མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་གྱི་ཐད་གཏོགས་ས་ཁུལ་དུ་ཚད་རིམ6.3གྱི་ས་ཡོམ་བྱུང་།
རྒྱལ་སྲིད་སྤྱི་ཁྱབ་ཁང་ཡོམ་འགོག་རྒུད་སྐྱོབ་བཀོད་འདོམས་པུའུ་གཞུང་སྒྲུབ་ཁང་དང་། འཕྲལ་བསྟུན་དོ་དམ་པུའུ་ཡིས་རྒྱལ་ཁབ་ཀྱི་ས་ཡོམ་གནོད་འཚེའི་རིམ་པ་བཞི་པའི་འཕྲལ་བསྟུན་བྱེད་ཐབས་སྤྱོད་མགོ་ཚུགས།
ལས་དོན་ཚོགས་ཆུང་ཡོམ་ཁུལ་དུ་ཡོམ་འགོག་རྒུད་སྐྱོབ་བྱ་བར་མཛུབ་ཁྲིད་བྱེད་པར་མངགས།
ཀྲུང་གོ་ས་ཡོམ་དྲ་བས་ཚད་འཇལ་གཏན་འཁེལ་བྱས་པ་ལྟར་ན། ཟླ6པའི་ཚེས16ཉིན་གྱི་ཆུ་ཚོད17དང་སྐར་མ06གི་སྟེང་། མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་ཐད་གཏོགས་ས་ཁུལ(འཕྲེད་ཐིག་བྱང་མའི་ཏུའུ37.80དང་ཤར་གྱི་གཞུང་ཐིག་ཏུའུ95.56)དུ་ཚད་རིམ6.3གྱི་ས་ཡོམ་བྱུང་། ཡོམ་ཁུངས་ཀྱི་གཏིང་ཚད་ལ་སྤྱི་ལེ10ཡོད།
ས་ཡོམ་བྱུང་རྗེས། འཕྲལ་བསྟུན་དོ་དམ་པུའུ་ཡི་པུའུ་ཀྲང་ཀྲང་ཁྲེང་ཀྲུང་གིས་མྱུར་དུ་བཀོད་སྒྲིག་བྱས་ཏེ། བཀོད་འདོམས་མཛུབ་སྟོན་ལ་ཤུགས་སྣོན་དང་གནོད་ཐེབས་ཁུལ་དུ་སྟོབས་ཤུགས་བཏོན་ནས། ཉེན་ཁར་ཚུད་པའི་མི་སྣ་ནུས་ཤུགས་ཡོད་རྒུས་འཚོལ་སྐྱོབ་བྱེད་པ་དང་། དངོས་ཟོག་གཏོང་སྤྲོད་བྱས་ནས་གནོད་ཐེབས་མང་ཚོགས་ཀྱི་རོགས་སྐྱོབ་བཀོད་སྒྲིག་བྱ་བ་ལེགས་པོར་བསྒྲུབ་པ། ས་ཡོམ་གྱི་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་དང་རྗེས་འདེད་བརྡར་གཅོད་ལ་ཤུགས་སྣོན་པ། གནས་སྡོད་ཀྱི་པུའུ་མགོ་ཁྲིད་ཀྱིས་རོགས་སྐྱོབ་ཐག་གཅོད་བྱ་བར་རྒྱུན་མཐུད་ངང་བཀོད་འདོམས་མཛུབ་སྟོན་བྱ་དགོས་པའི་བླང་བྱ་བཏོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཡོམ་འགོག་རྒུད་སྐྱོབ་བཀོད་འདོམས་པུའུ་གཞུང་སྒྲུབ་ཁང་དང་། འཕྲལ་བསྟུན་དོ་དམ་པུའུ་ཡིས་རྒྱལ་ཁབ་ཀྱི་ས་ཡོམ་གནོད་འཚེའི་རིམ་པ་བཞི་པའི་འཕྲལ་བསྟུན་བྱེད་ཐབས་སྤྱད་དེ། ལས་དོན་ཚོགས་ཆུང་ས་གནས་དེ་གར་མཛུབ་ཁྲིད་དང་ཐག་གཅོད་བྱེད་པར་མངགས།
རྒྱལ་ཁབ་ཀྱི་ཕྱོགས་བསྡུས་རང་བཞིན་མེ་ཟོན་རོགས་སྐྱོབ་རུ་དཔུང་གིས་རོགས་སྐྱོབ་རླངས་འཁོར78དང་མི320། འཚོལ་སྐྱོབ་ཁྱི10ཡུལ་དངོས་སུ་རོགས་སྐྱོབ་བྱེད་པར་བསྐྱོད་ཟིན།