ཀྲུང་གོ་ས་ཡོམ་དྲ་བས་དངོས་སུ་ཚད་འཇལ་གཏན་འཁེལ་བྱས་པ་ལྟར་ན། ཟླ6པའི་ཚེས16ཉིན་གྱི་ཆུ་ཚོད17དང་སྐར་མ6གི་ཐོག མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་གྱི་ཐད་གཏོགས་ས་ཁུལ་དུ་ཚད་རིམ6.3གྱི་ས་ཡོམ་བྱུང་། ཡོམ་ཁུངས་གཏིང་ཚད་སྤྱི་ལེ10ཟིན་པ་དང་ཡོམ་ལྟེ་འཕྲེད་ཐིག་བྱང་མའི་ཏུའུ37.80དང་ཤར་གྱི་གཞུང་ཐིག་ཏུའུ95.56ལ་གནས་ཡོད།




