མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་བསྡུས། ཝུའུ་ཞའོ་ཅུན་གྱིས་འགོ་འཛིན་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ6པའི་ཚེས29ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝུའུ་ཞའོ་ཅུན་གྱིས་འགོ་འཛིན་བྱས་ཏེ། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས། ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲན་ཏུང་ཏི་ཀྲོའུ་རུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོའི་དག་ཐེར་བཅོས་སྒྲིག་ལ་རྒྱུན་རྣམ་ཅན་གྱི་ཞིབ་འཇུག་དང་སྐུལ་འདེད་བཏང་ནས། འབྲེལ་ཡོད་བྱ་བར་བཀོད་སྒྲིག་བྱས།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲན་ཏུང་ཏི་ཀྲོའུ་རུ་རྟོག་ཞིབ་གནང་བར། ཞིང་པ་དུང་ཕྱུར་མང་པོར་བརྩེ་སེམས་ཟབ་མོ་བཅངས་ནས་ཐུགས་ཁྲལ་གནང་བ་དེ་ནི། “ཞིང་གསུམ”བྱ་བར་ཡུལ་དངོས་ནས་མཛུབ་སྟོན་གནང་བ་ཞིག་ཡིན་ལ། ཏང་ཡོངས་ཀྱིས་སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་གསོན་ཉམས་ལྡན་པའི་སློབ་གསོ་ཞིག་ཀྱང་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲན་ཏུང་ཏི་ཀྲོའུ་རུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་མཐར་ཕྱིན་དང་ལག་བསྟར་ནན་མོ་བྱེད་པ་དང་། མཚོ་སྔོན་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། “དམངས་ལ་བདེ་སྐྱིད་བསྐྲུན་པའི”ཁྲོད་ཀྱི་སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པ། སེམས་རྣལ་དུ་ཕབ་ནས་དམངས་འཚོའི་དོན་དངོས་ཡག་པོ་སྒྲུབ་པ་བཅས་བྱས་ཏེ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱས་ནས། གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་བཏང་ནས་ནུས་པ་སྩོལ་དགོས། “མཁོ་སྤྲོད་འགན་སྲུང་བྱེད་པའི”ཁྲོད་འབྲུ་རིགས་བདེ་འཇགས་ཀྱི་ཆབ་སྲིད་འགན་འཁྲི་མཐའ་གཅིག་ཏུ་འཁུར་ནས། འབྲུ་རིགས་ཐོན་སྐྱེད་ལ་དམ་འཛིན་ཡག་པོ་བྱས་ཏེ། ནོར་གནག་དང་བོད་ལུག འཁྱགས་ཆུའི་ཉ། གྲང་བསིལ་སྔོ་ཚལ་སོགས་ཁྱད་ལྡན་ཐོན་ལས་ལེགས་པོ་སྒྲུབ་སྟེ། སྤུས་ཚད་མཐོ་བའི་སྒོ་ནས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་གནས་བསྐྲུན་དགོས། “ཡུལ་བབ་དང་བསྟུན་པའི”ཁྲོད་བདེ་སྡོད་ལས་འཚམ་དང་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། “ཁྲི་སྟོང་བཟོ་སྐྲུན”གྱི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་གཏིང་ཟབ་བྱེད་པ། ཏང་འཛུགས་ལས་དོན་གྱིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་དང་རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱི་སྣེ་ཁྲིད་དེ། སྔར་ལས་བདེ་སྐྱིད་ལྡན་པའི་འཚོ་བ་འབད་པས་བསྐྲུན་དགོས།

གྲོས་ཚོགས་ལས་བསྟན་དོན། སློབ་སྦྱོང་སློབ་གསོ་སྤེལ་བའི་ཚུན་ལ། ཞིང་ཆེན་རིམ་པའི་འགོ་ཁྲིད་ཚན་ཁག་སོ་སོས་དག་ཐེར་བཅོས་སྒྲིག་བྱ་རྒྱུ་དེ་ལས་འགན་གལ་ཆེན་དུ་བརྩིས་ནས། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་དག་ཐེར་བཅོས་སྒྲིག་ནན་མོ་དང་ཏན་ཏིག་བྱེད་པར་དཔེ་སྟོན་སྐུལ་ཁྲིད་བྱས་པར་ཕན་འབྲས་མངོན་གསལ་བླངས་ཡོད། ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་དང་སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱས་བཤད་གལ་ཆེན་དང་གསོན་ཉམས་ལྡན་པའི་ལག་ལེན་རྒྱུན་འཁྱོངས་ལྷོད་མེད་སྒོས་སློབ་སྦྱོང་དང་བསམ་གཞིགས། གོ་བ་ལེན་པ་བཅས་བྱས་ནས། སློབ་བཤེར་སྒྱུར་གསུམ་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་དགོས། དག་ཐེར་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དུས་ཚོད་ཀྱི་མཚམས་ཚིགས་ལ་དམ་པོར་དམིགས་པ། གནད་དོན་མངོན་གསལ་ཅན་ལ་དམིགས་པ། འགན་འཁྲི་དམ་པོར་འཁུར་བ་དང་བཀོད་གཏོང་ལ་ཤུགས་སྣོན་པ། མཛུབ་སྟོན་ལ་ཤུགས་སྣོན་བཅས་བྱས་ཏེ། གནད་དོན་བཅོས་སྒྲིག་མཐར་ཕྱིན་པ་དང་བཅོས་སྒྲིག་གནད་ལ་འཁེལ་བ། ཕན་འབྲས་ཐོན་པ་བཅས་ལ་འགན་ལེན་བྱེད་དགོས།    སྒོ་འབྱེད་ཀྱིས་དག་ཐེར་བཅོས་སྒྲིག་ལ་མཐོང་ཆེན་བྱས་ཏེ། མང་ཚོགས་ཀྱིས་བསམ་འཆར་ཆེན་པོ་བཏོན་པའི་དཀའ་གནད་དང་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་མིན་ལ་ཕྱོགས་ཡོངས་ནས་ལེབ་བཤེར་བྱེད་པ་དང་། “སྐོར་གཅིག་ཅན་དྲུག”དང“དམངས་ཕན་བྱ་སྤྱོད་ཁག་བདུན”དོན་འཁྱོལ་བྱ་རྒྱུར་ཟུང་འབྲེལ་བྱས་ནས། མི་དམངས་མང་ཚོགས་ལ་སྔར་ལས་ཚོར་ཐུབ་པ་དང་རེག་ཐུབ་པའི་བདེ་སྐྱིད་བསྐྲུན་དགོས། གྲུབ་འབྲས་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཁྱབ་ཁོངས་སོ་སོའི་གནད་དོན་དག་ཐེར་བཅོས་སྒྲིག་དང་ཞིང་ཆེན་ཡོངས་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་ལས་དོན་ཁག་ཟུང་འབྲེལ་དམ་ཚགས་བྱ་རྒྱུར་སྐུལ་འདེད་གཏོང་བ། དག་ཐེར་བཅོས་སྒྲིག་བྱས་པ་བརྒྱུད། གནད་དོན་གྱི་ཞིབ་ཐོ་དེ་ཕན་འབྲས་ཀྱི་ཞིབ་ཐོ་དང་འཕེལ་རྒྱས་ཀྱི་ཞིབ་ཐོ་རུ་བསྒྱུར་གང་ཐུབ་བྱས་ནས།  “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འགོ་ཡག་པོ་ཞིག་རྩོམ་པར་ནུས་པ་སྩོལ་དགོས།

གྲོས་ཚོགས་ལས་ད་དུང་དོན་ཚན་གཞན་དག་ལའང་ཞིབ་འཇུག་བྱས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།