ཉེ་ལམ། ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གིས2026ལོའི་དུས་རིམ་གཉིས་པའི་སྲིད་ཁྲིམས་འཆད་ཁྲིད་ཆེན་མོ་སྤེལ་བ་དང་། བྱེད་སྒོའི་སྟེང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་བློ་འདྲི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཞུའུ་ཞན་མུན་གདན་དྲངས་ཏེ་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་ལ་དམིགས་ནས་ཆེད་དོན་ཟུར་ཁྲིད་བྱས།
ཟུར་ཁྲིད་ཁྲོད། ཞུའུ་ཞན་མུན་གྱིས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པས་གཏན་འཁེལ་བྱས་པའི་དོན་སྙིང་གལ་ཆེན་དང་མངོན་གསལ་ཁྱད་ཆོས་ཕྱོགས་ཡོངས་ནས་འགྲེལ་བཤད་བྱས་ལ། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་དགོས་དོན་ཅི་ཡིན་པ་དང་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་ཇི་ལྟར་སྐྱོང་དགོས་པ་སོགས་བརྗོད་དོན་གཙོ་བོར་དམིགས་ནས་ཁྲིམས་སྐྱོང་ནི་རྒྱལ་སྲིད་སྐྱོང་ལུགས་ཀྱི་ཆེས་བཟང་བའི་བྱེད་ཐབས་ཡིན་པར་རིགས་སྒྲུབ་ཟབ་མོ་བྱས་པར་མ་ཟད། རྒྱུན་འཁྱོངས་བྱེད་དགོས་པ་བཅུ་གཉིས་དང་ཟུང་འབྲེལ་བྱས་ཏེ་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ལག་ལེན་དང་བྱེད་ཐབས་ལ་མ་ལག་ལྡན་པའི་སྒོ་ནས་འགྲེལ་བཤད་བྱས། ཟུར་ཁྲིད་སྙན་ཞུའི་ཆབ་སྲིད་ཀྱི་ལངས་གནས་མཐོ་ཞིང་དང་གཞུང་ལུགས་འགྲེལ་བཤད་བྱས་པ་གཏིང་ཟབ་ལ། དོན་འཁྱོལ་བྱེད་ཐབས་དོན་དངོས་དང་མཐུན་པར་མ་ཟད། ཁོད་ཡངས་པའི་རྒྱལ་སྤྱིའི་མཐོང་རྒྱ་ལྡན་པ་དང་། ཀྲུང་གོའི་ཁྲིམས་སྐྱོང་ལག་ལེན་ལ་རྐང་བཙུགས་ནས་སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པས་སྔར་ལས་ལྷག་པའི་སྒོ་ནས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པར་སློབ་སྦྱོང་དང་ཤེས་རྟོགས་ཐུབ་པར་བྱས་པས། ནུས་ཤུགས་ཆེན་པོས་ཆུ་ཚད་སྔར་ལས་མཐོ་བའི་བདེ་འཇགས་མཚོ་སྔོན་དང་ཁྲིམས་སྐྱོང་མཚོ་སྔོན་འཛུགས་སྐྲུན་བྱེད་པར་མཛུབ་སྟོན་གྱི་དོན་སྙིང་གལ་ཆེན་ལྡན།
ཚང་མས་གཅིག་རྗེས་གཉིས་མཐུད་སྒོས་ཆབ་སྲིད་སྟེང་ནས་ལྟ་བ་དང་ཁྲིམས་སྐྱོང་སྟེང་ནས་བསྒྲུབ་པའི་འདུ་ཤེས་རྒྱུན་མཐུད་ངང་བརྟན་པོར་ཆགས་པར་བྱེད་པ་དང་། རང་རྟོགས་སྒོས་ཏང་གིས་སྲིད་ཁྲིམས་བྱ་བར་མཐའ་གཅིག་ཏུ་འགོ་ཁྲིད་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ། ཁྲིམས་སྐྱོང་གི་གཞི་རྩ་བརྟན་པར་བྱེད་པ་དང་སྔོན་དཔག་བརྟན་པར་བྱེད་པ། ཡུན་རིང་ལ་ཕན་པ་བཅས་ཀྱི་བྱེད་ནུས་འདོན་སྤེལ་གང་ལེགས་བྱེད་པ། ཁྲིམས་སྐྱོང་བསམ་བློ་དང་ཁྲིམས་སྐྱོང་བྱེད་ཐབས་སྤྱད་དེ་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། འགལ་བ་སེལ་བ། གཏན་འཇགས་སྲུང་སྐྱོང་བཅས་བྱེད་པའི་ནུས་པ་ཤུགས་ཆེན་པོས་ཇེ་ཆེར་གཏོང་བ་བཅས་བྱས་ནས་གྱོད་དོན་བསྒྲུབ་པའི་གོ་རིམ་ཁྲོད་དུ་ཆབ་སྲིད་ཀྱི་ཕན་ནུས་དང་སྤྱི་ཚོགས་ཀྱི་ཕན་ནུས། བཅའ་ཁྲིམས་ཀྱི་ཕན་ནུས་བཅས་ནུས་ལྡན་གཅིག་གྱུར་ཡོང་བར་འབད་པ་བྱེད་རྒྱུ་ཡིན་ཞེས་བསྟན།
སྲིད་ཁྲིམས་འཆད་ཁྲིད་ཆེན་མོས་བརྙན་ལམ་བརྒྱུད་དེ་གྲོང་ཁྱེར་དང་ཁུལ་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་ཐད་གཏོགས་སྲིད་ཁྲིམས་ལས་ཁུངས་དང་སྐུད་ལམ་སྦྲེལ་མཐུད་བྱས་པ་དང་། ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་ཐད་གཏོགས་སྲིད་ཁྲིམས་སྡེ་ཁག་སོ་སོའི་འབྲེལ་ཡོད་འགན་ཁུར་བློ་མཐུན་ཚོགས་ར་གཙོ་བོའི་ཡུལ་དངོས་ནས་ཟུར་ཁྲིད་སློབ་སྦྱོང་ཁྲོད་ཞུགས།