ཟླ6པའི་ཚེས22ཉིན། མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་ནས་འབྱོར་བའི་གནས་ཚུལ་ལྟར་ན། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས《བདེ་ཐང་སློབ་གསོ་ནུས་པ་དང་བདེ་ཐང་བྱང་ཚད་མཐོར་འདེགས་གཏོང་བའི་འགུལ་སྐྱོད་འཆར་གཞི(2026-2030ལོ)》(གཤམ་ནས་བསྡུས་ཏེ《འགུལ་སྐྱོད་འཆར་གཞི》བཏགས་ཡོད)དཔར་ནས་བཀྲམ་པ་དང་། ཞིང་ཆེན་ཡོངས་ཀྱི་བདེ་ཐང་སློབ་གསོ་དང་བདེ་ཐང་བྱང་ཚད་མཐོར་འདེགས་གཏོང་བའི་བྱ་བ་སོ་སོ་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་ཏེ། དམིགས་འབེན་གཙོ་བོ་དང་། གཙོ་གནད་འོས་འགན། བྱ་བའི་བླང་བྱ་བཅས་གཏན་འཁེལ་གསལ་བོ་བྱས་ཤིང་། 2030ལོར་སླེབས་དུས། ཞིང་ཆེན་ཡོངས་ཀྱི་སྡོད་དམངས་ཀྱི་བདེ་ཐང་བྱང་ཚད་ཆུ་ཚད་མཐོར་འདེགས་བྱས་ཏེ 35%ཡན་དུ་སླེབས་སུ་འཇུག་རྒྱུ་རེད།
《འགུལ་སྐྱོད་འཆར་གཞི》ཡིས་གཙོ་གནད་འགུལ་སྐྱོད་དོན་ཚན་བཅུ་དང་། བྱེ་བྲག་གི་བྱེད་ཐབས་རིགས་ཉེར་བརྒྱད་བཏོན་ཡོད་ལ། དེ་རུ་བདེ་ཐང་ཚན་རིག་ཁྱབ་གདལ་བརྩམས་ཆོས་མཐོར་འདེགས་ཤོང་ཆེར་གཏོང་བའི་འགུལ་སྐྱོད་དང་། སྣ་འཛོམས་ཕུལ་བྱུང་གི་བདེ་ཐང་ཚན་རིག་ཁྱབ་གདལ་བརྩམས་ཆོས་མཁོ་སྤྲོད་བྱེད་པ། ཁྱད་ལྡན་ཚན་རིག་ཁྱབ་གདལ་སྤུས་རྟགས་གསར་སྐྲུན་བྱེད་པ་བཅས་འདུས་ཡོད། བདེ་ཐང་ཚན་རིག་ཁྱབ་གདལ་གྱི་ཁྱབ་སྒྲོག་ཕྱོགས་སྒྲིག་ཕུན་སུམ་ཇེ་ཚོགས་སུ་གཏོང་བའི་འགུལ་སྐྱོད་སྤེལ་ནས། བདེ་ཐང་ཚན་རིག་ཁྱབ་གདལ་གྱི་ཕྱོགས་སྒྲིག་འཛུགས་པ་དང་། སྨྱན་སྦྱོར་གསར་བའི་ཁྱབ་སྒྲོག་སྟོབས་ཤུགས་ཤུགས་ཆེར་གཏོང་རྒྱུ་རེད། སྨན་བཅོས་ལས་ཁུངས་ཀྱི་བདེ་ཐང་སློབ་གསོ་གཡུལ་ས་གཙོ་བོ་འཛུགས་སྐྲུན་བྱེད་པའི་འགུལ་སྐྱོད་སྤེལ་ནས། སྨན་བཅོས་ལས་ཁུངས་ཀྱི་བདེ་ཐང་ཚན་རིག་ཁྱབ་གདལ་འགན་ནུས་ཇེ་ལེགས་སུ་བཏང་སྟེ། བདེ་ཐང་ཚན་རིག་ཁྱབ་གདལ་བྱེད་མཁན་སྐྱེད་སྲིང་བྱ་རྒྱུ་རེད། བདེ་ཐང་སློབ་གསོའི་འཇོན་མི་རུ་ཁག་ལེགས་སྐྱོང་གི་འགུལ་སྐྱོད་སྤེལ་ནས། བདེ་ཐང་ཚན་རིག་ཁྱབ་གདལ་གྱི་ཆེད་མཁས་རུ་ཁག་ཧྲག་འཛུགས་བྱེད་པ་དང་། ཞིང་ཆེན་རིམ་པའི་བདེ་ཐང་སློབ་གསོ་ཆེད་ལས་ལས་ཁུངས་ཀྱི་ནུས་པ་མཐོར་འདེགས་གཏོང་རྒྱུ་རེད། བདེ་ཐང་ཚན་རིག་ཁྱབ་གདལ་གྱི་གནད་འཁེལ་སྐུལ་འདེད་འགུལ་སྐྱོད་སྤེལ་ནས། མི་ཚོགས་རིམ་པ་མི་འདྲ་བར་དམིགས་ནས་ཕྲེང་བསྟར་གྱི་ཚན་རིག་ཁྱབ་གདལ་སྤེལ་རྒྱུ་རེད། གཞི་རིམ་བདེ་ཐང་ཚན་རིག་ཁྱབ་གདལ་རྒྱ་ཆེར་གཏོང་བའི་འགུལ་སྐྱོད་སྤེལ་ནས། རང་འགུལ་གྱིས་གཞི་རིམ་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱི་དགོས་མཁོར་ཞབས་ཞུ་སྒྲུབ་སྟེ། ཁྱིམ་ཚང་སྨན་པའི་གན་རྒྱ་འཇོག་པའི་ཞབས་ཞུའི་ནང་སྙིང་ཟབ་སྒྱུར་བྱ་རྒྱུ་རེད། བདེ་ཐང་ཚན་རིག་ཁྱབ་གདལ་གྲངས་འཛིན་ཅན་གྱི་ནུས་སྩོལ་འགུལ་སྐྱོད་སྤེལ་ནས། གྲངས་ཀའི་ཚན་རིག་ཁྱབ་གདལ་གྱི་ཕྱོགས་བསྡུས་ལས་སྟེགས་འཐུས་ཚང་དུ་བཏང་སྟེ། གྲངས་ཀའི་ཚན་རིག་ཁྱབ་གདལ་གཞི་རིམ་དུ་ཁྱབ་པར་སྐུལ་འདེད་གཏོང་རྒྱུ་རེད། བདེ་ཐང་བྱང་ཚད་ཞིབ་བཤེར་ཚད་ལེན་བྱེད་པའི་འགུལ་སྐྱོད་སྤེལ་ནས། སྡོད་དམངས་བདེ་ཐང་བྱང་ཚད་ལ་ཞིབ་བཤེར་ཚད་ལེན་བྱེད་པའི་དྲ་རྒྱའི་འཐུས་སྒོ་ཇེ་ཚང་དུ་བཏང་ནས། ཞིབ་བཤེར་ཚད་ལེན་གྱི་སྤུས་ཚད་དང་ཕན་འབྲས་མཐོར་འདེགས་གཏོང་རྒྱུ་རེད། བདེ་ཐང་ཚན་རིག་ཁྱབ་གདལ་གྱི་མཐུན་སྦྱོར་མཉམ་སྐྲུན་གྱི་འགུལ་སྐྱོད་སྤེལ་ནས། ཕྱོགས་མང་མཉམ་འགུལ་གྱི་རྐྱེན་སྲོལ་དོན་འཁྱོལ་བྱས་ཏེ། ཚན་རིག་ཁྱབ་གདལ་ཐོན་ཁུངས་མཉམ་རོགས་མཉམ་སྤྱོད་བྱ་རྒྱུ་རེད། བདེ་ཐང་ཚན་རིག་ཁྱབ་གདལ་གྱི་སྤུས་ཚད་དང་ཡིད་རྟོན་འཛུགས་སྐྲུན་བྱེད་པའི་འགུལ་སྐྱོད་སྤེལ་ནས། ཚན་རིག་ཁྱབ་གདལ་གྱི་སྤུས་ཚད་ཞིབ་བཤེར་དང་། བདེ་ཐང་ཚན་རིག་ཁྱབ་གདལ་གྱི་ཁོར་ཡུག་ལེགས་པོ་བསྐྲུན་པར་ཤུགས་སྣོན་བྱ་རྒྱུ་རེད།
《འགུལ་སྐྱོད་འཆར་གཞི》ལས་གསལ་བོར་བསྟན་པ་ལྟར་ན། ས་གནས་སོ་སོ་དང་ལས་ཁུངས་སོ་སོས་བདེ་ཐང་སློབ་གསོ་དེ་ལོ་འཁོར་གྱི་བྱ་བའི་འཆར་གཞི་ནང་དུ་འཇོག་དགོས་ཤིང་། རང་ས་གནས་ཀྱི་དངོས་ཡོད་བྱ་བ་སྒྲུབ་སྟངས་གསར་གཏོད་བྱེད་པར་ཟུང་སྦྲེལ་བྱས་ཏེ། བདེ་ཐང་སློབ་གསོའི་དམིགས་གཏད་རང་བཞིན་དང་། ཕན་ནུས་རང་བཞིན་མཐོར་འདེགས་གཏོང་དགོས། དུས་མཉམ་དུ་དཔེ་མཚོན་ཉམས་མྱོང་དང་སྒྲུབ་ཐབས་བཟང་པོ་སྔོག་འདོན་བྱས་ནས། ཁྱབ་སྒྲོག་ཁྱབ་གདལ་ལ་ཤུགས་བསྣན་ནས། རྣམ་པ་བཟང་པོ་བསྐྲུན་དགོས།