གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་བྱས་ནས་ས་གནས་སོ་སོར་གསར་བརྗེའི་ཡུལ་སྐོར་གྱི་ཚ་རླབས་འཕྱུར།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

“བདུན་གཅིག”སླེབས་ལ་ཉེ་བའི་སྐབས་སུ། ས་གནས་སོ་སོའི་གསར་བརྗེའི་ཡུལ་སྐོར་གྱི་འཁྲུག་ཆ་དོད་པ་དང་། མི་རྣམས་ཀྱིས་གསར་བརྗེའི་ལོ་རྒྱུས་བསྐྱར་དྲན་བྱས་ཏེ། གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་དང་མདུན་སྐྱོད་སྟོབས་ཤུགས་བསྡུ་ལེན་བྱས།

ཀྲུང་གོ་མི་དམངས་འཇར་འགོག་དམག་འཁྲུག་རྗེས་དྲན་ཁང་དུ་ལྟ་སྐོར་གྱི་ཚ་རླབས་འཕྱུར་བ་དང་། གྲོང་མི་དང་ཡུལ་སྐོར་བས་འདི་རུ་ཀྲུང་གོ་མི་དམངས་ཀྱི་ལོ14ཡི་དཀའ་ཚེགས་ཆེ་བའི་འཇར་འགོག་དམག་འཁྲུག་གི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ལམ་བུར་ཕྱིར་དྲན་བྱས་ཤིང་། གསར་བརྗེའི་སྔོན་གཤེགས་དཔའ་བོའི་འཇར་འགོག་དམག་འཁྲུག་གི་སྙིང་སྟོབས་ལ་སློབ་སྦྱོང་བྱས། ཀྲུང་གུང་གི་ཚོགས་ཆེན་གསུམ་པའི་རྗེས་དྲན་ཁང་དུ། ས་དེའི་གསར་བརྗེའི་ཐོན་ཁུངས་སྔོག་འདོན་དང་ཏང་གི་གཏམ་རྒྱུད་ཡག་པོ་བཤད་ནས་དངོས་ལྗོངས་སློབ་ཁང་དང་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་སོགས་ཁྱད་ལྡན་སྤུས་རྟགས་བཏོད་ཡོད། གྲོང་མི་དང་ཡུལ་སྐོར་བས་ལོ་བརྒྱའི་ལོ་རྒྱུས་ཤེས་རྟོགས་དང་ཐོག་མའི་བསམ་འདུན་དང་འགན་འཁྲི་ཚོར་ཐུབ་པར་བྱས། སི་ཁྲོན་དཀར་མཛེས་ཀྱི་རྒྱལ་མོ་རྔུལ་ཆུའི་འགྲམ་དུ་གནས་པའི་ལུའུ་ཏེན་ཟམ་པ་སྟེ། མི་རྣམས་གསར་བརྗེའི་ངོ་མཚར་ཆེ་བའི་ལྕགས་ཟམ་དེའི་ཐོག་ཏུ་བསྐྱོད་དེ་དངོས་སུ་གསར་བརྗེའི་ལོ་རྒྱུས་རིག་གནས་ཀྱི་འབྱུང་རྩ་ཉམས་ལེན་བྱས།

ཡུལ་སྐོར་བ་མིའོ་ཞའོ་ཕེང་གིས་བཤད་རྒྱུར། གསར་བརྗེའི་གཞི་རྒྱུ་མི་རབས་ནས་མི་རབས་བར་བརྒྱུད་དགོས་པས་ངས་ཆེད་དུ་བུ་ཆུང་ལུའུ་ཏིང་ཟམ་པར་ཁྲིད་ཡོང་བ་ཡིན་ལ་ཁོར་ལྕགས་ཟམ་འདིའི་འདས་པའི་གཏམ་རྒྱུད་ཤེས་སུ་བཅུག་པ་ཡིན། འདི་ལྟར་བྱས་ཚེ་ཁོས་སྐེ་ལ་བཏགས་པའི་སྐེ་དཀྲིས་དམར་པོ་དེ་ལ་དེ་འདྲའི་དམར་མདོག་ལྡན་དོན་ཅི་ཡིན་པ་དང་ད་ལྟའི་བདེ་སྐྱིད་ཇི་ལྟར་བྱུང་བ་ཤེས་ཐུབ་རྒྱུ་རེད་སྙམ།

ཧྲའན་ཞི་ཡན་ཨན་དུ་མི་རྣམས་དབྱང་ཅ་ལིན་དང་ཡན་ཨན་གསར་བརྗེའི་རྗེས་དྲན་ཁང་དུ་བསྐྱོད་དེ་དངོས་རྫས་འདྲ་པར་དང་།  ལོ་རྒྱུས་ཀྱི་དཔྱད་ཡིག་རེ་རེར་བརྟེན་ནས། ཡན་ཨན་དུ་ལོ་ངོ་བཅུ་གསུམ་རིང་དཀའ་སྤྱད་འབད་བརྩོན་དང་ཞུན་བརྡར་མདུན་སྐྱོད་བྱས་པའི་ཏང་ཀྲུང་དབྱང་གི་འོད་སྟོང་འབར་བའི་ལོ་ཟླ་ཕྱིར་དྲན་བྱས། ཞིན་སི་དམག་ཁྲི་དཔུང་བདུན་པའི་རྗེས་དྲན་ཁང་དུ་མི་རྣམས་ཀྱིས་འཇར་འགོག་དམག་འཁྲུག་གི་ལོ་རྒྱུས་བསྐྱར་དྲན་བྱས་པ་དང་གསར་བརྗེའི་སྔོན་བྱོན་པ་ཚོས་དཀའ་ཚེགས་ཆེ་བའི་ལོ་ཟླའི་ནང་དམར་འཛིང་བྱས་པའི་མི་སེམས་འགུལ་བའི་གཏམ་རྒྱུད་ལ་ཉན། སྟོང་དཔུང་བརྒྱའི་འཁྲུག་ཆེན་རྗེས་དྲན་ཁང་དུ་ཡུལ་སྐོར་བའི་ཚད་ན་ནིང་གི་དུས་མཉམ་ལས་ལྡབ་གཅིག་འཕར་ཡོད་པ་དང་། མི་རྣམས་ཀྱིས་དེ་རུ་དམག་དམངས་བློ་སེམས་གཅིག་འདྲེས་དང་དགྲ་བོར་མཉམ་དུ་འགོག་རྒོལ་བྱེད་པའི་འཇར་འགོག་དམག་འཁྲུག་གི་ལོ་རྒྱུས་བསྐྱར་དྲན་བྱས་ཏེ། རླབས་ཆེན་གྱི་འཇར་འགོག་དམག་འཁྲུག་གི་སྙིང་སྟོབས་རྒྱུན་འཛིན་བྱས། ཡུལ་སྐོར་བའི་ལྟ་སྐོར་ཉམས་ལེན་བྱེད་ཚད་ཇེ་ཆེར་གཏོང་ཆེད། རྗེས་དྲན་ཁང་གི་སྒོ་ཕྱེ་བའི་དུས་ཚོད་ཇེ་རིང་དུ་བཏང་པར་མ་ཟད་འགྲེལ་བཤད་ཀྱི་ཐེངས་གྲངས་ཀྱང་ཇེ་མང་དུ་བཏང་ཡོད།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།