ཟི་ལིང་གྲོང་ཁྱེར་གྱི་མཁར་ཁུལ་གཙོ་བོའི་འོས་འགན་སློབ་གསོའི་སྤུས་ལེགས་དོ་མཉམ་འཕེལ་རྒྱས་བྱ་བའི་སྐུལ་སློང་བཀོད་སྒྲིག་གྲོས་ཚོགས་བསྡུས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ6པའི་ཚེས23ཉིན་གྱི་ཕྱི་དྲོར། ཟི་ལིང་གྲོང་ཁྱེར་གྱི་མཁར་ཁུལ་གཙོ་བོའི་འོས་འགན་སློབ་གསོའི་སྤུས་ལེགས་དོ་མཉམ་འཕེལ་རྒྱས་བྱ་བའི་སྐུལ་སློང་བཀོད་སྒྲིག་གྲོས་ཚོགས་ཟི་ལིང་དུ་བསྡུས།   གྲོས་ཚོགས་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སློབ་གསོའི་སྐོར་གྱི་རྒྱས་བཤད་གལ་ཆེན་དང་མཚོ་སྔོན་བྱ་བའི་ཐད་ཀྱི་བླང་བྱ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་།   ཞིང་ཆེན་ཏང་ཨུའི་མཐིལ་རྟོགས་རྣམ་པའི་རྟོག་ཞིབ་བྱ་བའི་བཀོད་སྒྲིག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་པར་མ་ཟད།   མིག་སྔའི་གནས་བབ་ལ་དབྱེ་ཞིབ་དང་མཁྲེགས་གཏོར་བྱེད་ཐབས་གཏན་འཁེལ་གསལ་བོ་བྱས་ཏེ་དུས་རིམ་རྗེས་མའི་བྱ་བར་བཀོད་སྒྲིག་བྱས།   ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ།   ཞིང་ཆེན་ཏང་ཨུའི་སློབ་གསོ་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ལིའུ་ཆི་ཧྥན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།   ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། ཟི་ལིང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཝང་ཝེ་ཏུང་གིས་བྱ་བར་བཀོད་སྒྲིག་བྱས།

གྲོས་ཚོགས་ལས་བསྟན་དོན།   སློབ་གསོ་ནི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་གཞི་རྩ་ཡིན།   ཟི་ལིང་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ཡིན་པའི་ཆ་ནས།    ཞིང་ཆེན་ཡོངས་ཀྱི་སྤུས་ལེགས་སློབ་གསོའི་ཐོན་ཁུངས་གཅིག་བསྡུས་ཀྱི་མཐོ་ས་ཡིན།  འོས་འགན་སློབ་གསོའི་སྤུས་ལེགས་དོ་མཉམ་འཕེལ་རྒྱས་དེ་ཁྱིམ་ཚང་ཁྲི་སྟོང་མང་པོའི་ཁེ་ཕན་གཙོ་བོ་དང་འབྲེལ་བ་ཡོད་པ་དང་།   གཞོན་ནུ་ལོ་ཆུང་རྣམས་བདེ་ཐང་ངང་འཚར་ལོངས་འབྱུང་བར་འབྲེལ་བ་ཡོད་ལ།   དམངས་འཚོའི་བདེ་སྐྱིད་དང་གྲོང་ཁྱེར་གྱི་ཡུན་རིང་གི་འགྲན་རྩོད་ནུས་ཤུགས་དང་འབྲེལ་བ་ཡོད་པས།   འོས་འགན་སློབ་གསོའི་སྤུས་ལེགས་དོ་མཉམ་འཕེལ་རྒྱས་ལ་ཚོད་འཛིན་ཐེབས་པའི་འགག་གནད་དང་དཀའ་གནད་གཅིག་བསྡུས་བྱེད་པ་དང་།   རང་རྟོགས་སྒོས་མང་ཚོགས་ཀྱི་རེ་སྒུག་ལ་ཨ་ལན་བྱིན་ནས་ཞིང་ཆེན་ཏང་ཨུའི་མཐིལ་རྟོགས་རྣམ་པའི་རྟོག་ཞིབ་གྲུབ་འབྲས་བེད་སྤྱོད་ལེགས་པོ་དང་ཚུལ་སྒྱུར་ལེགས་པོ་བྱེད་དགོས།   སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་།   བློ་རྩེ་གཅིག་སྒྲིམ་དང་སྙིང་རུས་གཏན་འཁྱོངས་ཀྱི་ངེས་ཤུགས་བསྐྱེད་དེ་འོས་འགན་སློབ་གསོའི་སྤུས་ལེགས་དོ་མཉམ་འཕེལ་རྒྱས་ཀྱི་དམངས་འཚོའི་དོན་ཆེན་ལེགས་པོར་བསྒྲུབ་དགོས།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན།   མི་ལ་མ་དངུལ་གཏོང་རྒྱུ་དེ་སྲིད་སྐྱོང་ཆོས་ཉིད་ཀྱི་སྲིད་འབྲས་སུ་བརྩིས་ནས་འོས་འགན་སློབ་གསོའི་སྤུས་ལེགས་དོ་མཉམ་འཕེལ་རྒྱས་ཀྱི་ཞན་ཆ་གཅིག་སྡུད་བྱས་ཏེ་སྲིད་ཇུས་ཀྱི་འདོན་སྤྲོད་དང་ཐོན་ཁུངས་འགན་སྲུང་ལ་ཤུགས་སྣོན་དགོས། སློབ་གསོ་འཕེལ་རྒྱས་གཏོང་རྒྱུ་དེ་གྲོང་ཁྱེར་གྱི་མ་འོངས་པ་བཏོད་པའི་བྱེད་ཐབས་ལེགས་པོར་བརྩི་བ་དང་།   སློབ་གསོའི་ཐོན་ཁུངས་དོ་མཉམ་སྒོས་བཀོད་སྒྲིག་བྱེད་པ་བརྒྱུད་དེ་གྲོང་ཁྱེར་གྱི་བར་སྟོང་བཀོད་སྒྲིག་ལེགས་སྒྱུར་བྱེད་པ།    སྤུས་ཚད་མཐོ་བའི་འོས་འགན་སློབ་གསོར་བརྟེན་ནས་མི་རྣམས་ཀྱི་ནུས་པ་ཇེ་ཆེར་གཏོང་བ།   སློབ་གསོ་ལེགས་པོར་བརྟེན་ནས་གྲོང་ཁྱེར་གྱི་ཡུག་ཁུལ་དཔལ་འབྱོར་ལ་གསོན་ཤུགས་སྩོལ་བ་བཅས་བྱས་ནས་གྲོང་ཁྱེར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་འདེགས་བྱེད་དགོས།   བཅོས་སྒྱུར་གཏིང་ཟབ་བྱེད་རྒྱུ་དེ་འོས་འགན་སློབ་གསོའི་སྤུས་ལེགས་དོ་མཉམ་འཕེལ་རྒྱས་ཀྱི་གནད་འགག་གི་བྱེད་ཐབས་སུ་བརྩིས་ནས་ཕྱི་ནས་སློབ་གྲྭ་གྲགས་ཅན་ནང་འདྲེན་དང་ནང་ནས་སློབ་གྲྭ་སྟོབས་ཆེར་མཉམ་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་།   སློབ་གྲྭ་བར་གྱི་དགེ་རྒན་དང་སློབ་ཚན། དོ་དམ་སོགས་བདག་རྐྱེན་འཁོར་རྒྱུག་གེགས་མེད་ཡོང་བར་བྱེད་པ།   མགྱོགས་མྱུར་སྒོས་མི་ཐབས་རིག་ནུས་ལ་བརྟེན་ནས་སློབ་གསོ་སློབ་ཁྲིད་ལ་བྱེད་ནུས་སྩོལ་བ།   སྟོབས་ཤུགས་གཅིག་བསྡུས་སྒོས་སློབ་གཙོ་སོགས་དཔུང་སྡེ་གཙོ་བོ་བཞི་ལེགས་པོར་འཛུགས་པ།   ཁྱིམ་ཚང་དང་སློབ་གྲྭ།   སྤྱི་ཚོགས་བཅས་ཀྱིས་ཐུན་མོང་མི་སྐྱོང་རྣམ་པ་གསར་གཏོད་བྱེད་པ།   སློབ་ཁྲིད་རྗེས་ཀྱི་ཞབས་ཞུའི་ཐོན་ཁུངས་གཅིག་འདོམས་ལེགས་སྒྲིག་བཅས་བྱས་ཏེ་གྲོང་ཁྱེར་ཡོངས་ཀྱི་འོས་འགན་སློབ་གསོ་དེ་གཞི་རྩའི་ཆ་ནས་དོ་མཉམ་ཡིན་པ་ནས་སྤུས་ལེགས་དོ་མཉམ་གྱི་ཕྱོགས་སུ་མཆོང་སྐྱོད་བྱེད་པར་སྐུལ་འདེད་གཏོང་དགོས།

གྲོས་ཚོགས་ལས་འགོ་ཁྲིད་ཀྱི་སློབ་གྲྭའི་འབྲེལ་འདྲིས་རྐྱེན་སྲོལ་དང་གྲོང་ཁྱེར་རིམ་པའི་ཐོན་ཁུངས་གཅིག་འདོམས།   སྡེ་ཚོགས་ཅན་གྱི་སློབ་སྒྲུབ།   ས་ཁོངས་ཡོངས་ཀྱི་མི་སྐྱོང་ཐུན་མོང་ཚོགས་པ།   “1+10”ཡི་བྱ་བའི་བྱེད་ཐབས་ལག་བསྟར་དོན་འཁྱོལ་བྱེད་རྒྱུ་དམ་འཛིན་བྱས་ཏེ། རྒྱུན་མཐུད་འབད་འཐབ་ཀྱིས་བྱ་བའི་མཉེན་གཤིས་ལ་བརྟེན་ནས་སློབ་གསོའི་དངོས་འབྲས་མངོན་པར་བྱེད་དགོས།  བསམ་བློའི་ངོས་འཛིན་དང་བྱ་བའི་ཤུགས་ཚད།  ནུས་པ་དང་ཆུ་ཚད་ཇེ་མཐོར་གཏོང་བ།   བཅོས་སྒྱུར་གསར་སྐྲུན།   ཆབ་སྲིད་འགན་སྲུང་བཅས་ཀྱི་ཐད་ཤུགས་བསྣན་ནས་སྒྲིག་སྲོལ་རྐྱེན་སྲོལ་ལེགས་སྒྱུར་བྱེད་པ་དང་བྱ་བའི་མ་ལག་འཐུས་ཚང་དུ་བཏང་ནས་ཟི་ལིང་གྲོང་ཁྱེར་གྱི་འོས་འགན་སློབ་གསོའི་སྤུས་ལེགས་དོ་མཉམ་འཕེལ་རྒྱས་ཐད་ཀྱི་ལས་འགན་སྣ་ཚོགས་དོན་འཁྱོལ་བྱས་ཏེ་ཕན་འབྲས་ལོན་དགོས་པའི་བླང་བྱ་བཏོན།

གྲོས་ཚོགས་ལས་ཟི་ལིང་གྲོང་ཁྱེར་དུས་རབས་སློབ་གྲྭའི་མཚན་འཛིན་སློབ་གཙོ་ཁྲུན་ཅ་ཚང་སོགས་འཐུས་མི་ལྔ་ཡིས་བསམ་བློ་བརྗེ་རེས་ཀྱི་གཏམ་བཤད།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།