ཀྲུང་གོའི་ས་ཡོམ་ཁང་དྲ་བས་དངོས་སུ་ཚད་འཇལ་གཏན་འཁེལ་བྱས་པ་ལྟར་ན། ཟླ6ཚེས16ཉིན་གྱི་ཆུ་ཚོད17སྐར་མ6གི་སྟེང་དུ་མཚོ་སྔོན་མཚོ་ནུབ་ཁུལ་ཐད་གཏོགས་ཆུས་སུ་རིམ་པ6.3ཅན་གྱི་ས་ཡོམ་བྱུང་། ས་ཡོམ་གྱི་གཏིང་ཚད་ལེ་དབར10ཡོད་པ་དང་། ཡོམ་ཁུངས་བྱང་གི་འཕྲེད་ཐིག་ཏུའུ37.80དང་ཤར་གྱི་གཞུང་ཐིག་ཏུའུ95.56ན་ཡོད།
ཐེངས་འདིའི་ས་ཡོམ་བྱུང་ས་ནས་ལེ་དབར་ལྔ་ཚུན་དུ་ཏ་ཐི་དབྱང་སྡེ་བ(大头羊沟)དང་། ལེ་དབར20ཚུན་དུ་ཚྭ་འདམ་ཆེ་བ་གྲོང་རྡལ་ཡོད། ཡོམ་ཁུངས་དང་ཚྭ་འདམ་ཆེ་བའི་སྲིད་འཛིན་ཨུ་ཡོན་ལྷན་ཁང་བར་དུ་ལེ་དབར18དང་། ན་གོར་མོ་གྲོང་ཁྱེར་བར་ལེ་དབར165། གཏེར་ལེན་ཁ་གྲོང་ཁྱེར་བར་ལེ་དབར166། ཀན་སུའུ་བྱང་ངོས་སོག་རིགས་རང་སྐྱོང་རྫོང་བར་ལེ་དབར200། ཨ་ཁེ་སའེ་ཧ་སག་རིགས་རང་སྐྱོང་རྫོང་བར་ལེ་དབར230། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་བར་ལེ་དབར160། ཟི་ལིང་གྲོང་ཁྱེར་བར་ལེ་དབར567བཅས་ཡོད། ཡོམ་ཁུངས་ནས་ལེ་དབར5ཁོངས་ཀྱི་ཆ་སྙོམས་མཚོ་འཕགས་ཧ་ལམ་སྨི4272རེད།

