ཟླ6པའི་ཚེས23ཉིན་མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོ་ནས་བཟུང་ཞིང་ཆེན་ནོར་སྲིད་ཐིང་གིས་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་དང་རྒྱལ་ཡོངས་ཀྱི་ནོར་སྲིད་ལས་དོན་ཚོགས་འདུའི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་དང་། སྔར་ལས་དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་དོན་འཁྱོལ། ནོར་སྲིད་ཐོན་ཁུངས་སྤྱི་འདོམས་ལ་ཤུགས་སྣོན། ནོར་སྲིད་གཏོང་སྒོའི་གྲུབ་ཆ་ལེགས་གཏོང་། ནོར་ཤུགས་གཅིག་སྡུད་ཀྱིས་དོན་ཆེན་འགན་སྲུང་བཅས་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་རྒྱུར་འདེགས་སྐྱོར་ནུས་ལྡན་བྱས་ཡོད།
སྔོན་རྩིས་གཤམ་སྤྲོད་ཀྱི་དུས་ཚོད་སྔུན་དུ་བསྣུར་བ། མ་དངུལ་སྔ་མོ་ནས་གཤམ་སྤྲོད་དང་། སྔ་མོ་ནས་བེད་སྤྱོད། སྔ་མོ་ནས་ཕན་འབྲས་ཐོན་པ་བཅས་བྱས། ཞིང་ཆེན་གྱིས་འོག་རིམ་གྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ལས་སྒོར་དུང་ཕྱུར1137.4བསྐོར་ཞིང་། དེ་ནི་ལོ་གོང་མ་ལས་བརྒྱ་ཆ8.4འཕར།
སྔ་མོ་ནས་ཞིང་ཆེན་གྱིས་བསྐོར་བའིགཏོང་སྤྲོད་སྣ་ཚོགས9.6%འཕར། དེས་ལོ་མགོའི་སྔོན་རྩིས་བཀོད་སྒྲིག་གི86.2%བཟུང་ནས་ “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”ཚུན་གྱི་མཐོ་ཤོས་རེད། དངུལ་བུན་བརྒྱུད་གཏོང་གྲོང་ཁྱེར་དང་རྫོང་གི་སྤྱིར་བཏང་བུ་ལོན་གྱི་བཅད་གྲངས་བརྒྱ་ཆ20འཕར་བ་དང་། གཞི་རིམ་གྱི་ནོར་ཤུགས་སྔར་ལས་མང་བ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་བཏང་ནསརྒྱབ་སྐྱོར་བྱས།
མ་དངུལ་གཏོང་སྤྲོད་ཀྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་། ཞིང་ཆེན་ཡོངས་ཀྱི་སྒོར་ཁྲི500ཡན་གྱི་ལས་གཞིའི་གཏོང་སྒོ་ལ་ཟུར་བཙུགས་རྩིས་ཁྲའི་དོ་དམ་ལག་བསྟར་བྱས་ཤིང་། ཟླ5པའི་ཞིང་ཆེན་ཡོངས་ཀྱི་སྔོན་རྩིས་ལག་བསྟར་བྱེད་ཚད33%ལ་སླེབས། ནོར་ཤུགས་གཤམ་སྤྲོད་མཐའ་འཁྱོངས་བྱས་ཏེ་ཞིང་ཆེན་གྱིས་གཤམ་འོག་གི་སྤྱིར་བཏང་རང་བཞིན་གྱི་གཏོང་སྤྲོད་སྤོ་སྒྱུར་དུས་མཚུངས་ལས7.1%འཕར་བ་དང་། གྲོང་ཁྱེར་དང་ཁུལ་ལ་མཛོད་དངུལ་དུས་ཐོག་ཏུ་སྤྲད་དེ་གཞི་རིམ་གྱི་“འགན་སྲུང་གསུམ”གྱི་མཐའ་ཚད་སྲ་བརྟན་དུ་བཏང་ནས་ཁྱབ་ཁོངས་གཙོ་བོ་དང་རྣམ་གྲངས་གཙོ་བོའི་གཏོང་སྒོའི་དགོས་མཁོ་འདང་ངེས་འགན་སྲུང་བྱས།
གཏོང་སྒོ་གཙོ་བོར་འགན་སྲུང་ནུས་ལྡན་བྱས། རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར78བཏང་ནས་དམངས་ཚིས་ཆེན་པོ་བཅུ་ཡི་དངོས་དོན་གྱི་ལས་གཞི46གི་འདུ་འགོད་བརྟན་པོའི་ངང་ལག་བསྟར་བྱ་རྒྱུར་རྒྱབ་སྐྱོར་བྱས་པ་དང་། དམངས་ཚིས་ཁྱབ་ཁོངས་ཀྱི་གཏོང་སྒོས་གཏོང་སྒོའི་བསྡོམས་འབོར་གྱི78.2%ཟིན་ལ། དེ་ལོ་གོང་མ་ལས་བརྒྱ་ཆའི་གྲངས1ཇེ་མཐོར་ཕྱིན་ཡོད།
གཏོང་སྒོའི་ལྟ་སྐུལ་ཚོད་འཛིན་གྱི་ཁྱབ་ཁོངས་རྒྱ་བསྐྱེད། ཀྲུང་དབྱང་གི་སྤོ་སྒྱུར་གཏོང་སྤྲོད་ཀྱི་རྒྱུན་རྣམ་ཅན་གྱི་ལྟ་སྐུལ་ཚོད་འཛིན་ལས་དོན་ཁག84ཡག་པོ་བསྒྲུབས་པའི་རྨང་གཞིའི་ཐོག་མཐོ་རིམ་སློབ་གསོའི་ཕྱོགས་བསྡུས་སྟོབས་ཤུགས་ཆེ་རུ་གཏོང་བའི་འཆར་གཞི་སོགས་ཆེད་དོན་རྣམ་གྲངས49དང་། ལོ་ན་མཐོ་བའི་ཁ་གསབ་སོགས་ཆེད་དོན་རྣམ་གྲངས108ཞིང་ཆེན་རིམ་པ་དང་། གྲོང་ཁྱེར་དང་རྫོང་གི་སྤོ་སྒྱུར་གཏོང་སྤྲོད་ཀྱི་ལྟ་སྐུལ་རྣམ་གྲངས་གཙོ་བོའི་ནང་བཅུག
ནོར་སྲིད་སྲིད་ཇུས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྡུས་ཏེ་ཕན་འབྲས་ཆེ་རུ་བཏང་། ས་གནས་སྲིད་གཞུང་གི་བུན་འཛིན་གསར་དུ་འཕར་བའི་འགྲེམས་སྤེལ་དང་བེད་སྤྱོད་ཀྱི་མྱུར་ཚད་ཇེ་མགྱོགས་སུ་བཏང་། རིམ་རྩིས་བྱས་ན་སྤྱིར་བཏང་གི་བུན་འཛིན་སྒོར་དུང་ཕྱུར56འགྲེམས་སྤེལ་བྱས་པ་དང་། རྣམ་གྲངས213འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱས་པས་མ་དངུལ་གྱི་གཞི་ཁྱོན་དང་རྣམ་གྲངས་ཀྱི་གྲངས་འབོར་སོ་སོར་ལོ་གོང་མའི་དུས་མཚུངས་ལས80.6%དང་104.8%འཕར་ཡོད། ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་འཛད་རྫས་རྙིང་ཚབ་གསར་བརྗེའི་མ་དངུལ་སྒོར་དུང་ཕྱུར4.84གཤམ་སྤྲོད་བྱས་པ་དང་། ཟླ་དང་པོ་ནས་ལྔ་པའི་བར་རིམ་རྩིས་བྱས་ན་ཁྱིམ་སྤྱོད་གློག་ཆས་དང་རླངས་འཁོར་སོགས་ཚོང་ཟོག་གི་འཛད་སྤྱོད་སྒོར་དུང་ཕྱུར25.03ཟིན་ཡོད།
ནོར་སྲིད་དངུལ་རྩའི་མཉམ་ལས་མཉམ་འགུལ་ལ་རྒྱུན་མཐུད་ངང་ཤུགས་སྣོན་བརྒྱབ། ས་གནས་ཀྱི་དངུལ་ཁང་འབྲིང་ཆུང་ཁག་ཅིག་དངུལ་བུན་སྐྱེད་གསབ་སྲིད་ཇུས་ཀྱི་སྒྲུབ་གཉེར་སྒྲིག་གཞིའི་ཁྱབ་ཁོངས་ནང་བཅུག་ནས་ཀྲུང་དབྱང་ཞིང་ཆེན་གྱི་སྐྱེད་གསབ་སྲིད་ཇུས་རྩེག་སྣོན་འཚོལ་ཞིབ་བྱེད་པ་དང་། ཚན་རྩལ་གསར་གཏོད་ཀྱི་དངུལ་བུན་སྐྱེད་གསབ་ཀྱི་སྔོན་འགྲོའི་ཆ་རྐྱེན་མེད་པར་བཟོ་བ། སྲིད་ཇུས་ཀྱི་ཁེ་སྤོགས་མགྱོགས་མྱུར་སྤྲོད་རྒྱུར་རམ་འདེགས་བཅས་བྱས་ཏེ་གཉེར་སྐྱོང་བྱེད་པོའི་ཐོབ་ཚོར་རྒྱུན་མཐུད་ངང་ཆེ་རུ་བཏང་།