ཡུས་ཧྲུའུ་རྫ་སྐྱའི་ལུག་ས་ཁོངས་ཀྱི་སྤྱི་སྤྱོད་སྤུས་རྟགས་ཁྱབ་བསྒྲགས་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ6པའི་ཚེས28ཉིན། སྐབས་བཞི་པའི་གྲོང་གསེབ་ཁྱད་ལྡན་དགེ་མཚན་ཐོན་ལས་འཕེལ་རྒྱས་ཚོགས་ཆེན་གྱི་ཡུས་ཧྲུའུ་ནོར་གནག་ཆེད་ཚོགས་འོས་སྦྱོར་དང་བསམ་བློ་བརྗེ་རེས་བྱེད་སྒོ་དེ་པེ་ཅིན་རྒྱལ་ཡོངས་ཞིང་ལས་འགྲེམ་སྟོན་ཁང་དུ་སྤེལ། བྱེད་སྒོ་འདི་ཀྲུང་གོ་གྲོང་གསེབ་འཕེལ་རྒྱས་དང་བླངས་ཞབས་ཞུ་སྐུལ་སྤེལ་ཚོགས་པ་དང་། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་། པེ་ཅིང་མཚོ་སྔོན་རོགས་སྐྱོར་བཀོད་འདོམས་བཅས་པུའུ་བཅས་ཀྱིས་མཉམ་འབྲེལ་སྒོས་གཙོ་སྒྲུབ་བྱས་ཤིང་། ནོར་གནག་ཐོན་ལས་ཀྱི་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་དམིགས་ནས། གཅིག་བསྡུས་སྒོས་ཡུས་ཧྲུའུ་ཁུལ་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་གནས་ཀྱི་མཁོ་འདོན་གཙོ་ཁུལ་གྱི་འཛུགས་སྐྲུན་གྲུབ་འབྲས་འགྲེམ་སྟོན་བྱས་ཤིང་། དོ་སྣང་རྒྱ་ཆེར་བྱེད་པའི་རྫ་སྐྱའི་ལུག་ཁྱབ་ཁོངས་ཀྱི་སྤྱི་སྤྱོད་སྤུས་རྟགས་དེ་ཚོགས་ཐོག་ནས་དངོས་སུ་ཁྱབ་བསྒྲགས་བྱས།

བྱེད་སྒོ་དེ་རྫ་སྐྱའི་ལུག་ས་ཁོངས་ཀྱི་སྤྱི་སྤྱོད་སྤུས་རྟགས་ཁྱབ་སྒྲོག་དང་ནོར་གནག་ཐོན་ལས་སྤེལ་རེས་བཅས་གཉིས་སུ་དགར་ཡོད། སྤུས་རྟགས་ཁྱབ་སྒྲོག་བྱེད་པའི་ཚན་པའི་ནང་། ཞིབ་ཅིང་ཕྲ་བའི་སྒོ་ནས་རྫ་སྐྱའི་ལུག་ཐོན་ལས་ཀྱི་འཕེལ་རྒྱས་གནས་བབ་མཚམས་སྦྱོར་བྱས་པ་དང་། ཀྲུང་གོའི་ཐོན་ལས་འཐབ་ཇུས་ཆེད་མཁས་པ་ཀའོ་ཞོན་གྱིས་སྤུས་རྟགས་འཐབ་ཇུས་ལ་གཏིང་ཟབ་པའི་སྒོ་ནས་སྒྲོག་འགྲེལ་བྱས། ཚོགས་ཐོག་གི་སྐུ་མགྲོན་རྣམས་ཀྱི་བདེན་དཔང་འོག ། རྫ་སྐྱའི་ལུག་ས་ཁོངས་ཀྱི་སྤྱི་སྤྱོད་སྤུས་རྟགས་དངོས་སུ་ཁྱབ་བསྒྲགས་བྱས་པ་ཡིས། མཐོ་སྒང་ཁྱད་འཕགས་ཕྱུགས་ལས་ཐོན་རྫས་ལ་གསེར་གྱི་མིང་བྱང་གསར་བ་ཞིག་བསྣན་པ་རེད། བྱེད་སྒོ་ལས་ཐོག་དང་པོར་དབང་སྐུར་ཁེ་ལས་གསུམ་ལ་སྒོ་བྱང་བསྩལ་བ་དང་། དེ་ཡིས་སྤུས་རྟགས་འདི་དངོས་སུ་ཁྲོམ་ར་ཅན་གྱི་ཚོང་གཉེར་དུས་རིམ་གསར་བར་བསྐྱོད་པ་མཚོན། བྱེད་སྒོའི་ཡུལ་དངོས་སུ་སྒྲིག་བཀོད་བྱས་པའི་ཐོན་རྫས་རོལ་མྱོང་ཁུལ་དུ། སྐུ་མགྲོན་རྣམས་ལ་ཐད་ཀར་དུ་རྫ་སྐྱའི་ལུག་གི་ཕུལ་བྱུང་སྤུས་ཚད་ཚོར་དུ་བཅུག 

ནོར་གནག་ཐོན་ལས་སྤེལ་རེས་ཚན་པར་དེ་བཞིན་དུ་ལྟད་མོ་ལྟ་ན་སྡུག་པ་བསྟན། བྱེད་སྒོ་རུ་ནོར་གནག་ཐོན་ལས་ཚན་རྩལ་གསར་གཏོད་དང་། སྤུས་ཚད་མཐོར་འདེགས་དང་ཁྲོམ་ར་རྒྱ་བསྐྱེད་པ་བརྗོད་དོན་དུ་བཟུང་སྟེ་གཏམ་བཤད་བྱས། དེའི་རྗེས་སུ། ཆེད་མཁས་པ་མང་པོ་དང་ཁེ་ལས་འཐུས་ཚབ་པས་ནོར་གནག་རྒྱུད་སྤེལ་མཐོར་འདེགས་དང་། ཚད་ལྡན་ཅན་གྱི་གསོ་སྤེལ། ཐོན་ལས་མུ་ཕྲེང་ཡོངས་སྒྲིག་འཛུགས་སོགས་གྲོས་དོན་གྱིས་ཞིབ་འཇུག་གླེང་མོལ་བྱས་ཏེ། ཡུས་ཧྲུའུ་ཁུལ་ནོར་གནག་ཐོན་ལས་ཚུལ་སྒྱུར་རིམ་སྤོར་བྱེད་པར་བློ་གྲོས་ཀྱི་ལེགས་སྐྱེས་ཕུལ།

ཡུས་ཧྲུའུ་ཁུལ་གྱི་འཐུས་ཚབ་པ་དང་། ཆེད་མཁས་ཞིབ་འཇུག་པ། ཁེ་ལས་འཐུས་ཚབ། དེ་བཞིན་འཐུས་མི་དང་ཆེད་ཞུས་སྐུ་མགྲོན་བཅས་མི150ལྷག་ཐེངས་འདིའི་བྱེད་སྒོར་ཞུགས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།