ཡན་ཨན་ནི་ཀྲུང་གོའི་གསར་བརྗེའི་གནས་མཆོག་ཡིན། 1935ལོ་ནས1948ལོའི་བར། ཏང་ཀྲུང་དབྱང་གིས་གནས་འདི་རུ་འཇར་འགོག་དམག་འཁྲུག་དང་བཅིངས་འགྲོལ་དམག་འཁྲུག་གི་འགོ་ཁྲིད་དེ“ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་བརྟན་པོ་དང་། བསམ་བློ་བཅིངས་འགྲོལ་དང་དངོས་ཐོག་བདེན་འཚོལ་གྱི་བསམ་བློའི་ལམ་ཕྱོགས། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་ཡུལ། རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་བརྩོན་བྱེད་པའི་བྱ་གཞག་གསར་གཏོད་ཀྱི་སྙིང་སྟོབས”བཅས་ནང་དོན་གཙོ་བོར་བཟུང་ནས་ཡན་ཨན་གྱི་སྙིང་སྟོབས་གསོ་སྐྱོང་བྱས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། ཡན་ཨན་སྙིང་སྟོབས་ནི་ཏང་གི་བསམ་པའི་རྒྱགས་ཕྱེ་གལ་ཆེན་ཞིག་ཡིན་པས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་དགོས། འཐབ་ལམ་གསར་པ་རུ། ཡན་ཨན་སྙིང་སྟོབས་དེ་ཡུལ་དུས་ལས་བརྒལ་ཞིང་། ལོ་རྒྱུས་ཡུན་རིང་ལྡན་པས་མི་རབས་ནས་མི་རབས་ཀྱི་གུང་ཁྲན་ཏང་མིས་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་པར་སྐུལ་སློང་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པར་བསམ་པའི་སྒུལ་ཤུགས་རྒྱ་ཆེན་པོ་འདོན་སྤྲོད་བྱས།
བརྗིད་ཆགས་ལྡན་པའི་རི་བོ་པའོ་ཐ་ཡིས་ཉམས་པ་མེད་པའི་དད་སེམས་སྲུང་ཡོད་ལ། ལྷུང་ལྷུང་འབབ་པའི་གཙང་བོ་ཡིས་གསར་བརྗེ་ཡི་སྙིང་སྟོབས་རྒྱུན་འཛིན་བྱས། “བདུན་གཅིག”ཐོན་ལ་ཉེ་བའི་སྐབས། མི་མང་པོས་རེ་སྙེག་བྱེད་སའི་ཡན་ཨན་གྱི་གནས་འདི་རུ་སླར་ཡང་རྒྱལ་ཡོངས་ཀྱི་ས་གནས་སོ་སོའི་ལྟ་སྐོར་བ་བསུས། དབྱང་ཅ་ལིན་དང་ཙའོ་ཡོན་སོགས་གསར་བརྗེའི་གནས་རྙིང་དུ། དངོས་པོ་རེ་རེ་དང་ལོ་རྒྱུས་ཀྱི་དཔྱད་ཡིག་ཚན་པ་རེ་རེ་ལས་ཏང་ཀྲུང་དབྱང་གིས་ཡན་ཨན་དུ་ལོ་ངོ་བཅུ་གསུམ་རིང་ལ་དཀའ་སྤྱད་འབད་བརྩོན་བྱས་པའི་འོད་སྟོང་འབར་བའི་ལོ་ཟླ་དེ་དག་གསོན་ཉམས་ལྡན་པའི་སྒོ་ནས་ཡང་བསྐྱར་མངོན།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཡན་ཨན་གྱི་གསར་བརྗེའི་གནས་གཞི་རུ་ཐེངས་མང་པོར་ཕྱག་ཕེབས་གནང་མྱོང་། 2015ལོའི་དཔྱིད་གསར་དུས་ཆེན་གྱི་སྔོན་ལ། ཁོང་ཧྲའན་ཞི་རུ་རྟོག་ཞིབ་གནང་བར་ཕེབས་ནས་ནན་གྱིས་བསྟན་དོན། “གསར་བརྗེ་པ་རྒན་པ་དང་གུང་ཁྲན་ཏང་ཡོན་རྒན་པ་རྣམས་ཀྱིས་ཡན་ཨན་དུས་སྐབས་སུ་བཞག་པའི་སྲོལ་རྒྱུན་བཟང་པོ་དང་སྤྱོད་ཚུལ་བཟང་པོ་ལས་གྲུབ་པའི་ཡན་ཨན་སྙིང་སྟོབས་ནི། ང་ཚོའི་ཏང་གི་བསམ་པའི་རྒྱུ་ནོར་རྩ་ཆེན་ཞིག་ཡིན། 2022ལོར། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་མཇུག་བསྒྲིལ་ནས་གཟའ་འཁོར་གཅིག་མ་འགོར་བར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སླར་ཡང་ཡན་ཨན་དུ་ཕེབས་པ་དང་། སྐབས་ཉི་ཤུ་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའི་སྣེ་ཁྲིད་དེ་གསར་བརྗེའི་གནས་མཆོག་ཏུ་སླེབས་ནས་ནན་གྱིས་བསྟན་དོན། “ཏང་འཛུགས་ཀྱི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་དང་ཡན་ཨན་སྙིང་སྟོབས་དར་སྤེལ་བཏང་སྟེ། ལོ་རྒྱུས་ཀྱི་ཡིད་རྟོན་ཇེ་བརྟན་དང་། ལོ་རྒྱུས་ཀྱི་རང་འགུལ་ཇེ་ཆེ། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་བཅས་བྱས་ཏེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་ལས་བཏོན་པའི་དམིགས་འབེན་ལས་འགན་མངོན་འགྱུར་ཡོང་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས།
སྤྱི་ཁྱབ་ཧྲུའུ་ཅི་ཡིས་ཡན་ཨན་སྙིང་སྟོབས་ལ་རྒྱས་བཤད་གཏིང་ཟབ་དང་དུས་རབས་ཀྱི་འཆར་གཞི་བཀོད་དེ། ཧྲའན་ཞི་ས་ཁུལ་གྱི་འཕེལ་རྒྱས་ལ་རྫོགས་མེད་ཀྱི་སྒུལ་ཤུགས་གསར་པ་བསྩལ། ཁོང་གིས་བསྟན་དོན། “གསར་བརྗེའི་གནས་རྙིང་ཁུལ་དང་གནས་རྙིང་ཁུལ་གྱི་མི་དམངས་ཀྱིས་ང་ཚོའི་ཏང་གིས་འགོ་ཁྲིད་པའི་ཀྲུང་གོའི་གསར་བརྗེ་ལ་བློས་གཏོང་དང་བྱས་རྗེས་གལ་ཆེན་བཞག་ཡོད་པས། ང་ཚོས་དུས་རྟག་ཏུ་དེ་ལ་ཡུན་རིང་གཅེས་སྤྲས་དང་ཡིད་ལ་འཛིན་དགོས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ལས་འགན་སྒྲུབ་སེམས་དང་འགན་འཁྲི་འཁུར་སེམས་ཆེ་རུ་བཏང་སྟེ། གསར་བརྗེའི་གནས་རྙིང་ཁུལ་གྱི་འཕེལ་རྒྱས་དང་གནས་རྙིང་ཁུལ་གྱི་མི་དམངས་ཀྱི་འཚོ་བ་ཇེ་ལེགས་སུ་གཏང་རྒྱུ་དེ་དུས་དང་རྣམ་པ་ཀུན་ཏུ་སེམས་ལ་འཛིན་དགོས་པ་དང་། རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེ་དང་། གནས་རྙིང་ཁུལ་གྱི་འཕེལ་རྒྱས་ཀྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་སྟེ། གནས་རྙིང་ཁུལ་གྱི་མི་དམངས་ཚང་མར་བདེ་ཞིང་སྐྱིད་པའི་འཚོ་བ་རོལ་དུ་འཇུག་དགོས། ཁོང་གིས་ཧྲའན་ཞི་ལ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཁྲོད་དཔའ་ངར་ཆེན་པོས་མདུན་སྐྱོད་དང་དུས་རབས་ཀྱི་སྲོལ་ལྡན་པར་བརྩོན་ལེན་བྱེད་པའི་ཕུགས་འདུན་དང་བློ་སྟོབས་འཛོམས་དགོས་ལ། ནུབ་རྒྱུད་ས་ཁུལ་དུ་དཔེ་སྟོན་གྱི་ནུས་པ་ཧུར་ཐག་གིས་འདོན་སྤེལ་བྱེད་དགོས་པར་ནན་བཅོལ་གནང་།
སྤྱི་ཁྱབ་ཧྲུའུ་ཅི་ཡིས་ཁྲིད་སྟོན་གནང་བའི་ཁ་ཕྱོགས་གཞིར་བཟུང་སྟེ། ཡན་ཨན་སྙིང་སྟོབས་དེ་གནས་རྙིང་ཁུལ་གྱི་མི་དམངས་ཀྱི་ལས་དབང་ལ་ཁ་ལོ་བསྒྱུར་བའི་ལག་ལེན་དངོས་སུ་བསྒྱུར་བཞིན་ཡོད། “བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི”རྩ་བའི་དམིགས་ཡུལ་དེ་ད་ལྟ་ས་སེར་མཐོ་སྒང་གི་ཡུལ་གྲུ་ཀུན་ཏུ་རྩ་བ་བརྟན་པོ་ཚུགས་བཞིན་ཡོད།
ལོ་བཅུ་ལྷག་གི་སྔོན་དུ། ཡན་ཨན་གྲོང་ཁྱེར་ཨན་སའེ་ཆུས་ཀའོ་ཆའོ་གྲོང་རྡལ་གྱི་ནན་ཀོའུ་སྡེ་བ་ནི་དཔེ་མཚོན་གྱི“དཀའ་ཁག་ཅན་གྱི་སྡེ་བ”ཞིག་ཡིན་པས། ཕྱིར་སྐྱོད་དཀའ་བ་དང་། མནའ་མ་ལེན་དཀའ་བ། བྱ་བ་སྒྲུབ་དཀའ་བ་བཅས་ཀྱི“དཀའ་བ་གསུམ”གྱི་དཀའ་ངལ་ལ་འཕྲད་ཡོད། དཀའ་ངལ་དེ་དག་ལ་དམིགས་ནས་སྡེ་བའི་ཏང་ཀྲི་པུའུ་ཡིས་རང་འགུལ་ངང་འགན་འཁྲི་འཁུར་ནས་བེད་མེད་དུ་ལུས་པའི་ས་ཆ་གང་ལེགས་ཀྱིས་བེད་སྤྱོད་བྱས་ཏེ། ཀུ་ཤུའི་ཐོན་ལས་འཕེལ་རྒྱས་སུ་གཏོང་རྒྱུ་དེ་གནས་བབ་ལ་འགྱུར་བ་གཏོང་བའི་འགག་རྩ་བྱས། ད་སྐབས། སྔོན་ཆད་ཀྱི“སྐྱ་ཟད་སྔོ་སྡུག”ཏུ་གྱུར་བའི་དབུལ་ཕོངས་སྡེ་བ་རུ། དེང་རབས་ཅན་གྱི་རི་ཁུལ་ཀུ་ཤུའི་སྡོང་ར་མུའུ་སུམ་སྟོང་ལྷག་བཙུགས་ཏེ། རྒྱུན་མཐུད་ངང་འབབ་འཕར་འབྱུང་བའི་ཕྱུག་འགྱུར་གྱི་ལམ་བུ་ཞིག་བཏོད། སྡེ་མི་ཡོངས་ཀྱི་མི་རེའི་ཆ་སྙོམས་བཀོལ་ཆོག་པའི་ཡོང་འབབ2014ལོའི་སྒོར་བཞི་སྟོང་དྲུག་བརྒྱ་ང་གསུམ་ནས2025ལོའི་སྒོར་ཉིས་ཁྲི་བཞི་སྟོང་ལྔ་བརྒྱ་བར་འཕར།
ནན་ཀོའུ་སྡེ་བའི་སྤུས་ལེགས་ཀུ་ཤུ་ནས་ལའོ་ཁྲོན་གྱི་ཚད་ལྡན་ཤིང་འབྲས་ར་བའི་བར། དེ་ནས་མེ་རྫོང་གི་སྤྲེལ་ཁམ་བར། ད་ལྟ་ཐོན་ཁུངས་ལ་གཞི་ཚུགས་ཏེ་ཁྱད་ལྡན་ཞིང་ལས་སྟོབས་ཆེར་བཏང་བས་ཧྲའན་ཞི་ས་གཞི་ཆེན་མོའི་གྲོང་གསེབ་དར་སྤེལ་གྱི་གསོན་ཉམས་ལྡན་པའི་བསྡུས་གཟུགས་སུ་འགྱུར་བཞིན་ཡོད། ཁྱད་ལྡན་ཐོན་ལས་མུ་ཕྲེང་རེ་རེ་བཞིན་དར་ནས། གནས་རྙིང་ཁུལ་གྱི་མང་ཚོགས་ཀྱི་བརྟན་བརླིང་འབབ་འཕར་གྱི་འདེགས་སྐྱོར་བརྟན་པོར་འགྱུར་བཞིན་ཡོད།
གལ་ཏེ“མི་དམངས་ལ་བདེ་སྐྱིད་བསྐྲུན་པ”ནི་ཡན་ཨན་སྙིང་སྟོབས་ཀྱི་ཐོག་མའི་བསམ་འདུན་ཡིན་ཞེས་བརྗོད་ན། “རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་འཐབ་བྱེད་པ”ནི་ཡན་ཨན་སྙིང་སྟོབས་ཀྱི་ཆེས་གསལ་བའི་རང་མདངས་ཡིན། དུས་རབས་གསར་པར་རང་མདངས་དེ་ཧྲའན་ཞི་ཡི་ཚན་རྩལ་རང་ཚུགས་རང་སྟོབས་ཀྱི་སྟོབས་ཤུགས་བརྟན་པོ་ཞིག་ཏུ་འགྱུར་བཞིན་ཡོད།
ཞི་ཨན་གྱི་འོད་འཕྲུལ་ཞིབ་འཇུག་ཁང་གི་དག་གཙང་ཁང་པའི་ནང་དུ། ཞིབ་འཇུག་གསར་སྤེལ་ཚོགས་པས་ཉིན་མཚན་གྲངས་མེད་ཀྱི་ལི་སྨི་དང་ཧའོ་སྨི་ཚད་གཞིར་བཟུང་ནས་དག་བཅོས་བྱས་པ་བརྒྱུད། རྒྱལ་ནང་གི་སྔོན་ཐོན་གྱི“འོད་གཏོད-2”པར་ཆས་ཀྱི་མདོ་ངོས་ལྷུ་ལག་བདེ་བླག་ངང་མཐུད་སྦྱོར་བྱས་ཏེ། “བར་སྣང་ལྟ་བ་རྒྱང་མཐོང”ཞེས་པའི་ལག་རྩལ་གྱི་དམིགས་ཚད་མང་པོ་རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་དུ་སླེབས་སུ་བཅུག་ཡོད། གོ་ལ་ཧྲིལ་པོའི་ཚོང་སྤྱོད་རླངས་འཁོར་གྱི་མྱུར་ཚད་སྒྱུར་ཆས་ཆེ་ཤོས་ཀྱི་ཐོན་སྐྱེད་རྟེན་གཞི་སྟེ། ཧྥ་ཧྲི་ཁྱད་མཐོ་རིག་ལྡན་བཟོ་གྲྭ་རུ། བསྟུད་མར་དུས་ཚོད་དྲུག་རིང་གི“མི་མེད་ཐོན་སྐྱེད”ཚད་མཐོའི་རང་འགུལ་ཅན་གྱིས་ཐོན་སྐྱེད་ལས་ཆོད་བརྒྱ་ཆའི་བདུན་ཅུ་ཡན་ཇེ་མཐོར་བཏང་བ་མ་ཟད། ཀྲུང་གོའི་ཚོང་སྤྱོད་རླངས་འཁོར་འཛམ་གླིང་དུ་འཁོར་རྒྱུག་བྱེད་པར་འདེགས་སྐྱོར་གྱི་རྨང་གཞི་བརྟན་པོ་བཏིངས།
“0ནས1”གི་གསར་གཏོད་རང་བཞིན་གྱི་ཐོད་བརྒལ་ནས། སྲོལ་རྒྱུན་གྱི་བཟོ་སྐྲུན་ལས་རིགས“རིག་ནུས་བཟོ་སྐྲུན”ལ་ཕྱོགས་པའི་མཆོང་སྐྱོད་བར། ཧྲའན་ཞི་ཡིས་གྲངས་རིག་ལ་བརྟེན་ནས་ནུས་སྩོལ་དང་ལྗང་མདོག་སྣེ་ཁྲིད་བྱས་ཏེ། རང་སྟོབས་རང་སྤེལ་གྱི་བསམ་པའི་གནས་ཚད་དེ་རྒྱུན་ཆད་མེད་པར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གསོན་ཉམས་ལྡན་པའི་ལག་ལེན་དུ་བསྒྱུར་བཞིན་ཡོད།
ཐོག་མའི་དམ་བཅའ་བརྟན་པ་དང་ལེའུ་གསར་པ་ཡང་བསྐྱར་རྩོམ། ལོ་རྒྱུས་ཀྱི་འགོ་རྩོམ་ས་གསར་པ་རུ། ཀྲུང་ཧྭའི་བུ་དང་བུ་མོ་ཡོངས་ཀྱིས་གསར་བརྗེའི་གཞི་རྒྱུ་རྒྱུན་མི་ཆད་པར་རྒྱུན་འཛིན་དང་། འབད་འཐབ་སྙིང་སྟོབས་ཆེར་སྐྱེད་བྱེད་བཞིན་ཡོད་ཅིང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་བརྗིད་ཆེའི་འཐབ་ལམ་གསར་བ་རུ། རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་ལེའུ་གསར་པ་འབད་པས་འབྲི་བཞིན་ཡོད།