ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་བསྡུས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ6པའི་ཚེས18ཉིན།   ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝུའུ་ཞའོ་ཅུན་གྱིས་འགོ་འཛིན་བྱས་ཏེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ནས་ཀྲུང་དབྱང་གི་འབྲེལ་ཡོད་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་།    འབྲེལ་ཡོད་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས།

གྲོས་ཚོགས་ལས་རྒྱལ་ཡོངས་ཏང་འཛུགས་བྱ་བའི་བཞུགས་མོལ་ཚོགས་འདུའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས།   གྲོས་ཚོགས་ལས་ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ།    དུས་རབས་གསར་པའི་ཏང་གི་འཛུགས་སྐྲུན་ལ་ཤུགས་སྣོན་པའི་རྩ་བའི་བསྲུང་བྱའང་ཡིན་པས།  མ་རྩོམ་ཀློག་པ་དང་མ་ཡིག་སློབ་པ།   རྩ་བའི་རིག་པ་རྟོགས་པར་བྱེད་པ་བཅས་རྒྱུན་འཁྱོངས་བྱས་ནས་རིམ་པ་སོ་སོའི་ཏང་ཡོན་ལས་བྱེད་པ་རྣམས་ཀྱིས་ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པའི་དོན་སྙིང་གཙོ་བོ་དང་ཕུན་སུམ་ཚོགས་པའི་ནང་དོན།   ལག་ལེན་གྱི་བླང་བྱ་བཅས་ཡང་དག་པར་ཁོང་དུ་ཆུད་པར་ཁྲིད་སྟོན་བྱེད་དགོས།   ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པའི་མ་ལག་ཅན་དང་རིགས་ལམ་ཅན་གྱི་ཞིབ་འཇུག་འཆད་འགྲེལ་བྱ་བ་ལེགས་པོར་བསྒྲུབ་ནས་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པར་སྐུལ་འདེད་གཏོང་དགོས།   རང་རྟོགས་སྒོས་ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་སྤྱད་དེ་ཏང་གི་འཛུགས་སྐྲུན་ལ་ཇུས་འགོད་དང་སྐུལ་འདེད་གཏོང་དགོས་པ་དང་།   ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་ཆབ་སྲིད་ལས་འགན་དམ་འཛིན་ནན་མོ་བྱས་ཏེ་ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་མཚོ་སྔོན་དུ་དོན་འཁྱོལ་ནན་མོ་བྱེད་པར་འགན་སྲུང་བྱེད་དགོས་ཞེས་བསྟན།

གྲོས་ཚོགས་ལས་ཙུང་ལི་གཞོན་པ་ཀྲང་གོ་ཆིན་གྱིས་མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་དགོངས་དོན་དོན་འཁྱོལ་ནན་མོ་བྱས་ནས་བདེན་འཚོལ་དངོས་གཉེར་སྒོས་བྱ་བ་སོ་སོ་དམ་འཛིན་ལེགས་པོ་བྱེད་དགོས།   བློ་བརྟན་འགྱུར་མེད་སྒོས་ཀྲུང་ཧྭའི་ཆུ་གཏེར་གྱི་སྲུང་སྐྱོང་པ་བཟང་བོ་བྱེད་པ་དང་།    ཐཱན་ཇེ་དམར་གཏོང་བ་དང་འབག་བཙོག་ཇེ་ཉུང་དུ་གཏོང་བ།   ལྗང་མདོག་རྒྱ་བསྐྱེད་པ།    འཕར་སྣོན་ཡོང་བ་བཅས་ལ་མཐུན་སྦྱོར་སྒོས་སྐུལ་འདེད་བཏང་སྟེ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་ཡོངས་ལྗང་མདོག་ཚུལ་སྒྱུར་ལ་སྐུལ་འདེད་གཏོང་དགོས།  ཚྭ་མཚོའི་ཐོན་ལས་ཀྱི་སྤུས་འདེགས་ནུས་སྤེལ་ལ་མགྱོགས་མྱུར་སྒོས་སྐུལ་འདེད་གཏོང་བ་དང་།   ཚྭ་མཚོ་དང་ཐོན་ལས་མཉམ་བསྲེས་འཕེལ་རྒྱས་ལེགས་པོ་གཏོང་བ།   ཐོན་ལས་མུ་ཕྲེང་གི་སྟོད་སྨད་རྒྱུད་གཅིག་སྡུད་ལ་ཁྲིད་སྟོན་བྱེད་པ།    ཚྭ་མཚོའི་ཐོན་ཁུངས་ཀྱི་ཁྲག་ཁྲིག་རིམ་པའི་ཐོན་ལས་ཁྱུ་ཚོགས་སྟོབས་ཆེར་གཏོང་བ་བཅས་བྱས་ཏེ་འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་བསྐྲུན་པའི་རྒྱུགས་ལན་ལེགས་པོ་སྤྲོད་དགོས།   འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་འདོམས་ལེགས་པོ་བྱེད་པ་དང་རང་བྱུང་གནོད་འཚེ་སྔོན་འགོག་དང་ཁ་གཏད་འཇལ་བའི་ནུས་པ་ཤུགས་ཆེན་པོས་ཇེ་ཆེར་གཏོང་བ།   གནོད་འགོག་གནོད་སེལ་གནོད་སྐྱོབ་བྱ་བ་ལེགས་པོར་བསྒྲུབ་པ་བཅས་བྱས་ནས་བདེ་འཇགས་འཕེལ་རྒྱས་ཀྱི་ཚད་མཐའ་བརྟན་པོར་སྲུང་དགོས་ཞེས་ནན་གྱིས་བསྟན།

གྲོས་ཚོགས་ལས་མཚོ་ནུབ་ཁུལ་ཚྭ་འདམ་ཆེ་བའི་ཚད་རིམ་དྲུག་དང་གྲངས་ཆུང་གསུམ་གྱི་ས་ཡོམ་བྱུང་རྗེས།   ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འགོ་ཁྲིད་སྟོབས་ལྡན་འོག    ཡོམ་འགོག་རྒུད་སྐྱོབ་ཐད་དུས་རིམ་རང་བཞིན་གྱི་གྲུབ་འབྲས་བླངས་ཡོད།  མིག་སྔར།   ས་ཡོམ་གནས་ཚུལ་བརྟན་བརླིང་ཡིན་པ་དང་།  ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་དང་གཙོ་གཞིའི་འགན་འཁྲི་ཁག་ཁུར་བཟང་བོ་བྱས་ནས་ཡོམ་འགོག་རྒུད་སྐྱོབ་བྱ་བ་དེ་སྲུང་སྐྱོང་གཉིས་ལག་བསྟར་བྱེད་པའི་ཞིབ་དཔྱད་གལ་ཆེན་དང་།  སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་ལག་ལེན་བླང་བྱར་བརྩིས་ནས་གནམ་གཤིས་ངན་པར་ཁ་གཏད་འཇལ་བ་དང་ཞོར་ཐོན་གནོད་འཚེ་སྔོན་འགོག་བྱེད་པ།    བདེ་འགོད་ཉེན་གཡོལ་བྱེད་ས་བཀོད་སྒྲིག་དང་ཐོན་སྐྱེད་འཚོ་བ་སླར་གསོ་བྱེད་པ།    ཡོམ་འགོག་རྒུད་སྐྱོབ་ཐད་རྒྱལ་ཁ་ལེན་པ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་བྱ་བར་གཅིག་འདོམས་བྱས་ཏེ་སྟོབས་ཤུགས་ཡོད་རྒུས་ཏང་ཀྲུང་དབྱང་སེམས་བདེ་བ་དང་མི་དམངས་མང་ཚོགས་ཡིད་ཚིམ་པའི་རྒྱུགས་ལན་ལེགས་པོ་སྤྲོད་དགོས་ཞེས་བསྟན།

གྲོས་ཚོགས་ལས་སྐོར་གཅིག་ཅན་དྲུག་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་བ་དེ་སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོའི་ནང་དོན་གལ་ཆེན་དུ་བརྩིས་ཏེ། མཁྲེགས་གཏོར་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་རིགས་བགར་ཇུས་བསྟར་རྒྱུན་འཁྱོངས་བྱེད་པ།   གནད་དོན་ཐག་གཅོད་ལེགས་པོ་བྱེད་རྒྱུ་དམིགས་འབེན་དུ་བྱས་ནས་བདེན་འཛིན་དངོས་སྒྲུབ་དང་སྐུལ་འདེད་ནན་མོ་གཏོང་དགོས་པ་དང་།    སྲིད་ཇུས་དང་མ་དངུལ་སོགས་རྒྱུ་རྐྱེན་གཙོ་བོའི་འགན་སྲུང་ལ་ཤུགས་སྣོན་པ།   དཀའ་གནད་མཁྲེགས་གཏོར་ཐད་ཐོད་བརྒལ་གསར་བ་ཡོད་པ་བཅས་བྱས་ཏེ་མི་དམངས་ཡིད་ཚིམ་ཚད་ལ་བརྟེན་ནས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་ལ་ཞིབ་དཔྱད་བྱེད་དགོས་ཞེས་ནན་གྱིས་བསྟན།

གྲོས་ཚོགས་ལས་ད་རུང་འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།