ཞིང་ཆེན་ཐད་གཏོགས་ལྟེ་གནས་ཀྱིས2006ལོའི་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་སྐྱེད་ཀ་རྩིས་རྒྱག་བྱེད་རིང་ལ་ལས་སྒོ་ཁག་ཅིག་གནས་སྐབས་སུ་གཉེར་མཚམས་འཇོག་རྒྱུའི་སྐོར་གྱི་བརྡ་ཐོ།
སྤྱི་གསོག་མ་དངུལ་འཇལ་མཁན་ལས་ཁུངས་དང་ལས་བཟོ་པ་རྣམས་ལ།
2026ལོའི་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་སྐྱེད་ཀ་རྩིས་རྒྱག་གི་དགོས་མཁོའི་དབང་གིས་ངེད་ལྟེ་གནས་ཀྱིས་སྐྱེད་ཀ་རྩིས་རྒྱག་པའི་རིང་ལ་ལས་སྒོ་ཁག་ཅིག་གནས་སྐབས་གཉེར་མཚམས་འཇོག་རྒྱུ་ཡིན་པས་ད་ལྟ་འབྲེལ་ཡོད་དོན་ཚན་བརྡ་ཐོ་གཏོང་རྒྱུ་གཤམ་གསལ།
གཅིག ཟླ6པའི་ཚེས24ཉིན་གྱི་ཆུ་ཚོད0:00ནས་ཟླ7པའི་ཚེས1ཉིན་གྱི་ཆུ་ཚོད8:30བར་སྡོད་ཁང་སྤྱི་གསོག་མ་དངུལ་ཡུལ་གཞན་དུ་སྤོ་སྒྱུར་འབྲེལ་མཐུད་ཀྱི་ལས་སྒོ་གཉེར་མཚམས་འཇོག་རྒྱུ།
གཉིས། ཟླ6པའི་ཚེས26ཉིན་གྱི་ཆུ་ཚོད18:00ནས་ཟླ7པའི་ཚེས1ཉིན་གྱི་ཆུ་ཚོད8:30བར་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་དྲ་ཐོག་ལས་སྒོའི་ཚོམས་ཆེན་དང་། “མཚོ་སྔོན་གྱི་སྡོད་ཁང་སྤྱི་གསོག་མ་དངུལ12329”ཡི་སྐད་འཕྲིན་སྤྱི་རྟགས། “མཚོ་སྔོན་གྱི་སྤྱི་གསོག་མ་དངུལ”དངུལ་སྤྲོད་འབོ་ཡི་མ་ལག་ཆུང་བ་དང་དེ་བཞིན་མངགས་བཅོལ་དང་ལེན་བྱས་པའི་དངུལ་ཁང་ཁག་གི་ལས་སྒོ་བཅས་གཉེར་མཚམས་འཇོག་རྒྱུ།
གསུམ། ཟླ7པའི་ཚེས1ཉིན་གྱི་ཆུ་ཚོད8:30ཡི་ཐོག་བསྡུ་ལེན་གྱི་ལས་སྒོ་ཁག་རྒྱུན་གཏན་ལྟར་གཉེར་རྒྱུ་རེད། སྤྱི་གསོག་མ་དངུལ་སྤྲོད་མཁན་ལས་ཁུངས་སོ་སོ་དང་ལས་བཟོ་བ་རྣམས་ཀྱིས་སྡོད་ཁང་སྤྱི་གསོག་མ་དངུལ་འཇལ་སྤྲོད་དང་ལས་སྒོ་གཉེར་བའི་དུས་ཚོད་བཀོད་སྒྲིག་ལུགས་མཐུན་བྱེད་རོགས། དེ་ལས་ཁྱེད་ལ་སྟབས་མི་བདེ་བ་བཟོས་པར་དགོངས་དག་ཞུ།