ད་ལོའི་གཅིག་བསྡུས་དག་ཐེར་བཅོས་སྐྱོང་བྱ་བ་སྤེལ་བ་ནས་བཟུང་། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་གིས་འཐུང་ཆུ་དང་དྲོད་འདོན། གླ་ཕོགས་སྟེར་བ་སོགས་དམངས་འཚོའི་དཀའ་གནད་ལ་དམིགས་ནས་གནད་འཁེལ་ཇུས་བསྟར་བྱས་པ་དང་། ཟླ6པའི་ཚེས6ཉིན་བར་དུ། དམངས་འཚོའི་དོན་དངོས་སྣ་ཚོགས་སུམ་ཅུ་ལྷག་ཐག་གཅོད་བྱེད་པར་སྐུལ་འདེད་བཏང་སྟེ། གཞི་རིམ་གྱི་གནད་དོན་དག་ཐེར་བཅོས་སྐྱོང་ཐད་དུས་རིམ་རང་བཞིན་གྱི་ཕན་འབྲས་བླངས་ནས་མང་ཚོགས་ཀྱི་ཐོབ་སྣང་དང་བདེ་སྣང་རྒྱུན་མཐུད་ངང་ཇེ་མཐོར་བཏང་།
རྩེ་ཁོག་རྫོང་གིས་ཐེངས་འདིའི་ཆེད་དོན་དག་ཐེར་བཅོས་སྐྱོང་དེ་མིག་སྔའི་ལས་འགན་གལ་ཆེན་དུ་བརྩིས་ནས། རྫོང་ཡོངས་ཀྱི་ཁའོ་རིམ་པ་གཞོན་པ་ཡན་གྱི་ལས་བྱེད་པ་ཉིས་བརྒྱ་གྱ་གསུམ་ཆེད་དོན་སྐུལ་སློང་བཀོད་སྒྲིག་ཚོགས་འདུར་ཞུགས་པ་དང་། རྫོང་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་ཀྱི་དག་ཐེར་བཅོས་སྐྱོང་ལས་གཞི་བཞི་དང་ཞིང་ཆེན་ཡོངས་ཀྱི“3+2 ”ཀྱི་བྱ་བའི་གསལ་ཐོ་གཙོ་བོར་འགྲེལ་བཤད་བྱས་ཤིང་། ཞིང་ཕྱུགས་དང་སློབ་གསོ། འཕྲོད་བསྟེན་བདེ་ཐང་། སྡོད་ཁང་འཛུགས་སྐྲུན་སོགས་འགན་ནུས་སྡེ་ཁག་བཅུ་དྲུག་དང་། ཞང་དང་གྲོང་རྡལ་དགུ་ལ་ལས་འགན་བཀོད་སྒྲིག་ནན་མོ་བྱས་པར་མ་ཟད། ལས་འགན་གྱི་ཚད་གཞི་དང་ཡོངས་འགྲུབ་ཀྱི་དུས་བཅད་གཏན་འཁེལ་བྱས་ཏེ་དག་ཐེར་བཅོས་སྐྱོང་བྱ་བའི་འགན་དབང་གསལ་བོ་ཡོང་བ་དང་དོན་འཁྱོལ་ལེགས་པོ་བྱེད་པར་འགན་ལེན་བྱས།
དག་ཐེར་བཅོས་སྐྱོང་གི་གོ་རིམ་ཧྲིལ་བོར་མང་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱས། རྩེ་ཁོག་རྫོང་གིས་ཁྱིམ་ཚང་ཉིས་ཁྲི་ཉིས་སྟོང་བརྒྱད་བརྒྱ་དོན་བདུན་ལ་གནད་དོན་ཁུངས་སྣེའི་དང་ལེན་གསལ་བསྒྲགས་བྱིན་ནས་དུས་དང་རྣམ་པ་ཀུན་ཏུ་རེ་ཞུ་ཕྱིར་ལྡོག་ཐབས་ལམ་གེགས་མེད་ཡོང་བར་བྱས། འགོ་ཁྲིད་ཀྱིས་གྱོད་གཞིའི་འགན་གཙང་ལེན་དང་གྱོད་གཞིར་དམིགས་ནས་མང་ཚོགས་ལ་འཚམས་འདྲི་བྱེད་པའི་རྐྱེན་སྲོལ་ལག་བསྟར་བྱས་པ་དང་། གླ་ཕོགས་ཆད་འགྱངས་དང་སྐྱེ་ཁམས་དུར་འཇུག་ཁ་གསབ་བྱ་དགའ་དུས་འགྱངས་བྱས་པ། སྡེ་ཁུལ་དྲོད་འདོན་ཚད་གཞིར་སླེབས་མེད་པ། འབྲོག་ཁུལ་གྱི་འཐུང་ཆུའི་ཆུ་གཤིས་ཚད་གཞིར་སླེབས་མེད་པ་སོགས་འབུར་ཐོན་གནད་དོན་གཙོར་བཟུང་ནས་མཁྲེགས་གཏོར་བྱས་ལ། སྡེ་ཁག་མང་པོས་མཉམ་འབྲེལ་སྒོས་ཁྲིམས་བསྟར་བྱས་ཏེ་གྱོད་དོན་དང་འབྲེལ་བ་ཡོད་པའི་ཁེ་ལས་དང་འགན་འཁྲིའི་ལས་ཁུངས་ཀྱིས་དུས་བཅད་ལྟར་དག་ཐེར་ལེགས་བཅོས་བྱེད་པར་སྐུལ་འདེད་བཏང་།