ཟླ6པའི་ཚེས15ཉིན་ནས་ཚེས16ཉིན་བར། མཚོ་སྔོན་ཞིང་ཆེན་གྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས》སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བཅས་ཀྱི་ཆེད་དོན་གསོ་སྦྱོང་འཛིན་གྲྭ་དེ་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་ནས་དངོས་སུ་འཚོགས་འགོ་བརྩམས། ཞིང་ཆེན་དང་གྲོང་ཁྱེར། རྫོང་བཅས་རིམ་པ་གསུམ་གྱི་འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་ལུགས་ལས་དོན་སྡེ་ཁག་གི་འགན་ཁུར་བློ་མཐུན་གཙོ་བོ་དང་། ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ། ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ལས་སྒོ་ཁྲུའུ་དང་ཁང་སོ་སོའི་འགན་ཁུར་མི་སྣ། དེ་མིན་ཞིང་ཆེན་ཏང་ཨུའི་སྒྲོག་བཤད་ཚོགས་པའི་ཁོངས་མི་ཁ་ཤས་བཅས་གསོ་སྦྱོང་ལ་ཞུགས། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་པད་གོ་འགོ་རྩོམ་མཛད་སྒོར་ཞུགས་པ་མ་ཟད་སློབ་ཁྲིད་བྱས།
ཐེངས་འདིའི་གསོ་སྦྱོང་འཛིན་གྲྭས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་དོན་ཐོག་ཏུ་འཁྱོལ་བའི་ལྟེ་བའི་ལས་འགན་ལ་དམ་པོར་དམིགས་པ་དང་། མ་ལག་ཅན་དང་ཆེད་དོན་ཅན་གྱི་གཅིག་བསྡུས་སློབ་ཁྲིད་རྣམ་པས་སློབ་ཁྲིད་བྱས་ནས། ཞིང་ཆེན་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་ལུགས་ལས་དོན་སྡེ་ཁག་གི་ལས་བྱེད་པས་ཁྲིམས་འཛུགས་ཀྱི་རྒྱབ་ལྗོངས་དང་དོན་སྙིང་གལ་ཆེན། དོན་ཚན་གཙོ་བོ། ལག་ལེན་བླང་བྱ་བཅས་ལ་གོ་བ་གཏིང་ཟབ་ལེན་པར་སློབ་གསོ་དང་ཁྲིད་སྟོན་བྱས། གསོ་སྦྱོང་སྟེང་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་སྒྲོག་བཤད་ཚོགས་པའི་ཁོངས་མི། ཀྲུང་དབྱང་མི་རིགས་ལས་བྱེད་པའི་སློབ་གླིང་གི་ཆེད་མཁས་དགེ་རྒན་ཆེན་མོ་ཆེད་དུ་གདན་ཞུ་ཞུས་ཏེ། བཅའ་ཁྲིམས་དོན་ཚན་དང་། ཁྲིམས་འཛུགས་ཁྱད་ཆོས་དང་རིན་ཐང་བཅས་ལ་དམིགས་ནས་ཆེད་དོན་འགྲེལ་ཀློག་བྱས་པ་དང་། གསོ་སྦྱོང་ལ་ཞུགས་པའི་སློབ་མའི་ཁྲིམས་སྐྱོང་གཞུང་ལུགས་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་བར་རོགས་རམ་བྱས།
སློབ་མ་རྣམས་ཀྱིས་གཅིག་རྗེས་གཉིས་མཐུད་སྒོས་བསྟན་དོན། གསོ་སྦྱོང་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་ཀྱི་དངོས་ཡོད་དོན་སྙིང་གལ་ཆེན་ལ་སྔར་ལས་རྒྱུས་ལོན་ཟབ་མོ་བྱུང་། མཚོ་སྔོན་འདི་ཉིད་ཞིན་ཅང་དང་བོད་ལྗོངས་གཏན་འཇགས་ཀྱི་འཐབ་ཇུས་གཙོ་གནས་ཡིན་པས། མི་རིགས་བྱ་བའི་ལས་འགན་དམིགས་བསལ་ཡིན་ཞིང་འགན་འཁྲི་ཧ་ཅང་ལྕི། འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་ལུགས་ལས་དོན་འཐབ་ཕྱོགས་ཀྱི་ལས་བྱེད་པ་ཡིན་པའི་ཆ་ནས། སྔོན་ལ་བསླབས་ནས་གོ་བ་ཟབ་མོ་ལེན་པ་དང་། སློབ་སྦྱོང་བྱས་ནས་ཤེས་རྟོགས་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་ཀྱི་དབུ་བཞུགས་སྒྲོག་བཤད་པ་ཡག་པོ་ཞིག་ཏུ་འགྱུར་བར་བརྩོན་དགོས། མཚོ་སྔོན་གྱིས་ཚད་གཞི་མཐོན་པོས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་དཔེ་སྟོན་ཞིང་ཆེན་འཛུགས་པའི་དམིགས་འབེན་ལས་འགན་ལ་དམ་པོར་དམིགས་ནས། གསོ་སྦྱོང་ལས་བསླབས་པའི་ཤེས་བྱ་དག་ལས་སྒྲུབ་ལས་གཏོད་ཀྱི་དངོས་ཡོད་ཕན་འབྲས་སུ་བསྒྱུར་བ་དང་། ཞིང་ཆེན་ཡོངས་ཀྱི་མི་རིགས་ལས་དོན་དེ་སྲིད་ཇུས་ཀྱི་སྐུལ་འདེད་ནས་ཁྲིམས་སྐྱོང་གི་སྣེ་ཁྲིད་དང་། ལམ་ལུགས་ཀྱི་འགན་སྲུང་། ཡུན་ཕན་འཁོར་རྒྱུག་བཅས་སུ་འགྱུར་བར་སྐུལ་འདེད་གཏོང་དགོས།