མཚོ་སྔོན་ཁྲིམས་འཛིན་གྱིས《བྱེད་ཐབས་བཅུ》སྤྱད་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྟོབས་ཤུགས་བསྩལ།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ6པའི་ཚེས26ཉིན། གསར་འགོད་པས་ཞིང་ཆེན་ཏང་ཨུ་ཁྲིམས་འཛིན་ཨུ་ཡོན་ལྷན་ཁང་གིས་བསྡུས་པའི《མཚོ་སྔོན་ཞིང་ཆེན་ཁྲིམས་འཛིན་ལས་ཁུངས་ཀྱིས་ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་བསྐྲུན་པར་སྐུལ་འདེད་གཏོང་བའི་བྱེད་ཐབས་བཅུ》(གཤམ་ནས《བྱེད་ཐབས་བཅུ》རུ་བསྡུས་ཡོད།)སྲིད་ཇུས་སྒྲོག་འགྲེལ་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིར་བཏོན་པའི《བྱེད་ཐབས་བཅུ》ནི་ཁེ་ལས་གཉེར་སྐྱོང་འཕེལ་རྒྱས་ཀྱི་གནས་ཚུལ་དང་དཀའ་ཁེགས་ལ་དམིགས་པ་དང་། ཁྲིམས་ལྟར་ཁེ་དབང་སྲུང་སྐྱོབ་དང་། ཁྲིམས་སྐྱོང་ཁྲིམས་འཛིན་ཚད་ལྡན་ཅན། འགལ་བ་ནུས་ཆེས་འདུམ་སྒྲིག ཁྲིམས་སྐྱོང་ཞབས་ཞུ་ལེགས་སྒྱུར། རྣམ་པ་ཀུན་ཏུ་ལྟ་རྟོག་འདྲི་བརྩད་སོགས་ཐད་ཁྲིམས་འཛིན་སྟོབས་ཤུགས་གཅིག་ཏུ་བསྡུས་ནས། ལག་བསྟར་བྱེད་ཆོག་པ་དང་ལྟ་ཞིབ་བྱེད་རུང་བ། ཚོར་ཤེས་ཐུབ་པ་བཅས་ཀྱི་ཁྲིམས་སྐྱོང་གིས་ཁེ་ལས་ལ་ཕན་པའི་བྱེད་ཐབས་རབ་དང་རིམ་པ་སྤེལ།

ཁྱབ་སྒྲོག་ཚོགས་འདུའི་སྟེང་། ཞིང་ཆེན་ཏང་ཨུའི་ཁྲིམས་འཛིན་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་། ཞིང་ཆེན་སྤྱི་བདེ་ཐིང་། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་། ཞིང་ཆེན་ཁྲིམས་འཛིན་ཐིང་བཅས་འབྲེལ་ཡོད་འགན་ཁུར་བློ་མཐུན་གྱིས་སྲིད་ཇུས་བཏོན་པའི་རྒྱབ་ལྗོངས་དང་། ནང་དོན་གཙོ་བོ། ལག་བསྟར་བཀོད་སྒྲིག་སོགས་སྤྱི་ཚོགས་ཀྱིས་དོ་སྣང་ཆེན་པོ་བྱེད་པའི་གནད་དོན་ཁག་ལ་རིམ་པ་བཞིན་དུ་ལན་བཏབ།

མཚམས་སྦྱོར་བྱས་པ་ལྟར་ན། 《བྱེད་ཐབས་བཅུ》ཡིས་ཕྱོགས་བཅུ་རུ་གནད་ཁེལ་ཤུགས་འདོན་དང་། རྒྱུན་རྣམ་ཅན་གྱི་ཁེ་ལས་དང་འབྲེལ་བའི་ཁྲིམས་སྲོལ་སྒྲིག་སྲོལ་སྲིད་ཇུས་གཙང་སེལ་བྱེད་པ་དང་། མྱུར་བ་མྱུར་དུ་ཚོང་གཉེར་ཁོར་ཡུག་ཁྱབ་ཁོངས་ཀྱི་ལམ་ལུགས་འཛུགས་སྐྲུན་བྱས་ཏེ། ཁྲོམ་རའི་བཀག་རྒྱ་གཏོར་བ་དང་། རྒྱུན་རྣམ་ཅན་གྱི་ཁྲིམས་སྐྱོང་བརྟག་བཤེར་སྤེལ་བ། གྱོད་གཞིས་ཁྲིམས་འགྲེལ་དང་། ངན་སྤྱོད་གཡོ་ལེན་སོགས་ཁེ་ལས་ལ་གནོད་པའི་བྱ་སྤྱོད་བཅོས་སྐྱོང་བྱས་ནས། སྟབས་བདེ་ཡན་བགར་དང་། ཞིབ་བཤེར་ཚད་བཀག་མྱུར་གཏོང་། ཚད་ལྡན་ལེགས་སྲུང་། ཞུ་གཏུག་འགྲོ་གྲོན་སློག་དགོས་པ་ཅི་ནུས་ཀྱི་སློག་པ་སོགས་དངོས་འབེབས་བྱེད་ཐབས་བརྒྱུད་ནས། ཁེ་ལས་ཁེ་དབང་སྲུང་བའི་མ་རྩ་ཇེ་དམའ་དང་། ཁྲིམས་འཛིན་འགན་ཁུར་ཇེ་ཡང་དུ་བཏང་སྟེ། ནུས་ཆོད་ཆེན་པོའི་སྒོ་ནས་མ་རྩ་རྡིབ་པའི་གྱོད་གཞི་ཞིབ་གཅོད་བྱས་ནས། དཀའ་གནད་ཅན་གྱི་ཁེ་ལས་ལེགས་བསྒྱུར་དང་། དཀའ་ངལ་ལས་ཐར་ཏེ་འཕེལ་རྒྱས་གཏོང་བར་རོགས་སྐྱོར་བྱེད་པ། ཤེས་བྱའི་བདག་དབང་གྱོད་གཞི་མྱུར་དཔྱོད་དང་། ལེགས་དཔྱོད་ཀྱི་རྣམ་པ་ལེགས་སྒྱུར་བྱས་ཏེ། གསར་གཏོད་གྲུབ་འབྲས་ཀྱི་ཁྲིམས་སྐྱོང་སྲུང་རགས་སྲ་བརྟན་དུ་གཏོང་བ་དང་། རིམ་པ་མང་པོའི་ཁྲིམས་སྐྱོང་ཁྲིམས་འཛིན་ལྟ་སྐུལ་འཐུས་ཚང་དུ་བཏང་ནས། རྒྱུན་རྣམ་ཅན་གྱི་ས་ཆ་གཞན་གྱི་ཁྲིམས་འཛིན་སྒྲིག་འགལ་དང་། ཁེ་ཕན་ཅན་གྱི་ཁྲིམས་འཛིན། དེ་བཞིན“གང་བྱུང་བཞི”སོགས་ཡོ་བསྲང་བྱེད་པ་དང་། ཁེ་ལས་ཞུ་གཏུག་རྒྱུ་ལམ་ཤར་གཏོང་བྱས་ཏེ། ཁེ་ལས་ཚད་བསྡུར་ལྡོག་ལེན་བྱེད་པའི་འགན་ཁུར་ནན་ཏིན་གྱིས་དངོས་འབེབས་བྱེད་པ་དང་། “སྲིད་གཞུང་དང་ཁྲིམམས་ཁང་མཉམ་འགུལ”དང“སྲིད་གཞུང་དང་ཞིབ་དཔྱོད་ཁང་མཉམ་འགུལ”གྱི་བྱ་བའི་ལམ་ལུགས་ལག་བསྟར་བྱས་ནས། ཁེ་ལས་ལ་སྟབས་བདེ་ནུས་ཆོད་མཐོ་བའི་ས་ཚིགས་གཅིག་ཅན་གྱི་ཁྲིམས་སྐྱོང་ཞབས་ཞུ་མཁོ་སྤྲོད་བྱས་ཏེ། སྟོབས་ཤུགས་ཡོད་རྒུས་གཏན་ཆགས་དང་འདྲ་མཉམ། ཡོངས་གསལ། སྔོན་དཔོན་ཐུབ་པའི་ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་བསྐྲུན་རྒྱུ་རེད།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།