
ཟླ6པའི་ཚེས23ཉིན་གྱི་སྔ་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་གསུམ་པས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་བསྡུས། ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་འགོ་འཛིན་མཛད།
རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་གསུམ་པས་ཚེས་ཉེར་གསུམ་ཉིན་གྱི་སྔ་དྲོར་པེ་ཅིང་དུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་བསྡུས། ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་འགོ་འཛིན་མཛད།
གྲོས་ཚོགས་ལས་རྒྱལ་ཡོངས་དམངས་ཆེན་རྩ་ཁྲིམས་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གཞོན་པ་ལའོ་ཡོན་གྱིས་ཕུལ་བའི་ཚོང་རྟགས་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་བྱས་འབྲས་སྐོར་གྱི་སྙན་ཞུར་གསན།
རྩ་ཁྲིམས་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གཞོན་པ་ཀྲོའུ་ཀོང་ཆོན་གྱིས་ཕུལ་བའི་ཐོ་བཀོད་རྩིས་པའི་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་གྱི་གྲོས་ཞིབ་བྱས་འབྲས་སྐོར་གྱི་སྙན་ཞུ་དང་། ལྷོ་སྣེའི་བྱེད་སྒོ་དང་ཁོར་ཡུག་སྲུང་སྐྱོབ་བཅའ་ཁྲིམས་ཀྱི་འཆར་ཟིན་བཟོ་བཅོས་བྱས་ཚུལ་སྐོར་གྱི་སྙན་ཞུར་གསན།
རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གཞོན་པ་ཧོང་མུན་གྱིས་ཕུལ་བའི་སྤྱི་ཕན་གཏུག་བཤེར་བཅའ་ཁྲིམས་ཀྱི་འཆར་ཟིན་བཟོ་བཅོས་བྱས་ཚུལ་སྐོར་གྱི་སྙན་ཞུ་དང་། རྒྱལ་ཁབ་ཀྱི་མེ་ཟོན་རོགས་སྐྱོབ་མི་སྣའི་བཅའ་ཁྲིམས་འཆར་ཟིན་བཟོ་བཅོས་བྱས་ཚུལ་སྐོར་གྱི་སྙན་ཞུར་གསན།
རྒྱལ་ཡོངས་དམངས་ཆེན་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གིས་སྲིད་གཞུང་གི་ཉོ་སྒྲུབ་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་སྐོར་གྱི་གྲོས་གཞི་བཏོན་ལ། ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གཞོན་པ་ཧའོ་ཕིན་གྱིས་གསལ་བཤད་བྱས།
རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་འོས་བསྡུ་འོས་འཕེན་གྱི་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་སྐོར་གྱི་གྲོས་གཞི་བཏོན་ལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མངག་བཅོལ་ལྟར་རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ལི་ཁྲོན་ལིན་གྱིས་གསལ་བཤད་བྱས།
རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དངུལ་རྩའི་བཅའ་ཁྲིམས་ཀྱི་འཆར་ཟིན་དང་ཁྲིམས་རྩོད་པའི་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་སྐོར་གྱི་གྲོས་གཞི་གཉིས་བཏོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མངག་བཅོལ་ལྟར་ཁྲིམས་འཛིན་པུའུ་ཡི་པུའུ་ཀྲང་ཧི་རུང་གིས་སོ་སོར་གསལ་བཤད་བྱས།
རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཀྲུང་གོ་མི་དམངས་དངུལ་ཁང་གི་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་སྐོར་གྱི་གྲོས་གཞི་བཏོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མངག་བཅོལ་ལྟར་ཀྲུང་གོ་མི་དམངས་དངུལ་ཁང་གི་འགོ་གཙོ་ཕན་ཀུང་ཧྲིན་གྱིས་གསལ་བཤད་བྱས།
རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་ལ་ཧོང་ཀང་གྲུ་ཁའི་ཞང་ཀང་ཕྱོགས་ཀྱི་གྲུ་ཁའི་ས་ཁུལ་དང་དེ་མིན་འབྲེལ་ཡོད་བསྲིངས་ཁུལ་ལ་བདག་སྐྱོང་གི་དབང་བསྐུར་རྒྱུའི་སྐོར་གྱི་ཆོད་དོན་འཆར་ཟིན་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་གྲོས་གཞི་བཏོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མངག་བཅོལ་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཞང་ཀང་དང་ཨའོ་མོན་གཞུང་སྒྲུབ་ཁང་གི་རྒྱུན་ལྡན་བྱ་བའི་ལས་བགོས་འགན་གཉེར་ཀྲུའུ་རེན་གཞོན་པ་ཞུས་ཆི་ཧྥང་གིས་གསལ་བཤད་བྱས།
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མངག་བཅོལ་ལྟར་ནོར་སྲིད་པུའུ་ཡི་པུའུ་ཀྲང་ལན་ཧྥོ་ཨན་གྱིས2025ལོའི་ཀྲུང་དབྱང་ངེས་རྩིས་སྐོར་གྱི་སྙན་ཞུ་ཕུལ།
གྲོས་ཚོགས་ལས་རྒྱལ་ཡོངས་དམངས་ཆེན་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གཞོན་པ་ཞུས་ཧུང་ཚའེ་ཡིས་ཕུལ་བའི2025ལོའི་ཀྲུང་དབྱང་གི་ངེས་རྩིས་འཆར་ཟིན་ལ་ཞིབ་བཤེར་བྱས་འབྲས་སྐོར་གྱི་སྙན་ཞུར་ཉན།
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མངག་བཅོལ་ལྟར། རྩིས་བཤེར་ཧྲུའུ་ཡི་རྩིས་བཤེར་འགོ་གཙོ་ཧོའུ་ཁའེ་ཡིས2025ལོའི་ལོ་འཁོར་གྱི་ཀྲུང་དབྱང་གི་སྔོན་རྩིས་ལག་བསྟར་དང་ནོར་སྲིད་གཏོང་ཡོང་གཞན་དག་གི་རྩིས་བཤེར་བྱ་བའི་སྙན་ཞུ་ཕུལ་བ་དང་། ཧི་རུང་གིས་“ལོ་ལྔ་ཚན་བརྒྱད་པའི”ཁྲིམས་ལུགས་ཁྱབ་གདལ་གྲོས་ཆོད་ལག་བསྟར་བྱས་ཚུལ་སྐོར་གྱི་སྙན་ཞུ་ཕུལ། ལི་ཁྲོན་ལིན་གྱིས་རྒྱལ་ཡོངས་གཅིག་གྱུར་གྱི་ཚོང་ར་ཆེན་པོ་འཛུགས་སྐྲུན་བྱེད་པའི་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུ་ཕུལ།
གྲོས་ཚོགས་ལས་ཀོང་ཏུང་དང་ཞང་ཀང་ཨའོ་མོན་མཚོ་ཁུག་ཆེན་མོའི་ས་ཁུལ་གྱི་དབུས་རྒྱུད་གྲོང་ཁྱེར་དགུ་རུ་ཞང་ཀང་གི་བཅའ་ཁྲིམས་ལས་གཉེར་བ་དང་ཨའོ་མོན་གྱི་ལས་གཉེར་ཁྲིམས་རྩོད་པར་དབུས་རྒྱུད་ལས་གཉེར་ཐོབ་ཐང་ཐོབ་པ་དང་ཁྲིམས་རྩོད་པའི་ལས་རིགས་ཀྱི་ཚོད་ལྟའི་བྱ་བ་གཉེར་བའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྙན་ཞུར་གྲོས་ཞིབ་བྱས།
གྲོས་ཚོགས་ལས་ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་ཧ་སག་སི་ཐན་དང་ཨུ་རུ་སུར་འཚམས་འདྲི་གནང་བ་མ་ཟད། ཀྲུང་གོ་དང་ཨུ་རུ་སུའི་གྲོས་ཁང་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་གཅིག་པར་ཞུགས་ཚུལ་སྐོར་གྱི་ཡིག་ཐོག་སྙན་ཞུར་གྲོས་ཞིབ་བྱས།
གྲོས་ཚོགས་ལས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་དབྱང་ཞའོ་ཁྲའོ་ཡིས་ཕུལ་བའི་འཐུས་མི་རེ་ཟུང་གི་འཐུས་མིའི་ཐོབ་ཐང་སྐོར་གྱི་སྙན་ཞུར་ཉན།
གྲོས་ཚོགས་ལས་ད་དུང་འབྲེལ་ཡོད་བསྐོ་འཐེན་གྲོས་གཞིར་གྲོས་ཞིབ་བྱས།