཆད་མེད་པར་དམངས་འཚོ་བདེ་སྐྱིད་གོང་དུ་སྤེལ་ནས། མི་རིགས་སོ་སོས་ཐུན་མོང་སྒོས་མཐུན་སྒྲིལ་འབད་འཐབ་དང་། ཐུན་མོང་སྒོས་དར་རྒྱས་འཕེལ་རྒྱས་འབྱུང་བར་སྐུལ་སྤེལ་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་འབད་པས་འབྲི་བར་བྱས་རྗེས་སྔར་ལས་ཆེ་བ་འཇོག་དགོས་ཟེར།

ཁྲིན་ཀྲི་ཡིས་བཤད་རྒྱུར། མི་དམངས་ཉིན་རེའི་ཚགས་པར་གྱིས་ནམ་ཡང་འགན་འཁྲི་དང་དུ་བླངས་ནས། དུས་རབས་ཀྱི་སྐད་སྒྲ་ཆེན་པོ་བསྒྲགས་ཤིང་། གཙོ་རྒྱུག་སྨྱན་བྱད་ཀྱི་མ་ལག་རང་བཞིན་གྱི་བཅོས་སྒྱུར་ལ་སྐུལ་འདེད་གཏིང་ཟབ་བཏང་བ་དང་། ཁྱོན་ཡོངས་ཀྱི་མཐོང་ལམ་ལ་རྐང་ཚུགས་ནས། དུས་རབས་ཀྱི་བརྗོད་དོན་དང་དམ་པོར་སྦྲེལ་ནས། མ་ལག་དང་ལྡན་པའི་སྒོ་ནས་མཁའ་ལམ་འཛུགས་སྐྲུན་ལོ་རྒྱུས་ཀྱི་འབད་འཐབ་གཏམ་རྒྱུད་སྔོག་འདོན་བྱས་ཏེ། སྔར་ལས་ལྷག་པར་མཚོ་བོད་ལྕགས་ལམ་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་། སྐྱེ་ཁམས་སྲུང་སྐྱོབ་དང་། མི་རིགས་མཐུན་སྒྲིལ། གྲོང་གསེབ་ཁྱོན་ཡོངས་ནས་དར་སྤེལ་བཅས་གཅིག་ཏུ་བསྡུས་ནས། རིག་ལྡན་རྨང་གཞི་འཛུགས་སྐྲུན་དང་། མཐའ་མཚམས་བཅོས་སྐྱོང་བྱས་ཏེ། ཕྱོགས་ཡོངས་ནས་མཐོ་སྒང་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་དཔེ་རིས་གསར་བ་ཟིན་འགོད་བྱས་ཏེ། རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་། མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་ཆེན་ཐད་སྙིང་སྟོབས་ཀྱི་སྒུལ་ཤུགས་ཆེན་པོ་གཅིག་ཏུ་བསྡུ་དགོས་ཟེར།

ཝང་ཅིན་ཞི་ཡིས་བཤད་རྒྱུར། རྒྱལ་ཁབ་ལྕགས་ལམ་སྡེ་ཚོགས་ཀྱིས་ལྕགས་ལམ་བྱ་བར་བཏོན་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས། ནུས་ཤུགས་ཆེན་པོས་མཚོ་བོད་ལྕགས་ལམ་སྙིང་སྟོབས་རྒྱུན་འཛིན་དར་སྤེལ་གཏོང་བ་དང་། མཚོ་བོད་ལྕགས་ལམ་འཛུགས་སྐྲུན་ལས་གཉེར་གྱི་ཉམས་མྱོང་སྤྱི་བསྡོམས་ཟབ་མོ་བྱས་ཏེ། སྔར་བས་འཛམ་གླིང་རྩེར་སོན་གྱི་མཐོ་སྒང་ལྕགས་ལམ་དོ་དམ་བཟང་པོ་དང་བཀོལ་སྤྱོད་ལེགས་པོ་བྱས་ནས། མུ་མཐུད་དུ་མཚོ་སྔོན་དང་བོད་ལྗོངས་གཉིས་ཀྱི་མཉམ་ལས་ལ་ཤུགས་བསྣན་ཏེ། ཀྲུང་གོའི་ལྕགས་ལམ་བཅོས་སྒྱུར་འཕེལ་རྒྱས་ཀྱི་ལག་ལེན་གསར་བར་ཟུང་འབྲེལ་བྱས་ནས། མཚོ་བོད་ལྕགས་ལམ་སྙིང་སྟོབས་ཀྱི་དུས་རབས་གསར་བའི་ནང་སྙིང་རྒྱུན་ཆད་མེད་པར་བསྩལ་ཏེ། ལྕགས་ལམ་གྱི་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་རྣམ་པ་གསར་བ་འབད་པས་གཏོད་དགོས་ཟེར།

བཞུགས་མོལ་ཚན་པར། མཚོ་བོད་ལྕགས་ལམ་ཀུང་ཟིའི་སྤྱི་གཉེར་པ་ཟུར་པ་ལི་ཝུན་ཞིན་དང་། ཀྲུང་གོའི་བཟོ་སྐྲུན་གླིང་གི་ཡོན་ཧྲི་ཝུའུ་ཐེན་དབྱི། བོད་ལྗོངས་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་གཞོན་པ་ཀའོ་ཧྭ། ཀྲུང་གོའི་ལྕགས་ལམ་མཚོ་བོད་སྡེ་ཚོགས་ཚད་ཡོད་ཀུང་ཟིའི་མ་རྐང་བདག་པོ་ལིག་ཧྥིན། མཚོ་ནུབ་ཁུལ་ཏང་ཨུའི་ཧྲུའུ་ཅི་ལི་ཆིན་མེན། ལྕགས་ལམ་སློབ་གླིང་དང་པོའི་སློབ་དཔོན་ཆེན་མོ་རིམ་པའི་མཐོ་རིམ་བཟོ་བཀོད་པ་ལིག་ཀྲིན་ཕེན། ཀྲུང་གོའི་སྙན་ཞུ་རྩོམ་རིག་ཚོགས་པའི་ཚོགས་གཙོ་ཞུས་ཅན། པེ་ཅིན་འགྲིམ་འགྲུལ་སློབ་ཆེན་མར་ཁེ་སི་རིང་ལུགས་སློབ་གླིང་གི་ཏང་ཨུའི་ཧྲུའུ་ཅི་ཐེན་ཡུང་ཅིན། ན་གོར་མོ་གྲོང་ཁྱེར་གདང་ལ་རི་བོ་གྲོང་རྡལ་གྱི་ཏང་ཨུའི་ཧྲུའུ་ཅི་པད་མ་རྡོ་རྗེ། ཀྲུང་གོའི་ལྕགས་ལམ་མཚོ་བོད་སྡེ་ཚོགས་ཚད་ཡོད་ཀུང་ཟིའི་མེ་འཁོར་ཁ་ལོ་བ་བསོད་ནམས་དབང་གྲགས་བཅས་ཀྱིས་གཏམ་བཤད།

ད་ལོ་ནི་མཚོ་བོད་ལྕགས་ལམ་ལམ་ཐིག་ཧྲིལ་པོར་མེ་འཁོར་ཤར་གཏོང་ཐུབ་ནས་ལོ20འཁོར་བའི་ལོ་རེད། ཟླ6པའི་ཚེས29ཉིན། མཚོ་བོད་ལྕགས་ལམ་གྱི་སྙིང་སྟོབས་རྒྱུན་འཛིན་དར་སྤེལ་གཏོང་བའི་བཞུགས་མོལ་ཚོགས་འདུ་ཟི་ལིང་དུ་བསྡུས་ཤིང་། འདི་ནི་མཚོ་བོད་ལྕགས་ལམ་འཛུགས་སྐྲུན་དང་གཉེར་སྐྱོང་ནང་ཞུགས་མཁན་རྒན་རབས་པ་དང་སྔོན་ཐོན་འཐུས་མིར་མེ་ཏོག་ཕུལ་བ་རེད།

བརྗོད་དོན་བྱེད་སྒོའི་ཚན་པར། བརྗོད་དོན་དྲིལ་སྒྲོག་བརྙན་ཐུང《བགྲོད་ལམ》ཞེས་པ་བཏང་བ་དང་། ན་ཆུང་གདོང་ལེན་རུ་མིས་མཚོ་བོད་ལྕགས་ལམ་འཛུགས་སྐྲུན་དང་། འཁོར་གཉེར་བྱེད་པར་ཞུགས་པའི་སྔོན་རབས་པ་དང་སྔོན་ཐོན་འཐུས་ཚབ་ལ་མེ་ཏོག་ཕུལ་ནས་གུས་འདུད་བྱས། ན་ཆུང་གཞོན་ནུ་སློབ་མ་དང་མཚོ་བོད་ལྕགས་ལམ་གྱི་ན་གཞོན་ལས་བཟོ་བའི་འཐུས་ཚབ་ཀྱིས་མཉམ་གཅིག་ཏུ་མཁའ་ལམ་དམ་བཅའ་བསྒྲགས།

ཞིང་ཆེན་གྱི་འགོ་ཁྲིད་མགོན་པོ་བཀྲ་ཤིས་དང་། ལིའུ་ཆི་ཧྥན། དབྱང་ཧྥིན་ཁྲོན། ཀྲང་ཅིན་ཀང་། ཝང་ཏ་ནན། པད་གོ  ཀྲུའུ་ཞང་ཧྥིན། ཚའོ་ཅོན། ལི་ཧྲིན་ལིས། སུང་པའོ་ཧེ་བཅས་བཅས་བཞུགས་མོལ་ཚོགས་འདུ་ཞུགས།

ཀྲུང་དབྱང་གི་འབྲེལ་ཡོད་པུའུ་ཨུ་དང་། སྤུན་ཟླ་ཞིང་ཆེན་གྱི་འབྲེལ་ཡོད་འགོ་ཁྲིད། རྒྱལ་ཡོངས་ས་གནས་སོ་སོའི་ལྕགས་ལམ་ལས་རིགས་རྩད་ཞིབ་ཇུས་འགོད་དང་། ཚན་ཞིབ། འཛུགས་སྐྲུན་སྡེ་ཁག་གི་འཐུས་ཚབ་པ། གཞུང་ལུགས་པའི་སྡེ། རིག་གནས་སྡེའི་འཐུས་ཚབ་པ། ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་དྲུང་ཡིག་ཆེན་མོ་གཞོན་པ། འབྲེལ་ཡོད་གྲོང་ཁྱེར་དང་ཁུལ། ཞིང་ཆེན་གྱི་ཐད་གཏོགས་ལས་ཁུངས། མང་ཚོགས་ཚོགས་པའི་རྩ་འཛུགས། ཞིང་ཆེན་གྱི་ཁོངས་གཏོགས་ཁེ་ལས་དང་། གྲོང་ཁྱེར་དང་ཁུལ་སོ་སོའི་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་འགན་ཁུར་བློ་མཐུན་བཅས་བཞུགས་མོལ་ཚོགས་འདུར་ཞུགས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།