ཟླ6པའི་ཚེས26ཉིན་ནི་རྒྱལ་སྤྱིའི་དུག་འགོག་ཉིན་མོ་ཨང39པ་རེད། ས་གནས་ཁག་གིས“གཞོན་ནུ་ལོ་ཆུང་གི་སྨན་རྫས་གང་བྱུང་དུ་སྤྱོད་རྒྱུར་དོགས་ཟོན་བྱ་རྒྱུ”བརྗོད་དོན་གཙོ་བོར་བྱས་ནས་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྣ་ཚོགས་སྤེལ།
ཀོང་ཏུང་གི་ཅེ་དབྱང་དང་ཅང་སུའུ་སུའུ་ཀྲོའུ་ཡིས་དུག་འགོག་ཤེས་བྱ་སྲོལ་རྒྱུན་རིག་གནས་དང་སྤྲོ་སྣང་ལྡན་པའི་རོལ་རྩེད་དང་འདྲེས་པར་བྱས། ཧུའུ་ནན་ཁྲང་ཧྲ་དུག་འགོག་སྡེ་ཁག་གིས་ལག་རྩལ་སློབ་གྲྭའི་སློབ་མ་ཁྲི14ལ་དུག་འགོག་ཤེས་བྱ་སྒྲོག་འགྲེལ་བྱས། ཁྲུང་ཆིན། ཀྲེ་ཅང་། ཉིང་ཞ། སི་ཁྲོན། ཅང་ཞི་སོགས་སུ། མི་དམངས་ཉེན་རྟོག་པས་དུག་འགོག་སློབ་ཁང་བཙུགས་ནས་དུག་རྫས་ཀྱི་འདྲ་དཔེ་བཟོས་བྱས་པ་བརྒྱུད། དུག་རྫས་གསར་བར་དབྱིངས་ཞུགས་པའི་གནོད་འཚེ་གཏོར་ནས་སློབ་མར་དུག་དང་དུག་ངོས་འཛིན་བྱེད་དུ་བཅུག ནང་སོག་དང་། ཡུན་ནན། ཧུའུ་པེ་སོགས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་གཞུང་བཞེས་བཏང་བའི་དུག་རྫས་སྣ་ཚོགས་གནོད་མེད་ཅན་དུ་བཟོས། རྒྱལ་ཡོངས་ཀྱི་གནས་སྤོས་ཡུལ་མི་དོ་དམ་སྒྲིག་གཞི་དང་། ལྕགས་ལམ། དམངས་སྤྱོད་མཁའ་འགྲུལ་སྤྱི་བདེ་ལས་ཁུངས་བཅས་ཀྱིས་མེ་འཁོར་འབབ་ཚུགས་དང་མཁའ་འགྲུལ་ས་ཚིགས་ཐོག་ཁང་ལ་བརྟེན། སྲོལ་རྒྱུན་དང་དུག་རྫས་གསར་པ་སྔོན་འགོག་བྱེད་པའི་ཐད་ཚན་རིག་ཁྱབ་གདལ་དྲིལ་བསྒྲགས་བྱས་པ་དང་ཀྲུང་གོ་མཚོ་ཐོག་ཉེན་རྟོག་ཅུས་དང་འགག་སྒོའི་ལྐོག་འདྲེན་འཛིན་བཟུང་སྡེ་ཚན་གྱིས་རྒྱུན་གཏན་ཅན་གྱི་སྐོར་ཞིབ་དོ་དམ་ཚོད་འཛིན་རྒྱུན་མཐུད་ངང་བྱས་ཤིང་། དུག་འགོག་སྲུང་ཡོལ་ཕྱོགས་ཡོངས་ནས་བརྟན་དུ་བཏང་།