ཀྲའོ་ལེ་ཅི་ཡིས་ཁམ་ཕུ་ཁྲེའི་མི་དམངས་ཏང་གི་ཀྲུའུ་ཞི། གྲོས་ཁང་གོང་མའི་ཀྲུའུ་ཞི་ཧུང་སེན་ལ་མཇལ་འཕྲད་གནང་།

ཡོང་ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ།

ཚེས25ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་པེ་ཅིང་དུ་ཁམ་ཕུ་ཁྲེའི་མི་དམངས་ཏང་གི་ཀྲུའུ་ཞི། གྲོས་ཁང་གོང་མའི་ཀྲུའུ་ཞི་ཧུང་སེན་ལ་མཇལ་འཕྲད་གནང་།

ཚེས25ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་པེ་ཅིང་དུ་ཁམ་ཕུ་ཁྲེའི་མི་དམངས་ཏང་གི་ཀྲུའུ་ཞི། གྲོས་ཁང་གོང་མའི་ཀྲུའུ་ཞི་ཧུང་སེན་ལ་མཇལ་འཕྲད་གནང་།

ཀྲའོ་ལེ་ཅི་ཡིས་བསྟན་དོན། ན་ནིང་ཟླ4པར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁམ་ཕུ་ཁྲེ་རུ་རྒྱལ་དོན་འཚམས་འདྲི་གནང་སྟེ། རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་ཀྱིས་མཉམ་དུ་དུས་རབས་གསར་པའི་རྣམ་པ་ཀུན་གྱི་ཀྲུང་གོ་དང་ཁམ་ཕུ་ཁྲེའི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུ་ཡིན་པ་ཁྱབ་བསྒྲགས་གནང་། ཀྲུང་གོ་ཕྱོགས་ཀྱིས་ཁམ་ཕུ་ཁྲེ་ཕྱོགས་དང་མཉམ་དུ། ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་བར་གྲུབ་པའི་ཐུན་མོང་གི་ངོས་འཛིན་གལ་ཆེན་མཛུབ་སྟོན་དུ་བཟུང་སྟེ། སྲོལ་རྒྱུན་གྱི་མཛའ་མཐུན་རྒྱུན་མཐུད་པ་དང་། འཐབ་ཇུས་མཉམ་ལས་ལ་ཤུགས་སྣོན་པ། མཉམ་དུ་འཕེལ་རྒྱས་དང་དར་སྤེལ་དོན་གཉེར་བྱེད་འདོད་ཡོད། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་ཁྲིམས་འཛུགས་དང་ལྟ་སྐུལ་སོགས་ཀྱི་བྱ་བའི་ཉམས་མྱོང་ཐད་ཁམ་ཕུ་ཁྲེའི་ཁྲིམས་འཛུགས་ལས་ཁུངས་དང་ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་བཟུང་སྟེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཕན་ཚུན་རྒྱུས་མངའ་ཡོང་བར་སྐུལ་འདེད་བཏང་ནས། ཀྲུང་གོ་དང་ཁམ་ཕུ་ཁྲེའི་ལས་སྐལ་གཅིག་མཐུན་ཚོགས་པའི་འཛུགས་སྐྱོང་ལ་སྔར་ལས་ལེགས་པའི་སྒོ་ནས་སྐུལ་འདེད་གཏོང་འདོད་ཡོད།

ཧུང་སེན་གྱིས་བསྟན་དོན། ཁམ་ཕུ་ཁྲེ་དང་ཀྲུང་གོའི་བར་འབྲེལ་བ་བཙུགས་ཚུན། ཕྱོགས་གཉིས་ཀྱི་འབྲེལ་བ་རྒྱལ་སྤྱིའི་འགྱུར་ལྡོག་གི་ཚོད་བགམ་བརྒྱུད་དེ། དུས་རབས་གསར་པའི་རྣམ་པ་ཀུན་གྱི་ལས་སྐལ་གཅིག་མཐུན་ཚོགས་པར་རིམ་སྤར་བྱས། ཁམ་ཕུ་ཁྲེ་ཕྱོགས་ཀྱིས་ཀྲུང་གོར་མཛའ་མཐུན་བྱེད་པའི་སྲིད་ཇུས་བློ་བརྟན་འགྱུར་མེད་ཀྱིས་ལག་བསྟར་བྱས་ཏེ། ཀྲུང་གོ་ཕྱོགས་དང་མཉམ་དུ་སྲིད་ཏང་དང་ཁྲིམས་འཛུགས་ལས་ཁུངས་སོགས་ཀྱི་བར་བརྗེ་རེས་དང་མཉམ་ལས་ལ་ཤུགས་བསྣན་ནས། ཁམ་ཕུ་ཁྲེ་དང་ཀྲུང་གོ་བར་གྱི་འགྱུར་མེད་མཛའ་མཐུན་ཇེ་བརྟན་དུ་གཏོང་འདོད་ཡོད།

ཞོ་ཁུ་ལེ་ཐི་ཀྲ་ཁི་ཨར་མཇལ་འཕྲད་ལ་ཞུགས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།