སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་ཀྲུང་གོའི་དཔལ་འབྱོར་མདུན་དུ་སྐྱོད་པར་སྣེ་ཁྲིད་དགོས།

ཡོང་ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ།

དཔལ་འབྱོར་ལས་དོན་ནི་ཏང་དང་རྒྱལ་ཁབ་ཀྱི་ལྟེ་བའི་ལས་དོན་ཞིག་ཡིན་པ་དང་། དཔལ་འབྱོར་ལས་དོན་ལེགས་པར་བསྒྲུབ་རྒྱུ་ནི་ཏང་གི་རྒྱལ་སྲིད་སྐྱོང་ལུགས་ཀྱི་ལས་འགན་གལ་ཆེན་ཞིག་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། དཔའ་ངར་ཆེར་སྐྱེད་ཀྱིས་མདུན་སྐྱོད་བྱས་ནས་ཉེན་ཁ་དང་འགྲན་སློང་རབ་དང་རིམ་པར་ནུས་ལྡན་གྱིས་ཁ་གཏད་པ་རེད། ཏང་གིས་དཔལ་འབྱོར་ལས་དོན་ལ་འཐབ་ཇུས་འཆར་འགོད་དང་གཅིག་གྱུར་འགོ་ཁྲིད་བྱེད་པ་རྒྱུན་ཆད་མེད་པར་ཇེ་ཆེར་བཏང་བ་དང་། ཏང་གིས་དཔལ་འབྱོར་ལས་དོན་ལ་འགོ་ཁྲིད་པའི་སྒྲིག་སྲོལ་དང་རྐྱེན་སྲོལ་མུ་མཐུད་ནས་འཐུས་ཚང་དུ་བཏང་སྟེ། ཀྲུང་གོའི་དཔལ་འབྱོར་སྟོབས་ཤུགས་དང་། ཚན་རྩལ་སྟོབས་ཤུགས། ཕྱོགས་བསྡུས་རྒྱལ་ཤུགས་བཅས་སྐས་རིམ་གསར་པ་ཞིག་ཏུ་སླེབས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་གོམ་སྟབས་གསར་པ་སྤོས།

འདི་ནི་ད་ལྟའི་ཀྲུང་གོ་ཡིན། རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་བསྟུད་མར་སྐས་རིམ་མང་པོ་ལས་བརྒལ་ཏེ། 2025ལོར་སྒོར་རབ་བཀྲམ་ཆེན་མོ་གཅིག་དང་རབ་བཀྲམ་བཞིའི་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་དང་མི་རེའི་ཆ་སྙོམས་ཀྱི་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ཨ་སྒོར་ཆིག་ཁྲི་སུམ་སྟོང་ལས་བརྒལ། དཔལ་འབྱོར་བསྡོམས་འབོར་གྱིས་གོ་ལ་ཧྲིལ་པོའི་དྲུག་ཆའི་གཅིག་ཡས་མས་ཟིན་ནས་འཛམ་གླིང་གི་དཔལ་འབྱོར་ཆེ་གྲས་ཨང་གཉིས་པར་གནས་པ་དང་། འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་འགྲོ་བར་བྱས་རྗེས་འཇོག་ཚད་ལོ་མང་རིང་བསྟུད་མར30%ཡས་མས་སུ་བརྟན་གནས་བྱུང་། 

དུས་རབས་གསར་པར་སླེབས་པ་ན་ཀྲུང་གོའི་འཕེལ་རྒྱས་ཀྱང་དུས་མཚམས་གསར་པར་སླེབས། ཡར་སྔོན་གྱི་ལོ་བཅུ་ཕྲག་འགའི་རིང་མགྱོགས་མྱུར་སྒོས་འཕར་སྣོན་བྱུང་རྗེས། ཀྲུང་གོའི་དཔལ་འབྱོར་གྱིས་ཡུན་རིང་བསགས་པའི་གཏིང་རིམ་གྱི་གྲུབ་ཚུལ་རང་བཞིན་གྱི་འགལ་བ་རིམ་བཞིན་མངོན་གསལ་དུ་གྱུར། ཐོན་ལས་ཀྱི་གྲུབ་ཚུལ་ལུགས་མཐུན་མིན་པས། ཐོན་ཁུངས་ཁོར་ཡུག་གི་ཚད་བཀག་ཇེ་དྲག་ཏུ་སོང་སྟེ། མཁར་གྲོང་ཁུལ་ཁོངས་འཕེལ་རྒྱས་ཐད་ཀྱི་ཧེ་བག་དང་སྡོད་དམངས་ཀྱི་ཡོང་འབབ་བགོ་བཤའི་ཐད་ཀྱི་ཧེ་བག་སྔར་བཞིན་ཅུང་ཆེ་བས། ཉེན་ཁ་དང་འགྲན་སློང་སྔར་ལས་མང་པོ་རིམ་བརྩེགས་བྱས་པ་དང་། “འཕེལ་རྒྱས་བྱུང་རྗེས་ཀྱི་གནད་དོན”སྔར་ལས་མང་པོ་དུས་ཐོག་ཏུ་སེལ།

རྒྱལ་ཁབ་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་སྤྱི་ཁོག་དཔལ་འབྱོར་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཀྲང་ལིན་ཧྲན་གྱིས་བཤད་རྒྱུར། མི་འབོར་ཐེར་འབུམ་གཅིག་དུང་ཕྱུར་བཞི་ལྷག་ཡོད་པའི་འཛམ་གླིང་གི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེས་ཆེ་ཤོས་ཀྱི་འཕེལ་རྒྱས་དོ་མཉམ་མིན་ལ་འདང་ངེས་མིན་པའི་དཀའ་གནད་སེལ་བ་དང་། འགལ་བ་དང་ཉེན་ཁ། འགྲན་སློང་སོགས་མང་ལ་རྒྱལ་སྲིད་སྐྱོང་ལུགས་ཀྱི་ཉམས་སད་ཆེན་པོ་སྔར་བྱུང་མ་མྱོང་པས། རྒྱང་རིང་གི་འཐབ་ཇུས་ཀྱི་མིག་རྒྱང་དང་། ཁྱོན་ཡོངས་ཀྱི་གནས་ཚུལ་སྤྱི་འདོམས་བྱེད་པའི་འཐབ་ཇུས་ཀྱི་བློ་གྲོས། འགྱུར་བ་མེད་པའི་འཐབ་ཇུས་ཀྱི་ངེས་ཤུགས་བཅས་ལ་བརྟེན་ནས་ཀྲུང་གོའི་དཔལ་འབྱོར་གྱི་གྲུ་གཟིངས་ཆེན་པོ་འདི་མུ་མཐུད་དུ་བདེ་བླག་ངང་མདུན་བསྐྱོད་བྱེད་དགོས།

གནད་དོན་ནི་དུས་རབས་ཀྱི་རང་སྒྲ་ཡིན་ལ། བསམ་བློ་ནི་དུས་རབས་ཀྱི་སྒྲོན་མེ་ཡིན།

2012ལོའི་ཟླ12པར། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་རྗེས་ཀྱི་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་ཐེངས་དང་པོའི་སྟེང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། འཕེལ་རྒྱས་ནི་ཏང་གིས་སྲིད་སྐྱོང་རྒྱལ་དར་གྱི་ལས་འགན་ཨང་དང་པོ་ཡིན་ལ། སྲིད་སྐྱོང་ཏང་ཡིན་པའི་ཆ་ནས། ང་ཚོས་ངེས་པར་དུ་ཏང་གིས་དཔལ་འབྱོར་ལས་དོན་ལ་འགོ་ཁྲིད་པ་ཤུགས་བསྣན་ནས་དཔལ་འབྱོར་ལས་དོན་ལེགས་པར་བསྒྲུབ་དགོས།

དུས་རབས་ཀྱི་འཕོ་འགྱུར་ཆེ་བའི་ལོ་རྒྱུས་ཀྱི་འགག་རྩ་རུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་དུས་ཐོག་ཏུ་ཁྱོན་ཡོངས་དང་འབྲེལ་བ་ཡོད་པའི་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་དམ་འཛིན་བྱས་ཏེ། ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་དེ་རྒྱུན་རྣམ་གསར་པར་སླེབས་པའི་གནད་འགག་གི་བརྡར་གཅོད་བྱས་པར་མ་ཟད། རྒྱུན་རྣམ་གསར་པར་ངོས་འཛིན་དང་། རྒྱུན་རྣམ་གསར་པར་བསྟུན་པ། རྒྱུན་རྣམ་གསར་པར་སྣེ་ཁྲིད་བཅས་བྱ་རྒྱུ་ནི་འདས་མ་ད་གསུམ་གྱི་དུས་སྐབས་ཤིག་ལ་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་གཏན་ཚིགས་ཆེན་པོ་ཞིག་ཡིན་ཞེས་ནན་བཤད་གནང་། དེའི་རྗེས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསར་གཏོད་དང་མཐུན་སྦྱོར། ལྗང་མདོག སྒོ་འབྱེད་དང་མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་དུ་བཏོན་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པར་བརྟེན་ནས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་དང་འབྲེལ་བའི་སྒྱུར་བཅོས་ཀྱི་སྒོ་གླགས་ཕྱེས་ཏེ། ཀྲུང་གོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཡངས་ཤིང་རྒྱ་ཆེ་བའི་ལམ་ཆེན་ཐོག་བསྐྱོད་རྒྱུར་སྣེ་ཁྲིད་བྱས། གཞི་རིམ་དུ་བསྐྱོད་ཐེངས་རེ་རེའི་རྟོག་ཞིབ་ཁྲོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱུན་ཆད་མེད་པར་བསམ་གཞིག་དང་ཇུས་འགོད་གནང་བ་དང་། གནས་བབས་གསར་པར་གཞིགས་ནས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་བསམ་ཕྱོགས་གསར་པ་རྒྱུན་ཆད་མེད་པར་བཏོན། ལོ་བརྒྱའི་འཕོ་འགྱུར་གྱི་འཕེལ་རིམ་མགྱོགས་པོའི་མདུན་དུ། ཁོང་གིས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་རྒྱུའི་ཆོད་གཏམ་གལ་ཆེན་བཏོན་ནས་ཀྲུང་གོའི་དཔལ་འབྱོར་དེང་རབས་ཅན་གྱི་ཐབས་ལམ་ལ་གདམ་ག་ཁ་གསལ་གནང་བ་དང་། རབ་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་གྱི་མདུན་དུ། ཁོང་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་འགན་གཙོ་བོ་ལ་སྟངས་འཛིན་ནན་མོ་བྱས་ཏེ། ཡུལ་བབ་དང་བསྟུན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་མགྱོགས་མྱུར་གྱིས་འཕེལ་རྒྱས་གཏོང་དགོས་ཞེས་གསུངས། འཕེལ་རྒྱས་ཀྱི་དུས་རིམ་གསར་པའི་རྒྱལ་སྤྱི་རྒྱལ་ནང་གི་གནས་བབ་གསར་པ་དང་གནས་ཚུལ་གསར་པར་གཞིགས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསར་གཏོད་ལྡན་པའི་སྒོ་ནས་འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་འདོམས་བྱེད་པའི་འཐབ་ཇུས་ཀྱི་དགོངས་པ་གལ་ཆེན་འདི་བཏོན་ནས་བདེ་འཇགས་ཀྱི་རྣམ་པ་གསར་པ་ལ་བརྟེན་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་པར་འགན་སྲུང་བྱེད་དགོས་པ་བཏོན། འདུ་ཤེས་གསར་པ་དང་། བསམ་བློ་གསར་པ། འཐབ་ཇུས་གསར་པ་རབ་དང་རིམ་པ་བཅས་ཀྱིས་གཞུང་ལུགས་གསར་གཏོད་ལ་བརྟེན་ནས་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་ལག་ལེན་གསར་གཏོད་ལ་སྣེ་ཁྲིད་བྱས། 

ཆིང་ཧྭ་སློབ་ཆེན་ཀྲུང་གོ་འཕེལ་རྒྱས་འཆར་འགོད་ཞིབ་འཇུག་ཁང་གི་རྒྱུན་ལས་ཡོན་ཀྲང་གཞོན་པ་ཏུང་ཡུས་ཀྱིས་བཤད་རྒྱུར། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་དཔལ་འབྱོར་ཆོས་ཉིད་ལ་ངོས་འཛིན་དང་སྟངས་འཛིན་བྱེད་ཚད་ཇེ་ཟབ་ཏུ་བཏང་སྟེ། ང་ཚོའི་དཔལ་འབྱོར་འཕེལ་རྒྱས་དཀའ་ཁག་དང་འཕྲད་སྐབས། དཔལ་འབྱོར་ཁྲོད་འཕྲད་པའི་འགྲན་སློང་གསར་པ་དང་གནད་དོན་གསར་པར་དུས་ལྟར་བརྡར་གཅོད་བྱས་ནས་དུས་ཐོག་ཏུ་ཐབས་ཇུས་བཏོན་པ་ཡིན། ཏང་གིས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་འགོ་ཁྲིད་བྱེད་པའི་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་སོང་སྟེ། ལག་ལེན་ཁྲོད་དུ་ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་གྲུབ་པ་དང་། དེ་ནི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ་ཀྲུང་གོའི་དཔལ་འབྱོར་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པའི་ཐབས་མཆོག་གལ་ཆེན་ཞིག་ཡིན།

འཕེལ་རྒྱས་ལས་ཁ་བྱང་བཏོན་ལ། བཅོས་བསྒྱུར་ལས་རྩོམ་ཡིག་བྲིས། ལོ་ངོ་བཅུ་ལྷག་གི་རིང་། ཁྱོན་ཡོངས་ནས་བཅོས་བསྒྱུར་ཟབ་སྤེལ་བྱེད་པར་མུ་མཐུད་དུ་སྐུལ་འདེད་བཏང་སྟེ། དཔལ་འབྱོར་སྒྲིག་གཞི་བཅོས་བསྒྱུར་སྣེ་ཁྲིད་བྱས་ཤིང་། ཆུ་ཚད་མཐོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་གཞི་བཙུགས་པ་བརྒྱུད། དཔལ་འབྱོར་འཕེལ་རྒྱས་ལ་རྒྱུན་ཆད་མེད་པའི་སྒུལ་ཤུགས་འདོན་སྤྲོད་བྱས། དངོས་ཕུང་དཔལ་འབྱོར་དང་ཚན་རྩལ་གསར་གཏོད་དེ་དཔལ་འབྱོར་སྟོབས་ཆེར་གཏོང་བའི་སྟོབས་ཤུགས་སུ་བརྩིས་ཏེ། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་པར་ཤུགས་བསྣན་ནས། དཔལ་འབྱོར་རྒྱལ་ཁབ་ཆེན་པོ་ནས་དཔལ་འབྱོར་རྒྱལ་ཁབ་སྟོབས་ལྡན་གྱི་ཕྱོགས་སུ་བསྐྱོད་པར་དངོས་པོ་དང་ལག་རྩལ་གྱི་རྨང་གཞི་བཏིང་། རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་ར་ཆེན་མོའི་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་བཏང་ནས། གཞི་ཁྱོན་ཧ་ཅང་ཆེ་བའི་ཁྲོམ་རའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས། ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་འབད་རྒྱུན་འཁྱོངས་བྱས་ཏེ། འཕེལ་རྒྱས་ཀྱི་རང་འགུལ་དབང་ཆ་རང་ཉིད་ཀྱི་ལག་ཏུ་དམ་པོར་བཟུང་། རྒྱུན་ཆད་མེད་པར་ཐོད་བརྒལ་གསར་བའི་ཕྱོགས་སུ་བསྐྱོད་དེ། ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་ཚད་དང་ལས་ཆོད། སྒུལ་ཤུགས་བཅས་ལ་འཕོ་འགྱུར་ཟབ་མོ་བྱུང་།

མཚོ་གཏིང་དང་ས་གཏིང་ནས་མཁའ་དབྱིངས་བར། གསར་གཏོད་ལམ་བུ་རུ་ཀྲུང་གོའི་གནས་ཚད་གསར་པ་རྒྱུན་མ་ཆད་པར་བཀོད། རྒྱལ་ཁབ་ཀྱི་ཚན་རྩལ་དངོས་ཤུགས་དངོས་ལས་གྲངས་འབོར་གསོག་འཇོག་ནས་ངོ་བོའི་མཆོང་བརྒལ་མངོན་འགྱུར་བྱས་ཏེ། འཛམ་གླིང་ཤེས་བྱའི་ཐོན་དབང་རྩ་འཛུགས་ཀྱིས་ཁྱབ་བསྒྲགས་བྱས་པའི་འཛམ་གླིང་གསར་གཏོད་སྟོན་གྲངས་ཀྱི་ཨང་རིམ་ཁྲོད། ཀྲུང་གོ2012ལོའི་ཨང34པ་ནས2025ལོའི་ཨང10པར་འཕར།

ཚན་རྩལ་གསར་གཏོད་ཀྱིས་ཐོན་ལས་རིམ་སྤོར་ལ་སྐུལ་ཁྲིད་བྱས་ཏེ། སྤུས་གསར་ཐོན་སྐྱེད་ནུས་ཤུགས་མགྱོགས་མྱུར་ངང་གྲུབ།

ཧང་ཀྲོའུ་རུ་གློག་ཤུགས་ཞིབ་འཇུག་མི་སྣས་གློག་གི་གྲུབ་ཆའི་འགྱུར་ལྡོག་གསར་པ་ཤེས་རྟོགས་བྱུང་། གློག་ཏུའུ་གཅིག་གིས་ཐེག་ཐུབ་པའི་ཐོན་རྫས་རིན་ཐང་ལོ་བཅུ་ལྷག་གི་རིང་ཕལ་ཆེར་ལྡབ་གཅིག་འཕར།

རྒྱལ་ཁབ་གློག་དྲ་ཧང་ཀྲོའུ་གློག་འདོན་ཀུང་སིའི་འཕེལ་རྒྱས་ཇུས་འགོད་པུའུ་ཡི་ཀྲུའུ་རེན་ཝུའུ་ཀྲེན་ཅེ་ཡིས་བཤད་རྒྱུར། 2012ལོའི་སྔ་རྗེས་སུ། གློག་ཏུའུ་གཅིག་གི་ཐོན་རྫས་རིན་ཐང་དེ། བཅུ་ཆའི་བརྒྱད་སྲོལ་རྒྱུན་གྱི་བཟོ་སྐྲུན་ལས་རིགས་ལས་བྱུང་བ་དང་། འཁེལ་འཐག་པར་འདེབས་ཚོས་རྒྱག་དང་རྫས་འགྱུར་བཟོ་ལས་བཙོ་སྦྱང་ཚང་མ་གཙོ་བོ་ཡིན། ད་སྐབས། གློག་རྒྱུན་སྔར་ལས་མང་པོ་ཞིག་མི་ཐབས་རིག་ནུས་དང་མཐོང་ཚོར་རིག་ནུས། སྐྱེ་དངོས་གསོ་རིག་ལྟ་བུའི་ཐོན་ལས་ཁྱུ་ཚོགས་གསར་པ་བཅུ་ལྷག་གི་ཕྱོགས་སུ་བསྐྱོད་དེ། དེ་དག་གིས་གློག་ཏུའུ་གཅིག་གི་ཐོན་རྫས་རིན་ཐང་བཅུ་ཆའི་བརྒྱད་བསྐྲུན།

གློག་ཏུའུ་གཅིག་ལས་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་ཚད་ལ་འགྱུར་ལྡོག་བྱུང་བ་མཐོང་། ད་ལྟ། ཀྲུང་གོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བར་སྟོང་ཆགས་སྟངས་ཀྱང་བསྐྱར་སྐྲུན་བྱེད་བཞིན་ཡོད། ནུབ་རླངས་ཤར་འདྲེན་དང་ལྷོ་ཆུ་བྱང་འདྲེན། ནུབ་གློག་ཤར་སྐྱེལ། ཤར་གྲངས་ནུབ་རྩིས་བཅས། རིམ་འདས་བཟོ་སྐྲུན་རེ་རེ་རི་ཆུ་བརྒལ་ནས་ཀྲུང་གོའི་ས་གཞི་ཆེན་མོར་ཐོན་ཁུངས་ཤར་གཏོང་བྱས་ཡོད། རྒྱལ་ཡོངས“བསམ་ཇུས་གཅིག”རྒྱུན་འཁྱོངས་བྱས་ཏེ། པེ་ཅིང་དང་ཐེན་ཅིན། ཧོ་པེ་བཅས་དང་། འབྲི་ཆུའི་ཟུར་གསུམ་གླིང་། ཞང་ཀང་དང་ཨའོ་མོན། ཀོང་ཏུང་མཚོ་ཁུག་ཆེན་མོའི་སྒུལ་ཤུགས་འབྱུང་ཁུངས་ཀྱི་སྣེ་ཁྲིད་ནུས་པ་སྔར་ལས་ཆེ་ལ། བྱང་ཤར་དང་དབུས་རྒྱུད། ནུབ་རྒྱུད་སོགས་ཁུལ་ཁོངས་མི་འདྲ་བས་རང་ངོས་ཀྱི་ཆ་རྐྱེན་ལ་གཞིགས་ནས་འཕེལ་རྒྱས་ཀྱི་ཐབས་ལམ་མགྱོགས་མྱུར་སྒོས་ཇེ་ལེགས་སུ་བཏང་སྟེ། ཁུལ་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཀྱི་བརྗིད་ཆེའི་རི་མོ་བྲིས། ཤར་ནུབ་ཕན་ཚུན་རོགས་སྐྱོར་དང་སྐམ་མཚོ་མཉམ་འགུལ་བྱས་ཏེ། ཆུ་ཚད་སྔར་ལས་མཐོ་བའི་སྒོ་འབྱེད་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་དང་དགེ་མཚན་གསར་པ་བསྐྲུན། རང་མོས་ཉོ་ཚོང་ཚོད་ལྟ་ཁུལ23ཤར་ལྷོ་ནུབ་བྱང་དབུས་བཅས་སུ་ཁྱབ་པར་བྱས། ཕྱོགས་རྐྱང་པས་མིང་རྟགས་མ་བཀོད་པར“གྲོགས་ཚོམས”དེ་རྒྱལ་ཁབ50བར་རྒྱ་བསྐྱེད།“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་ནས། རྒྱལ་ཁབ་དང་ས་ཁུལ31ལ་རང་མོས་ཉོ་ཚོང་གི་གྲོས་ཆོད24བཞག  ཀྲུང་གོའི་ཁྲོམ་ར་ཆེན་མོས་འཛམ་གླིང་དཔལ་འབྱོར་འཕར་སྣོན་ལ་སྒུལ་ཤུགས་ལེགས་པོ་བསྩལ། རྒྱང་སྐྱོད་ཀྱི་ལམ་བུ་རྒྱ་ཆེ་ཞིང་འགྲོ་ལམ་ལ་མུ་མཐའ་མེད།

དཀའ་བ་གདོང་གིས་བསུས་ཏེ། རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་ཐོད་བརྒལ་བྱས། ཀྲུང་གོ་རྟགས་ཅན་གྱི་གྲུ་གཟིངས་ཆེན་པོ་དེ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་སྣེ་ཁྲིད་འོག སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུ་བརྒྱུད་དེ། ལེ་བར་ཁྲི་ཕྲག་གི་རླུང་གི་རྒྱུ་བར་བསྟུན་ནས་སྔར་བས་མཛེས་སྡུག་ལྡན་པའི་མ་འོངས་པའི་ཕྱོགས་སུ་བསྐྱོད་ངེས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།