ཟླ6པའི་ཚེས25ཉིན། ཞིང་ཆེན་ཏང་ཨུ་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གིས《མཚོ་སྔོན་ཞིང་ཆེན་སྲིད་ཁྲིམས་ལས་ཁུངས་ཀྱིས་ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་འཛུགས་སྐྲུན་བྱེད་པའི་བྱེད་ཐབས་བཅུ》(གཤམ་ནས《བྱེད་ཐབས་བཅུ》རུ་བསྡུ།)ལག་བསྟར་དོན་འཁྱོལ་བྱེད་པའི་བྱ་བའི་སྐུལ་འདེད་ཚོགས་འདུ་བསྡུས་ཤིང་། 《བྱེད་ཐབས་བཅུ》ཡི་འོས་འགན་དང་བྱེད་ཐབས། འགན་ཁུར་བཅས་ཀྱི“རྩིས་ཐོ་གསུམ”དཔར་ནས་བཀྲམ།
ཚོགས་འདུ་ལས་བསྟན་དོན། ཁྲིམས་སྐྱོང་ནི་ཆེས་ལེགས་པའི་ཚོང་གཉེར་ཁོར་ཡུག་ཡིན་ལ། ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་འཛུགས་སྐྲུན་བྱེད་པ་ནི། སྲིད་ཁྲིམས་ལས་ཁུངས་ཀྱིས་སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པར་བརྟག་བཤེར་བྱེད་པའི་གཞི་འཛིན་ས་དང་། སྲིད་ཁྲིམས་ལས་ཁུངས་ཀྱིས་ཁྲིམས་སྐྱོང་བསམ་བློ་དང་ཁྲིམས་སྐྱོང་བྱེད་ཐབས་ཀྱིས་གནད་དོན་ཐག་གཅོད་བྱེད་པར་ཚད་ལེན་པའི་ཚད་གཞི་གལ་ཆེན། སྲིད་ཁྲིམས་ལས་ཁུངས་ཀྱིས་ཁྲིམས་སྐྱོང་ཁྲིམས་འཛིན་ཚད་ལྡན་ཅན་གྱི་ཆུ་ཚད་བརྟག་པའི་ནང་དོན་གལ་ཆེན། སྲིད་ཁྲིམས་ལས་ཁུངས་ཀྱིས་འགན་སྒྲུབ་ཁག་ཁུར་གྱི་མངོན་སྟངས་གལ་ཆེན་བཅས་ཡིན།
ཚོགས་འདུ་ལས་ནན་གྱིས་བསྟན་དོན། ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་འཛུགས་སྐྲུན་བྱེད་པ་ནི། ད་ལྟ་དང་མ་འོངས་པའི་དུས་སྐབས་ཤིག་གི་ཁྲིམས་སྐྱོང་མཚོ་སྔོན་དང་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་བྱེད་པའི་འོས་འགན་གལ་ཆེན་ཡིན། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་ཁྲིམས་ལས་ཁུངས་ཀྱིས“རྩིས་ཐོ་གསུམ”ལེགས་པོར་བཀོལ་ནས། འགན་འཁྲི་ནན་ཏིག་དང་ལག་བསྟར་དམ་འཛིན་བྱེད་དགོས། ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱི་བྱེད་ནུས་བླ་ལྷག་གིས་འདོན་སྤེལ་བྱས་ནས། ཐོན་ཁུངས་སྤྱི་འདོམས་དང་། ཁེ་ལས་དང་འབྲེལ་བའི་གྱོད་གཞི་དང་འགལ་ཟླ་སྔོན་འགོག་འདུམ་སྒྲིག་བྱེད་དགོས། དཔེ་མཚོན་གྱོད་གཞི་ཁྱབ་སྒྲོག་བྱེད་པའི་ལམ་ལུགས་བཙུགས་ནས། ཚོང་གཉེར་ཁོར་ཡུག་ལ་གཏོར་བརླག་བྱེད་པའི་དཔེ་མཚོན་ངན་པ་ཁོལ་ཕྱུང་བྱེད་ཤུགས་ཇེ་ཆེར་བཏང་ནས། ཉམས་མྱོང་བཟང་པོ་དང་སྒྲུབ་ཐབས་བཟང་པོ་ཤུགས་ཆེར་ཁྱབ་སྒྲོག་ཁྱབ་སྤེལ་བྱེད་དགོས། རྒྱལ་ཡོངས་ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་གི་བྱང་ཚད་ལམ་ལུགས་ཚད་ཐིག་ཏུ་བཟུང་ནས། མཚོ་སྔོན་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་གྱི་དངོས་ཡོད་ལ་རྐང་བཙུགས་ནས། གོམ་གང་མདུན་སྤོས་ཀྱིས་ཁེ་ལས་དང་འབྲེལ་བའི་ཁྲིམས་སྐྱོང་ཡུན་ཕན་ལམ་ལུགས་འཐུས་ཚང་དུ་གཏོང་དགོས།
ཚོགས་ཐོག་ཏུ་ཞིང་ཆེན་ཡོངས་ཀྱི་སྲིད་ཁྲིམས་ལས་ཁུངས་ཀྱིས་མིག་མངས་སྡེར་གཅིག་དགོངས་པ་བརྟན་པོར་བཙུགས་ནས། ཁྱོན་ཡོངས་ནས་འགན་བསྒྲུབ་དང་ཁག་ཁུར་ལེན་ཕོད་པར་བྱས་ཏེ། སྟོབས་ཤུགས་ཅི་ནུས་ཀྱིས་སྔར་ལས་བརྟན་བརླིང་དང་འདྲ་མཉམ། ཡོངས་གསལ། སྔོན་དཔོག་ཐུབ་པའི་ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་བསྐྲུན་ནས། སྟོབས་ཤུགས་ཡོད་རྒུས་ལོ་ལྔའི་འཆར་འགོད་བཅོ་ལྔ་བའི་ཁྲིམས་སྐྱོང་མཚོ་སྔོན་གྱི་རྣམ་པ་གསར་བ་བཏོད་པར་བྱས་རྗེས་དང་སྟོབས་ཤུགས་འབུལ་དགོས་པའི་རེ་བ་བཏོན།