ཟླ6ཚེས26ཉིན། ཀྲུང་གོའི་རྒྱ་གྲམ་དམར་པོའི་འཕྲལ་བསྟུན་རོགས་སྐྱོབ་ནུབ་བྱང་མཉམ་ལས་ཁུལ་གྱི་མཚོ་སྔོན་མཉམ་འབྲེལ་འཁྲབ་སྦྱོང་དེ་མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་རྫོང་ཧོར་རིགས་རང་སྐྱོང་རྫོང་དུ་སྤེལ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཧྲུའུ་ཅི་གཞོན་པ་ལིའུ་ཆི་ཧྥན་འཁྲབ་སྦྱོང་ཁྲོད་ཞུགས་པ་དང་བྱེད་སྒོ་ཚུགས་པ་ཁྱབ་བསྒྲགས་བྱས།
ཐེངས་འདིའི་འཁྲབ་སྦྱོང་ནི་ཀྲུང་གོ་རྒྱ་གྲམ་དམར་པོ་ཚོགས་པའི་སྤྱི་ཁྱབ་ཚོགས་པའི་མཛུབ་ཁྲིད་འོག་མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པས་གཙོ་གཉེར་བྱས་པ་དང་ཧྲན་ཞི་ཞིང་ཆེན་དང་ཀན་སུའུ་ཞིང་ཆེན། ཉིང་ཞ་ཧུའེ་རིགས་རང་སྐྱོང་ལྗོངས། ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་ཚོགས་རྒྱ་གྲམ་དམར་པོ་ཚོགས་པས་མཉམ་འབྲེལ་ཐོག་གཉེར། འཁྲབ་སྦྱོང་དེ་ནུབ་བྱང་ས་ཁུལ་གྱི་གྲང་ངར་ཆེ་ཞིང་གསོ་རླུང་དཀོན་པ། མཐོ་སྒང་གི་ཡོམ་ཐེངས་མང་པའི་དོན་དངོས་ལ་གཞི་བཙུགས་ཏེ་ས་ཡོམ་ཚབས་ཆེན་གྱི་གོ་རིམ་ཧྲིལ་པོའི་ཐག་གཅོད་ལ་དམིགས་ནས་དམག་སྤྱི་ཁང་འཛུགས་སྐྲུན་དང་འཚོལ་སྐྱོབ། སྨན་བཅོས་སྐྱེལ་འདྲེན། རྒུད་སྐྱོབ། ཆུ་མཁོ་འདོན། མང་ཚོགས་ཀྱི་འཕྲོད་བསྟེན། སེམས་ཁམས་རོགས་སྐྱོབ། མེ་ཟོན་རོགས་སྐྱོབ་སོགས་ཀྱི་ནང་དོན་ཚུད་ཡོད་པ་དང་། ནུབ་བྱང་མཉམ་ལས་ཁུལ་གྱི་བཀོད་འདོམས་བཀོད་གཏོང་དང་སྟོབས་ཤུགས་བཀོད་སྒྲིག མཉམ་སྦྲེལ་ཐག་གཅོད་བཅས་ཀྱི་དངོས་འཐབ་ནུས་ཕྱོད་དང་། ཆ་འཕྲིན་མཉམ་སྤྱོད་དང་སྟོབས་ཤུགས་མཉམ་འདོན། དངོས་སྦྱོང་མཉམ་སྦྱོང་རྐྱེན་སྲོལ་འཐུས་ཚབ་དུ་གཏོང་བ། མྱུར་དུ་ཨ་ལན་སྟེར་བ་དང་མྱུར་སྐྱོབ་གནད་ཁེལ། ས་ཐག་རིང་བའི་འཕྲུལ་སྒུལ། གཞོག་འདེགས་ནུས་པ་མཐོར་འདེགས་བཏང་། ཧྲན་ཞི་དང་ཀན་སུའུ། ཉིང་ཞ། ཞིན་ཅང་། མཚོ་སྔོན་བཅས་ཞིང་ཆེན་ལྔ་དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དཔུང་ཚོགས། མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་དང་ཁུལ་བཅས་ཀྱི་རྒྱ་གྲམ་དམར་པོ་ཚོགས་པའི་རྒྱ་གྲམ་དམར་པོའི་རོགས་སྐྱོབ་རུ་ཁག22ཀྱི་མི183ཞུགས་ཡོད།
ཀྲུང་གོའི་རྒྱ་གྲམ་དམར་པོ་ཚོགས་པའི་འབྲེལ་ཡོད་འགན་འཁུར་བས་བཤད་རྒྱུར། ནུབ་བྱང་མཉམ་ལས་ཁུལ་གྱི་རིམ་པ་སོ་སོའི་རྒྱ་གྲམ་དམར་པོ་ཚོགས་པས་འཕེལ་རྒྱས་ཀྱི་དུས་སྐབས་གསར་བའི་གནས་བབ་གསར་བ་དང་ལས་འགན་གསར་བ། བླང་བྱ་གསར་བ་བཅས་ལ་གོ་བ་ཡང་དག་བླང་ནས་འཕྲལ་བསྟུན་རོགས་སྐྱོབ་མ་ལག་འཛུགས་སྐྲུན་ཐད་ཐབས་བཀོད་འཐེན་ནས་གནད་དོན་སེལ་བ་དང་མི་འདང་ས་ཁ་གསབ། ཉམ་ཞན་ཤུགས་དྲག་ཏུ་བཏང་། འཕྲལ་བསྟུན་རོགས་སྐྱོབ་མ་ལག་ཁྲོད་རང་འགུལ་ངང་ཞུགས་ནས་གནོད་འགོག་གནོད་སེལ་རྒུད་སྐྱོབ་བྱ་བའི་ཁྲོད་ཧུར་ཐག་གིས་ཞུགས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་དང་རྒྱལ་ཁབ་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པར་སྟོབས་ཤུགས་ཕུལ། དེ་དང་མཉམ་དུ་ནུབ་བྱང་མཉམ་ལས་ཁུལ་གྱི་རིམ་པ་སོ་སོའི་རྒྱ་གྲམ་དམར་པོ་ཚོགས་པའི་ཁུལ་ཁོངས་མཐུན་སྦྱོར་རྐྱེན་སྲོལ་འཐུས་ཚབ་གཏོང་དགོས་ལ། གནོད་འགོག་གནོད་སེལ་རྒུད་སྐྱོབ་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་བ་དང་མཐོ་སྒང་རོགས་སྐྱོབ་རུ་དཔུང་གི་འཛུགས་སྐྲུན་ལ་ཤུགས་བསྣན་ནས་འཕྲལ་བསྟུན་རོགས་སྐྱོབ་ནུས་པ་ཕྱོགས་ཡོངས་ནས་མཐོར་འདེགས་བཏང་།