འཕེལ་རྒྱས་ལ་སྐུལ་འདེད་དང་དམངས་འཚོར་ཕན་བདེ་བསྐྲུན་ནས། ས་གནས་ཁག་གིས་སློབ་སྦྱོང་སློབ་གསོའི་ཐད་ཕན་འབྲས་ཐོན་པར་སྐུལ་འདེད་བཏང་།

ཡོང་ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ།

སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་བའི་ཚུན་ལ། ཧའེ་ནན་ཧའེ་ཁོའུ་དང་ཧུའུ་ནན་ཁྲེན་ཀྲོའུ་ཡིས་གནད་དོན་ལ་ཐད་ཀར་དམིགས་ནས་དག་ཐེར་ཡོ་བསྲང་དང་དཀའ་གནད་སེལ་ཞིང་། འཕེལ་རྒྱས་ལ་སྐུལ་འདེད་དང་། དམངས་འཚོར་ཕན་པའི་ཕན་འབྲས་དངོས་ལ་བརྟེན་ནས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་ལ་ཞིབ་བཤེར་བྱས།

སློབ་སྦྱོང་སློབ་གསོ་སྤེལ་བའི་ཚུན་ལ། ཧའེ་ཁོའུ་གྲོང་ཁྱེར་གྱིས་གྲོང་ཁྱེར་རིམ་པའི་འགོ་ཁྲིད་ཀྱིས་གྱོད་གཞི་སྒྲུབ་འགན་གཙང་ལེན་བྱེད་པའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཇེ་ཚང་དུ་བཏང་བ་བརྒྱུད། ལས་བྱེད་ཡུལ་དངོས་དང་པོར་མངགས་གཏོང་བྱས་ནས། ཡིག་བསྐུར་ངོ་བཅར་གྱི་ཕུང་གསོག་གྱོད་གཞི་ཁྲིམས་དང་སྒྲིག་སྲོལ་ལྟར་ཐག་གཅོད་ལེགས་པོ་བྱས། ཧའེ་ཁོའུ་ཀན་ཡའེ་དུས་རིམ་གཉིས་པའི་ཐོག་ཁང་ཚོང་བས་གཏའ་མར་བཞག་པའི་གནད་དོན་གྱི་དབང་གིས། ཁང་བདག30ལྷག་གིས་ལོ5ཡི་རིང་གཏན་འཇགས་རྒྱུ་ནོར་ཁེ་དབང་གི་ལག་འཁྱེར་ལེན་ཐུབ་མེད་པས། ཚང་མར་བསམ་འཆར་ཆེན་པོ་ཡོད། ཧའེ་ཁོའུ་གྲོང་ཁྱེར་གྱི་རང་བྱུང་ཐོན་ཁུངས་དང་འཆར་འགོད་ཅུས་ཀྱིས་སྣེ་ཁྲིད་དེ། སྡོད་ཁང་འཛུགས་སྐྲུན་དང་ཁྲལ་དོན་སོགས་སྡེ་ཁག་ལ་མཉམ་འབྲེལ་སྒོས“མང་ཚོགས་ལ་ནོར་འཁྲུལ་མེད་ན་ལག་ཁྱེར་སྒྲུབ་ཆོག་པའི”རྩ་དོན་ལྟར། བརྒྱུད་རིམ་ཧྲིལ་པོར་ཁང་བདག་དང་མཉམ་དུ་གཏན་འཇགས་རྒྱུ་ནོར་ཁེ་དབང་གི་ལག་ཁྱེར་ལེན་རོགས་བྱས།

ཧའེ་ནན་ཞིང་ཆེན་ཧའེ་ཁོའུ་གྲོང་ཁྱེར་གྱི་གྲོང་མི་ཀྲོའུ་ཁེ་ཀྲའོ་ཡིས་བཤད་རྒྱུར། ཁོ་ཚོས་ང་ཚོར་རོགས་བྱས་ནས་ཁང་པའི་གཏའ་འཇོག་གི་གནད་དོན་ཐག་གཅོད་དང་འབྲེལ་གཏུག་བྱས་ཏེ། བདེ་བླག་ངང་ཁང་པའི་ལག་ཁྱེར་བླངས།

སློབ་སྦྱོང་སློབ་གསོའི་ཁྲོད། ཧའེ་ཁོའུ་ཡི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་མི་དམངས་ལྟེ་བ་ཡིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་བསྟར་དང་། དྲ་ལམ་དང་ཡུལ་དངོས་ཀྱི་རེ་ཞུ་འཚོལ་སྡུད་བྱེད་པའི་ཐབས་ལམ་སྡེབ་སྒྲིག་བྱས་ཏེ། བསྡུ་རུབ་བྱས་པའི་རེ་ཞུ་སྣ་ཚོགས་བཅོས་སྒྲིག་གི་གསལ་ཐོའི་ནང་བཞག་ལ། གནད་འཁེལ་འགག་སྒྲོལ་དང་གཅིག་བསྡུས་དག་ཐེར་ཡོ་བསྲང་བྱས་ཏེ། མང་ཚོགས་ཀྱི་དགོས་མཁོ་སྔོན་འགྲོའི་ཆ་རྐྱེན་བྱས་ནས། གནད་དོན་ལ་བསམ་གཞིགས་དང་ཐབས་ཇུས་བཏོན།

ཧའེ་ནན་ཞིང་ཆེན་ཧའེ་ཁོའུ་གྲོང་ཁྱེར་ཏང་ཨུའི་རྩ་འཛུགས་པུའུ་ཡི་པུའུ་དོན་ཨུ་ཡོན་དབྱང་ཙའེ་ཏུང་གིས་བཤད་རྒྱུར། ང་ཚོས་ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་ཁྲིད་སྟོན་བྱས་ཏེ། མི་དམངས་ཀྱི་ཆེད་དུ་སྲིད་འབྲས་འདོན་པ་དང་། དངོས་སྒྲུབ་ལ་བརྟེན་ནས་སྲིད་འབྲས་བསྐྲུན་པ། སྲིད་འབྲས་ལྟ་བ་སྣ་ཚོགས་ཀྱི་ནོར་ཁྱད་བྱུང་བའི་གནད་དོན་དག་ཐེར་ཡོ་བསྲང་དང་བཅོས་སྐྱོང་དམ་འཛིན་བྱས་ཏེ། མང་ཚོགས་ཀྱི་བྲལ་དཀའ་ཁྲལ་སྒུག་གི་གནད་དོན་ཐག་བཅད་ནས། སློབ་སྦྱོང་གི་གྲུབ་འབྲས་དེ་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཕན་འབྲས་དངོས་ལ་བསྒྱུར་དགོས།

སློབ་སྦྱོང་སློབ་གསོ་སྤེལ་བའི་ཚུན་ལ། ཧུའུ་ནན་ཁྲེན་ཀྲོའུ་ཡིས་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་དེ་སྲིད་འབྲས་ཆེ་ཤོས་སུ་བརྩི་རྒྱུ་རྒྱུན་འཁྱོངས་བྱས་ཏེ། མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་ཕྱོགས12ཐད་ཀྱི་ཞིབ་ཕྲའི་གནད་དོན་ལ། ཆེད་བསྐོས་མི་སྣས་གཏན་ཁེལ་བྱས་ཏེ་ཐག་བཅད། ཅ་ཧོ་རྫོང་ཧུང་དབྱིང་སྡེ་བ་རུ། སྡེ་བའི་འཕྲོད་བསྟེན་ཁང་གིས་ཟླ་རེར་སྨན་རྫས་ཉོ་སྒྲུབ་བྱེད་པའི་འགྲོ་གྲོན་སྒོར་དྲུག་སྟོང་ལྷག་ལ་སླེབས་ཡོད་ལ། སྔོན་ཆད་འགྲོ་གྲོན་འདི་སྡེ་བའི་སྨན་པ་མི་སྒེར་གྱིས་སྔོན་ལ་སྤྲོད་དགོས་པ་དང་། སྨན་བཅོས་འགན་སྲུང་་ཁོངས་གཏོགས་ཀྱིས་རྩིས་ཞུ་དང་བསྡོམས་རྩིས་བརྒྱབ་རྗེས་སླར་ཡང་བརྗེ་སྤྲོད་བྱེད་པར་སྤྱིར་བཏང་དུ་ཟླ་གཅིག་ཡས་མས་དགོས། སྡེ་བའི་སྨན་པས་ཡར་ཞུ་བྱས་པ་ལྟར་ན། སྣང་ཚུལ་འདིའི་རིགས་གྲོང་ཁྱེར་ཡོངས་ཀྱི་སྡེ་བའི་འཕྲོད་བསྟེན་ཁང2000ལྷག་ཏུ་ཡོངས་ཁྱབ་ཏུ་གནས་པ་དང་། གནས་ཚུལ་དེར་དམིགས་ནས། ཁྲེན་ཀྲོའུ་ཡིས་གོ་རིམ་ཉུང་བསྡུ་དང་དུས་བཀག་ཇེ་ཐུང་དུ་བཏང་སྟེ་མ་དངུལ་གཏོང་སྤྲོད་ཀྱི་བརྒྱུད་རིམ་ཇེ་ལེགས་སུ་བཏང་ཞིང་། ཟླ4པར་སྔོན་སྤྲོད་ལམ་སྲོལ་ལག་བསྟར་བྱས་ནས། ཟླ་རེར་སྡེ་བ་སོ་སོའི་འཕྲོད་བསྟེན་ཁང་གི་སྨན་བཅོས་འགན་སྲུང་མ་དངུལ་དུས་ཐོག་ཏུ་རྩིས་བརྒྱབ་སྟེ། དངུལ་སྤྲོད་འཁོར་ཡུན་རིང་བ་དང་གྲོན་དངུལ་སྔ་འདོན་མང་བ་སོགས་ཀྱི་གནད་དོན་ཐག་བཅད།

ཧུའུ་ནན་ཞིང་ཆེན་ཁྲེན་ཀྲོའུ་གྲོང་ཁྱེར་ཅ་ཧོ་རྫོང་ཧུང་དབྱིང་སྡེ་བའི་སྨན་པ་ལི་ཧྲུའུ་དབྱིང་གིས་བཤད་རྒྱུར། སྔོན་ཆད་ཆེས་སུན་པའི་གནད་དོན་ནི་སྨན་རིན(གྲོན་དངུལ)སྔོན་ལ་སྤྲོད་དགོས་པ་དེ་ཡིན་ལ། སྨན་མང་པོ་ཉོ་མི་ཐུབ། ད་ལྟ་སྔོན་འདོན་དངུལ་ཡོད་པས། ང་ཚོས་སྨན་མང་ཙམ་ཉོ་ཐུབ། སྔོན་ཆད་རིགས60ལྷག་ལས་ཉོ་ཐུབ་པ་ད་ལྟ་རིགས་བརྒྱ་ལྷག་ལ་འཕར་ཡོད།

སློབ་སྦྱོང་སློབ་གསོ་སྤེལ་བའི་ཚུན་ལ། ཁྲེན་ཀྲོའུ་གྲོང་ཁྱེར་གྱི་རྫོང་དང་ཁྲུའུ་རིམ་པ་ཡན་གྱི་འགོ་ཁྲིད་ཚན་ཆུང་དང་འགོ་ཁྲིད་ལས་བྱེད་པས་གནད་དོན17000ལྷག་འཚོལ་བཤེར་བྱས་པ་ཞིང་སྡེའི་དུས་ཚིགས་རང་བཞིན་གྱི་ཆུ་དཀོན་པ་དང་། སྤྱི་པའི་ཞབས་ཞུའི་སྒྲིག་བཀོད“ལས་འཕྲོར་ལུས་པ”སོགས་དང་འབྲེལ་བ་ཡོད་ལ། རྩིས་ཐོ་བཟོས་པ་བརྒྱུད། དག་ཐེར་བཅོས་སྐྱོང་ལ་གཅིག་སྡུད་སྒོས་སྐུལ་འདེད་བཏང་།

ཧུའུ་ནན་ཞིང་ཆེན་ཁྲེན་ཀྲོའུ་གྲོང་ཁྱེར་ཏང་ཨུའི་རྩ་འཛུགས་པུའུ་ཡི་པུའུ་ཀྲང་གཞོན་པ་ཧུའུ་ཀྲི་ཧྭ་ཡིས་བཤད་རྒྱུར། ང་ཚོས་ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་དགོས་ལ། འགན་འཁྲི་འཁུར་ཤུགས་ཇེ་དྲག་ཏུ་གཏོང་བ་དང་དམངས་ལ་བརྩེ་བ་ཟབ་མོ་བཅངས་ཏེ། གཅིག་སྡུད་མཁྲེགས་གཏོར་ལ་བརྟེན་ནས་གནད་དོན་འབུར་ཐོན་ཐག་གཅོད་དགོས་ལ། ཞིབ་བཤེར་བྱེད་ཞོར་དང་ལེགས་བཅོས་བྱེད་ཞོར་དུ་ལམ་ལུགས་དང་གཏན་འབེབས་འཐུས་ཚང་དུ་བཏང་ནས། སྲིད་འབྲས་ལྟ་བ་ཡང་དག་པ་འཛུགས་པ་དང་ལག་བསྟར་བྱེད་པའི་འགུལ་སྐྱོད་དངོས་ཀྱི་ཐོག “གཏན་ཕབ་གཉིས”ལ་མཐའ་གཅིག་ཏུ་གོང་བཀུར་དང་“སྲུང་སྐྱོང་གཉིས”ལེགས་པར་བསྒྲུབ་པ་བཅས་བྱ་དགོས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།