ཟླ6པའི་ཚེས18ཉིན། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭས་གཙོ་སྒྲུབ་དང་མཚོ་སྔོན་ལས་བྱེད་པའི་དྲ་རྒྱའི་སློབ་གླིང་གིས་འགན་སྒྲུབ་བྱས་པའི2026ལོའི “ཁུ་ནུ་འཆད་ཁྲིད་ཆེན་མོ”སྐབས་བཞི་པ་དྲ་ལམ་ནས་སྤེལ་འགོ་བརྩམས། རྒྱལ་ཁབ་བདེ་འཇགས་འཐབ་ཇུས་གནད་དོན་གྱི་ཆེད་མཁས་པ་གྲགས་ཅན་ཅིན་དབྱི་ནན་གྱིས《འཕོ་འགྱུར་ཆེན་པོའི་དུས་རབས་ཀྱི་རྒྱལ་ཁབ་བདེ་འཇགས་ཀྱི་འཐབ་ཇུས་བསམ་གཞིགས》ཞེས་པ་ཁ་བྱང་དུ་བཟུང་ནས་ཆེད་དོན་འཆད་ཁྲིད་བྱས།
ཅིན་དབྱི་ནན་གྱིས་མིག་སྔའི་རྒྱལ་ཁབ་ཕྱི་ནང་གི་གནས་བབ་དང་ཟུང་འབྲེལ་བྱས་ཏེ། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་དང་དུས་རབས་གསར་པའི་རྒྱལ་ཁབ་བདེ་འཇགས་ཀྱི་རྨང་གཞི་བརྟན་པོ་འདིང་བ་སོགས་ཀྱི་ཐད་ནས་བརྒྱུད་རིམ་ལྡན་པའི་ངང་གསལ་འགྲེལ་བྱས། དུས་མཚུངས་སུ། རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོང་བྱེད་པའི་རྩ་བ་ནི་རྒྱལ་ཁབ་ཀྱི་ཕྱོགས་བསྡུས་སྟོབས་ཤུགས་ཆེ་རུ་གཏོང་བ་དང་། དཔལ་འབྱོར་དང་ཐོན་ལས། ཚན་རྩལ། རྒྱལ་སྲུང་སོགས་ཀྱི་ཕྱོགས་བསྡུས་སྟོབས་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་བ། ཐོན་ཁུངས་དང་ནུས་ཁུངས། ལྟེ་བའི་ལག་རྩལ། ཐོན་ལས་མུ་ཕྲེང་དང་མཁོ་སྤྲོད་མུ་ཕྲེང་བཅས་ཀྱི་བདེ་འཇགས་འགག་སྒོ་ནན་སྲུང་བྱེད་པ་བཅས་ལ་ཐུག་ཡོད་ཅིང་། ཚན་རྩལ་ལ་དམིགས་ནས་རང་སྟོབས་རང་སྤེལ་བྱེད་པ་དང་། རྨང་གཞིའི་ཚན་རིག་ཞིབ་འཇུག་དང་འཇོན་མི་ཟབ་ཞུགས་བྱེད་ཚད་ཆེ་རུ་གཏོང་བ། སྲོག་ཤིང་དང་འགག་རྩའི་ལག་རྩལ་མཁྲེགས་གཏོར་བྱེད་པ། རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་སྐྱོང་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ། ཕྱོགས་ཡོངས་ནས་རྒྱལ་ཁབ་བདེ་འཇགས་ཀྱི་ལྕགས་རི་ཇེ་བརྟན་དུ་གཏོང་བ་སོགས་ཀྱི་གཞུང་ལུགས་དང་ལྟ་ཚུལ་བཤད། རང་རེའི་ཞིང་ཆེན་གྱི་སྦྱོང་བརྡར་ནང་ཞུགས་མཁན་སློབ་མ་ཚོས་བསྟན་དོན། འཆད་ཁྲིད་ནང་འཕོ་འགྱུར་ཆེན་པོ་བྱུང་བའི་རྒྱབ་ལྗོངས་འོག་གི་རྒྱལ་ཁབ་བདེ་འཇགས་ཀྱི་གནས་བབ་གསར་པ་དང་འགྲན་སློང་གསར་པར་དབྱེ་ཞིབ་གསལ་པོ་བྱས་ཡོད་པར་བརྟེན། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བར་ངོས་འཛིན་སྔར་ལས་གཏིང་ཟབ་བྱུང་ཡོད་ཅིང་། དེང་ཕྱིན་རང་འཁྲིའི་ལས་གནས་དངོས་ལ་རྐང་ཚུགས་པར་བྱས་ཏེ། དུས་དང་རྣམ་པ་ཀུན་ཏུ་བདེ་འཇགས་ཀྱི་རྒྱུད་དམ་པོར་གཏོང་བ་དང་བདེ་འཇགས་ཀྱི་འགན་འཁྲི་ཇེ་དམ་དུ་གཏོང་བ། དངོས་སྒྲུབ་དང་འགན་འཁྲི་འཁུར་བའི་བྱ་སྤྱོད་ལ་བརྟེན་ནས་ནུས་ཤུགས་ཡོད་རྒུས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་སྲུང་སྐྱོང་བྱས་ཏེ། དུས་རབས་གསར་པའི་རྒྱལ་ཁབ་ཀྱི་བདེ་འཇགས་ཇེ་བརྟན་དུ་གཏོང་བར་བྱས་རྗེས་འཇོག་རྒྱུ་ཡིན་ཟེར།
གྲོང་ཁྱེར་དང་ཁུལ་སོ་སོའི་ལས་ཁུངས་དང་ཞིང་ཆེན་ཐད་གཏོགས་ཀྱི་འབྲེལ་ཡོད་སྡེ་ཁག ཞིང་ཆེན་ཁོངས་གཏོགས་ཀྱི་མཐོ་རིམ་སློབ་གྲྭ་དང་ཞིང་ཆེན་གྱིས་དོ་དམ་བྱེད་པའི་ཁེ་ལས་བཅས་ཀྱི་ལས་བྱེད་པ་ཁྱོན་བསྡོམས2260ཡིས་ཐེངས་འདིའི་འཆད་ཁྲིད་ལ་ཉན།