ཟླ6པའི་ཚེས16ཉིན། ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུའུ་རེན་གྲོས་ཚོགས་ཐེངས་རེ་བརྒྱད་པ་བསྡུས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རེན་གཞོན་པ་དབྱང་ཧྥེང་ཁྲུན་གྱིས་འགོ་འཛིན་བྱས། ཀྲང་ཧོང་ཡོན། ཝང་ཅིན་ཀྲའེ། ཁྲེན་ཏུང་ཁྲང་བཅས་གྲོས་ཚོགས་ལ་ཞུགས།
གྲོས་ཚོགས་ལས་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་གསུམ་པའི་གྲོས་གཞིའི་གྲོས་དོན་དང་ཚོགས་འདུའི་དུས་ཚོད་སྐོར་གྱི་སྙན་ཞུར་ཉན་པ་དང་། 《མཚོ་སྔོན་ཞིང་ཆེན་གྱི་བརླན་ས་སྲུང་སྐྱོབ་སྲོལ་ཡིག་བཟོ་བཅོའ་འཆར་ཟིན》དང《མཚོ་སྔོན་ཞིང་ཆེན་གྱིས〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཟོ་ཚོགས་བཅའ་ཁྲིམས〉བྱེད་ཐབས་ལག་བསྟར་བཟོ་བཅོས་འཆར་ཟིན》གྱི་རྩིས་བཤེར་བྱ་བའི་གྲ་སྒྲིག་གནས་ཚུལ་སྐོར་གྱི་སྙན་ཞུར་ཉན། 《མཚོ་སྔོན་ཞིང་ཆེན་གྱི་དམངས་གཉེར་དཔལ་འབྱོར་སྐུལ་སྤེལ་སྲོལ་ཡིག་གི་འཆར་ཟིན》དང《མཚོ་སྔོན་ཞིང་ཆེན་གྱི་སྐུད་མེད་གློག་དོ་དམ་སྲོལ་ཡིག་གི་འཆར་ཟིན།》 《མཚོ་སྔོན་ཞིང་ཆེན་གྱི་སྤྱི་པའི་རིག་གནས་ཞུབས་ཞུའི་འགན་སྲུང་སྲོལ་ཡིག་གི་འཆར་ཟིན》དང《མཚོ་སྔོན་ཞིང་ཆེན་གྱིས〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་དང་ས་གནས་རིམ་པ་སོ་སོའི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་འཐུས་མིའི་བཅའ་ཁྲིམས〉བྱེད་ཐབས་བཟོ་བཅོས་འཆར་ཟིན་ལག་བསྟར་བྱེད་པ།》《མཚོ་སྔོན་ཞིང་ཆེན་གྱི་ལས་ཁུངས་ལས་དོན་དོ་དམ་སྲོལ་ཡིག་གི་འཆར་ཟིན》སྐོར་གྱི་གྲ་སྒྲིག་གནས་ཚུལ་སྙན་ཞུ་ཕུལ་བར་ཉན། 《མཚོ་སྔོན་ཞིང་ཆེན་གྱི་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་འཐུས་མི་ཁ་ཤས་ཀྱི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་སྐོར་གྱི་སྙན་ཞུའི》གྲ་སྒྲིག་བྱས་ཚུལ་སྐོར་གྱི་སྙན་ཞུར་ཉན། ཀྲུའུ་རེན་གྲོས་ཚོགས་ལས་གོང་གསལ་གྱི་གྲོས་དོན་ཁག་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཀྱི་གྲོས་དོན་ཁྲོད་འཇོག་རྒྱུར་འཐད་པ་བྱུང་།
གྲོས་ཚོགས་ལས《ཟི་ལིང་གྲོང་ཁྱེར་གྱི་ཞུ་གཏུག་ཡོད་ན་དུས་ལྟར་སྒྲུབ་པའི་སྲོལ་ཡིག》དང《མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་བོད་སྐད་ཡིག་གི་ལས་དོན་བཟོ་བཅོས་སྲོལ་ཡིག》《མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་ཆུ་མཛོད་ཁུལ་དོ་དམ་སྲོལ་ཡིག》《མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་མཁར་གྲོང་གཅིག་སྡུས་དྲོད་འདོན་སྲོལ་ཡིག》《མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་ས་ཁོངས་ཧྲིལ་བོར་སྙིགས་མེད་དོ་དམ་སྲོལ་ཡིག》བཅས་ལ་ཞིབ་བཤེར་བྱེད་པའི་སྐོར་གྱི་གྲ་སྒྲིག་བྱས་ཚུལ་གྱི་སྙན་ཞུར་ཉན། 《མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི2026ལོའི་ལོ་སྟོད་ཀྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞི་ལག་བསྟར་བྱས་ཚུལ་གྱི་སྙན་ཞུ།》དང《མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི2026ལོའི་ལོ་སྟོད་ཀྱི་སྔོན་རྩིས་ལག་བསྟར་བྱས་ཚུལ་གྱི་སྙན་ཞུ》 《མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི2025ལོའི་ཞིང་ཆེན་རིམ་པའི་ནོར་སྲིད་ངེས་རྩིས་འཆར་ཟིན་སྐོར་གྱི་སྙན་ཞུ།》《མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི2025ལོའི་ཞིང་ཆེན་རིམ་པའི་སྔོན་རྩིས་ལག་བསྟར་དང་ནོར་སྲིད་གཏོང་ཡོང་གཞན་པའི་རྩིས་བཤེར་བྱ་བའི་སྙན་ཞུ།》《མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི2026ལོའི་ས་གནས་སྲིད་གཞུང་གི་བུན་འཛིན་སྟེར་བ་དང་གཏོང་ཡོང་སྔོན་རྩིས་འོས་འཚམ་ལེགས་སྒྲིག་སྐོར་གྱི་སྙན་ཞུ།》《མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་སྐྱེ་ཁམས་ཁོར་ཡུག་ཞིབ་བཤེར་བྱས་ཚུལ་སྐོར་གྱི་སྙན་ཞུ》བཅས་ལ་གྲོས་ཞིབ་བྱེད་པའི་གྲ་སྒྲིག་གནས་ཚུལ་གྱི་སྙན་ཞུ་ལ་ཉན་ཞིང་། མི་དོན་བསྐོ་འཐེན་ཚན་པའི་སྐོར་གྱི་གྲ་སྒྲིག་བྱས་ཚུལ་གྱི་སྙན་ཞུར་ཉན། ཀྲུའུ་རེན་གྲོས་ཚོགས་ལས་གོང་གསལ་གྱི་གྲོས་དོན་ཁག་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཀྱི་གྲོས་དོན་ཁྲོད་འཇོག་རྒྱུར་འཐད་པ་བྱུང་།
གྲོས་ཚོགས་ལས་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི《མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཞིང་ཆེན་ཡོངས་ཀྱི་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོའི་བྱ་བའི་གནས་ཚུལ་གྱི་སྙན་ཞུ》དང《མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི2025ལོའི་ལོ་ཧྲིལ་བོའི་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གནས་བབ་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་དམིགས་འབེན་ལེགས་འགྲུབ་བྱས་ཚུལ་སྐོར་གྱི་སྙན་ཞུ》ལ་གྲོས་ཞིབ་བྱས་པའི་བསམ་ཚུལ་སྐོར་གྱི་སྙན་ཞུར་ཉན། ཀྲུའུ་རེན་གྲོས་ཚོགས་ལས་གོང་གསལ་གྱི་སྙན་ཞུ་ཁག་ལ་འཐད་པ་བྱུང་།
གྲོས་ཚོགས་ལས《མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཞིང་ཆེན་ཡོངས་ཀྱི་དབང་བོ་སྐྱོན་ཅན་གྱི་ཁེ་དབང་འགན་སྲུང་གནས་ཚུལ་ཐད་ཆེད་དོན་འདྲི་ཞིབ་ལས་དོན་སྤེལ་བའི་ཇུས་གཞིའི》ནང་དོན་གཙོ་བོ་དང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཞི་རིམ་ཁྲིམས་འཛུགས་འབྲེལ་གཏུག་ས་གནས་ཀྱི་བྱ་བའི་གནས་ཚུལ། 《མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཞི་རིམ་ཁྲིམས་འཛུགས་འབྲེལ་གཏུག་ས་གནས་ཀྱི་བྱ་བའི་གཏན་འབེབས》དང《མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛུགས་དཔྱད་འཇོག་བྱ་བའི་ཚད་གཞི》བཟོ་བཅོས་བྱེད་པའི་སྐོར་གྱི་སྙན་ཞུར་ཉན་ལ། 《མཚོ་སྔོན་ཞིང་ཆེན་གྱི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚད་ལྡན་ཡིག་ཆ་ཐོ་འགོད་སྙན་སེང་ཞིབ་བཤེར་ཁྲིད་སྟོན་འཆར་ཟིན》སྐོར་གྱི་གསལ་བཤད་ལ་ཉན། ཀྲུའུ་རེན་གྲོས་ཚོགས་ལས་གོང་གསལ་གྱི་སྙན་ཞུ་དང་གསལ་བཤད་ལ་འཐད་པ་བྱུང་།