ཟླ6ཚེས25ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ཞའོ་ཅུན་གྱིས་ཟི་ལིང་དུ་ཨ་ཧྥེ་རི་ཁའི་ལྕགས་ལམ་ཤེས་ལྡན་མི་སྣ་བོད་ལྗོངས་སུ་བསྐྱོད་པའི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།
ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་འཐུས་ཚབ་ཚོགས་པར་དགའ་བསུ་ཞུས། ཁོས་བཤད་རྒྱུར། ད་ལོ་ནི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་བར་འབྲེལ་བ་བཙུགས་ནས་ལོ་ངོ70འཁོར་བའི་ལོ་ཡིན་ལ། ཐན་ཙན་ནི་ཡ་དང་ཙམ་པི་ཡའི་ལྕགས་ལམ་ཡོངས་སུ་ཤར་གཏོང་བྱས་ནས་ལོ་ངོ50འཁོར་བ་དང་མཚོ་བོད་ལྕགས་ལམ་ཡོངས་སུ་ཤར་གཏོང་བྱས་ནས་ལོ་ངོ20འཁོར་བའི་ལོ་ཡང་ཡིན། ཚང་མ་ལམ་ཐག་རིང་པོ་ནས་ཕེབས་ཏེ་འཛམ་གླིང་ལྕགས་ལམ་འཛུགས་སྐྲུན་ལོ་རྒྱུས་སྟེང་གི་ངོ་མཚར་ཆེ་བའི་མཚོ་བོད་ལྕགས་ལམ་ལ་བདེན་དཔང་དང་། སྐྱེ་ཁམས་སྲུང་སྐྱོང་གི་ལམ་བུ་དང་། འཕེལ་རྒྱས་ཕྱུག་འགྱུར་གྱི་ལམ་བུ། མི་རིགས་མཐུན་སྒྲིལ་གྱི་ལམ་བུ། རླབས་ཆེན་སྙིང་སྟོབས་ཀྱི་ལམ་བུ་བཅས་ལ་དངོས་སུ་མྱོང་ཚོར་བྱས་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་བར་གྱི་ཕན་ཚུན་ཤེས་རྟོགས་དང་མཛའ་མཐུན་འགྲོ་འོང་སྔར་ལས་ཇེ་ཟབ་ཏུ་ཕྱིན་ཡོད། ང་ཚོས་ཀྲུའུ་ཞི་ཞི་ཅིན་ཕིང་གིས2026ལོའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མི་གཞུང་བརྗེ་རེས་ལོའི་འགོ་ཚུགས་མཛད་སྒོར་སྤྲིངས་པའི་རྟེན་འབྲེལ་འཕྲིན་ཡིག་གི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས། ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁག་དང་མཉམ་དུ་ལྕགས་ལམ་འཛུགས་སྐྲུན་དང་ཉམས་གསོ། གཉེར་སྐྱོང་སོགས་ཐད་ཀྱི་ཉམས་མྱོང་བརྗེ་རེས་བྱ་རྒྱུ་མ་ཟད། སྐྱེ་ཁམས་སྲུང་སྐྱོང་དང་ཐུན་མོང་ཕྱུག་འགྱུར། མི་རིགས་མཐུན་སྒྲིལ་སོགས་ཀྱི་ཐད་བརྗེ་རེས་རྒྱ་ཁྱབ་བྱས་ཏེ། དུས་རབས་གསར་པའི་ཕྱོགས་ཀུན་གྱི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་སྐལ་གཅིག་མཐུན་ཚོགས་པ་མཉམ་དུ་འཛུགས་སྐྲུན་བྱེད་པར་མཚོ་སྔོན་གྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན།
ནེ་ཀྲེ་རི་ཡ་སྤྱི་མཐུན་རྒྱལ་ཁབ་ཀྱི་འགྲིམ་འགྲུལ་པུའུ་ལྕགས་ལམ་སྐྱེལ་འདྲེན་ཞབས་ཞུ་ཅུས་ཡི་སྤྱི་ཁྱབ་བཟོ་བཀོད་པ་ཁཱ་ཡོ་ཏི་ཡིས་བསྟན་དོན། མཚོ་བོད་ལྕགས་ལམ་འཛུགས་སྐྲུན་གྱི་གྲུབ་འབྲས་དང་དོ་དམ་ཉམས་མྱོང་གིས་ང་ཚོར་རྩ་ཆེའི་དཔྱད་གཞི་མཁོ་འདོན་བྱས་ཡོད། མཚོ་སྔོན་དང་མཉམ་ལས་སྔར་ལས་གཏིང་ཟབ་བྱས་ཏེ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཛའ་བརྩེ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་རྒྱུར་རེ་སྒུག་བྱེད་བཞིན་ཡོད།
མཇལ་འཕྲད་ཀྱི་སྔོན་དུ། ཝུའུ་ཞའོ་ཅུན་གྱིས་རྒྱལ་ཡོངས་ཕྱི་ཕྱོགས་མཛའ་མཐུན་མཐུན་ཚོགས་ཀྱི་ཚོགས་གཙོ་དབྱང་ཝན་མིང་དང་བཅས་པར་བཞུགས་མོལ་བྱས།
ཞིང་ཆེན་གྱི་འགོ་ཁྲིད་ཝང་ཏཱ་ནན་དང་ཝང་ཧའེ་ཧུང་མཇལ་འཕྲད་ལ་ཞུགས།