ཟླ6ཚེས23ཉིན། མཚོ་སྔོན་ཞིང་ཆེན་ཞིང་ལས་ཞིང་གྲོང་ཐིང་དང་། ཤིན་ཧྭ་གསར་འགྱུར་ཁང་མཚོ་སྔོན་ཡན་ལག་ཁང་། ཀྲུང་གོའི་དཔལ་འབྱོར་ཆ་འཕྲིན་ཁང་ཚད་ཡོད་ཀུང་སི་བཅས་ཀྱིས་མཉམ་དུ“ཤིན་ཧྭ·མཚོ་སྔོན་ནོར་ནག་རིན་གོང་གི་སྟོན་གྲངས”དང“ཤིན་ཧྭ·མཚོ་སྔོན་བོད་ལུག་གི་རིན་གོང་སྟོན་གྲངས”ཁྱབ་སྒྲོག་བྱས། གསར་འགོད་པས་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུའི་སྟེང་དུ། སྟོན་གྲངས་ཆེན་པོ་འདི་གཉིས་ནི2024ལོའི་ཟླ2ཚེས27ཉིན་མོ་རྩིས་གཞི་བྱས་ཏེ། གནས་གཞི1000ཡི་ནོར་ལུག་གསོན་པོ་དང་བེམ་པོ་བཅས་རིགས་གཉིས་གཙོར་བཟུང་ནས་རྟོག་ཞིབ་ཚད་ལེན་བྱས། ད་ལྟ་སྟོན་གྲངས་འཁོར་སྐྱོད་ཀྱི་མཇུག་འབྲས་གསར་པར་མངོན་པ་ལྟར་ན། 2024ལོ་ནས2026ལོའི་བར་དུ། མཚོ་སྔོན་ནོར་ལུག་གི་རིན་གོང་གི་འཕེལ་སྟངས་ཧ་ཅང་དོ་མཉམ་ཞིང་། སྤྱིའི་ཆ་ནས་རིན་གོང་ཡར་འཕར་ཡོད་པ་མ་ཟད། རེབ་ཐེངས་འདིར་སླར་གསོ་རང་བཞིན་གྱིས་འཕར་པའི་ལམ་དུ་བསྐྱོད་སྒང་ན་ཡོད་པ་རེད།
སྟོན་གྲངས་ཀྱི་འཕེལ་ཕྱོགས་ལས་ཐོན་ལས་བསྐྱར་དར་གྱི་བརྒྱུད་རིམ་གསལ་བོར་མངོན་ཐུབ། ནོར་ནག་གི་སྟོན་གྲངས2024ལོར་གནོན་ཤུགས་ཐེག་ཏེ་ཐབས་ལམ་འཚོལ་ཞིབ་དང་། 2025ལོར་གོག་མ་བགྲོད་ཀྱིས་ལ་ངོར་འཛེག་པ། 2026ལོར་ནུས་ཤུགས་བསགས་ཏེ་འགག་སྒོ་གཏོར་བ་བཅས་སྔ་གཞུག་ཏུ་དུས་རིམ་གསུམ་བརྒྱུད་ཡོད། ད་ལོའི་ཟླ6ཚེས15ཉིན། གསོན་ནོར་གྱི་སྟོན་གྲངས་དེ་གནས1255.30དང་། བེམ་རོའི་སྟོན་གྲངས་དེ་གནས1128.67བླངས་པ་དང། ལུག་གི་སྟོན་གྲངས་ཕལ་ཆེར་དེ་དང་འདྲ་སྟེ། ད་ལོའི་དུས་ཚིགས་དང་པོར་དུས་རིམ་རང་བཞིན་གྱིས་མཐོ་ཤོས་སུ་ཆགས་ལ། གསོན་ལུག་གི་སྟོན་གྲངས་གནས1264.93བླངས་པ་དང་། འཕར་ཚད26.49%རེད།