མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིང་གིས་འཕྲལ་དུ་སྒོར་བྱེ་བ་གཅིག་བཏང་ནས་གནོད་ཐེབས་ས་ཁུལ་གྱི་ཡོམ་འགོག་རྒུད་སྐྱོབ་བྱ་བར་རྒྱབ་སྐྱོར་དང་འགན་སྲུང་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་སྟེ། མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིང་གིས་མཚོ་ནུབ་ཁུལ་གྱི་ཡོམ་འགོག་རྒུད་སྐྱོབ་ཁ་གསབ་མ་དངུལ་སྒོར་བྱེ་བ་གཅིག་འཕྲལ་དུ་གཤམ་སྤྲོད་བྱས་ནས། གནོད་འཚེ་ཕོག་ཁུལ་གྱི་གནོད་འཚེ་རོགས་སྐྱོབ་ལས་དོན་ལ་སྤྱི་འདོམས་ཐོག་སྤྱོད་རྒྱུ་དང་། གནོད་འཚེ་ཕོག་པའི་མི་སྣ་འཚོལ་སྐྱོབ་དང་གནས་སྤོ་བདེ་འགོད།  དངོས་ཟོག་གསོག་འཇོག གནོད་འཚེ་ལེབ་བཤེར། རྨང་གཞིའི་སྒྲིག་བཀོད་མྱུར་མོར་སླར་གསོ།  ས་གཤིས་གནོད་འཚེ་ལྟ་ཞིབ་ཚད་ལེན་དང་སྔོན་ཚུད་ཉེན་བརྡ་གཏོང་བ་སོགས་ཀྱི་ལས་དོན་གཙོ་གནད་དུ་བཟུང་ནས་བཀོལ་རྒྱུ་ཡིན་པར་མ་ཟད། ནུས་ཤུགས་ཡོད་རྒུས་གནོད་འཚེ་ཕོག་པའི་ས་ཁུལ་གྱི་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་བྱ་རྒྱུ་ཡིན། 

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།