ཞིང་ཆེན་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གིས2026ལོའི“གཞོན་ནུ་ལོ་ཆུང་གིས་ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་བྱེད་པའི་ཟླ་བའི”བྱེད་སྒོ་སྤེལ།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ6པའི་ཚེས29ཉིན། མཚོ་སྔོན་ཞིང་ཆེན་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གིས2026ལོའི“གཞོན་ནུ་ལོ་ཆུང་གིས་ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་བྱེད་པའི་ཟླ་བའི”བྱེད་སྒོ་འགོ་རྩོམ་པའི་མཛད་སྒོ་མཚོ་ཤར་གྲོང་ཁྱེར་ཞུན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་དུ་འཚོགས།  ཞིང་ཆེན་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་པདྨ་མཛད་སྒོར་ཞུགས་ནས་གཏམ་བཤད། ཞིང་ཆེན་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཀྲུའུ་རེན་གཞོན་པ་མ་ཅི་ཞའོ་དང་ཀའོ་རའོ་ཀྲོ། ཀྲུའུ་རེན་གཞོན་པ་སུའུ་ཉིན་དང་མ་ཀྲི་ཝེ་བཅས་མཛད་སྒོར་ཞུགས། གྲོང་ཁྱེར་དང་ཁུལ་སོ་སོའི་མི་རབས་རྗེས་མར་དོ་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དང་། གཞུང་ལས་ཁང་གི་ཀྲུའུ་རེན། མཚོ་ཤར་གྲོང་ཁྱེར་གྱི“རྒན་གྲས་ལྔ”དང་སློབ་མའི་འཐུས་མི150ལྷག་ཐེངས་འདིའི་བྱེད་སྒོར་ཞུགས།

རྒྱུས་ལོན་བྱུང་བ་ལྟར་ན། “གཞོན་ནུ་ལོ་ཆུང་གིས་ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་བྱེད་པའི་ཟླ་བའི”བྱེད་སྒོ་སྤེལ་རྒྱུ་དེ་ནི། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གིས་གཞོན་ནུ་ལོ་ཆུང་གིས་ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་དང་སློབ་གསོར་ཤུགས་སྣོན་རྒྱག་དགོས་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་། རྒྱ་ཆེའི་གཞོན་ནུ་ལོ་ཆུང་ལ་རླབས་ཆེན་གྱི་ཏང་འཛུགས་སྙིང་སྟོབས་དར་སྤེལ་གཏོང་བ། གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་བྱེད་པ། གསར་བརྗེའི་ཁྲག་རྒྱུན་རྒྱུན་མཐུད་ཐུབ་པ་བཅས་ལ་སློབ་གསོ་དང་སྣེ་ཁྲིད་བྱས་ཏེ། བློ་བརྟན་འགྱུར་མེད་ངང་ཏང་གི་གསུང་ལ་ཉན་པ་དང་ཏང་གི་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲངས་པ་བཅས་ཀྱི་ལག་ལེན་ཞིབ་ཕྲ་ཞིག་ཡིན། བྱེད་སྒོའི་དམིགས་ཡུལ་ནི་རྒྱ་ཆེའི་གཞོན་ནུ་ལོ་ཆུང་ཚོས་ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་བྱས་པའི་གྲུབ་འབྲས་དེ་བློ་སྒྲིལ་སེམས་སྐྱེད་དང་སློབ་སྦྱོང་ལ་བརྩོན་པ། བསམ་བློ་གཏོང་མཁས་པ། འཇོན་ཐང་སྦྱོང་བརྡར་བཅས་ཀྱི་བྱ་སྤྱོད་དངོས་སུ་བསྒྱུར་ནས། ཕུགས་བསམ་ཡོད་པ་དང་འགན་ཁུར་ཕོད་པ། དཀའ་སྡུག་མྱོང་ཐུབ་པ། འབད་འཐབ་བྱེད་འདོད་པ་བཅས་ཀྱི་དུས་རབས་གསར་པའི་གཞོན་ནུ་དགའ་ཞིག་ཏུ་འགྱུར་བར་སྣེ་ཁྲིད་བྱ་རྒྱུ་དེ་ཡིན།

ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གིས་ཏང་གི་གཏམ་རྒྱུད་དང་གསར་བརྗེའི་གཏམ་རྒྱུད། དཔའ་བོའི་གཏམ་རྒྱུད་བཅས་མུ་མཐུད་དུ་ཡག་པོ་བཤད་ནས། གཞོན་ནུ་ལོ་ཆུང་གི་ཏང་ལ་དགའ་ཞེན་དང་རྒྱལ་གཅེས། སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན་བཅས་ཀྱི་སེམས་རྒྱ་གསོ་སྐྱོང་བྱེད་དགོས། དུས་མཚུངས་སུ། ས་གནས་ཀྱི་གསར་བརྗེའི་ཐོན་ཁུངས་དང་ཏང་གི་ལོ་རྒྱུས་དཔྱད་གཞིའི་ཡིག་རིགས་བེད་སྤྱོད་གང་ལེགས་བྱས་ནས། རྒྱ་ཆེའི“རྒན་གྲས་ལྔའི”རང་ངོས་ཀྱི་དགེ་མཚན་འདོན་སྤེལ་བྱ་རྒྱུར་སྐུལ་སློང་བྱས་ཏེ། གཞོན་ནུ་ལོ་ཆུང་རྩ་འཛུགས་བྱས་ནས། གསར་བརྗེའི་རྟེན་མཛོད་ཁང་དང་དྲན་གསོ་ཁང་སོགས་སུ་བསྐྱོད་དེ། གསར་བརྗེའི་རྒན་རབས་པའི་མཛད་རྗེས་འཚོལ་ཞིབ་བྱས་ནས། ལག་ལེན་ཁྲོད་ལོ་རྒྱུས་ཀྱི་གདེང་ཚོད་ཇེ་བརྟན་དུ་གཏོང་བ་དང་ལོ་རྒྱུས་ཀྱི་དྲན་ཤེས་ཇེ་གསལ་དུ་གཏོང་བར་འབད་དེ། ཏང་གི་ལོ་རྒྱུས་སློབ་སྦྱོང་ཟླ་བའི་བྱེད་སྒོ་གཏིང་ཟབ་དང་བདེན་ཐུབ་ཀྱི་ཕྱོགས་སུ་སྤེལ་ཏེ། ཕན་འབྲས་འཐོབ་པར་བྱེད་དགོས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།